མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་རྣམ་གྲངས་གལ་ཆེན་ལག་བསྟར་བྱ་རྒྱུར་རོགས་རམ་བྱེད་ཆེད། ཟི་ལིང་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་མ་ལག་ནང་གི་ལས་སྒོའི་རྐང་འཛིན་དང་རིགས་གཅིག་མཁས་ཅན་16བདམས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་རྒྱུ་རྐྱེན་འགན་ལེན་ཞབས་ཞུའི་ཚོགས་པ་བཙུགས་པ་རེད། ཚོགས་པ་དེས་ཞིང་ཆེན་དང་གྲོང་ཁྱེར་གྱི་རྣམ་གྲངས་གལ་ཆེན་གྱི་གནས་ཚུལ་གཞིར་བཟུང་ཁྱབ་ཁོངས་དབྱེ་ནས་སྔོན་ལ་ཞུགས་པའི་ཞབས་ཞུ་སྤེལ་བ་དང་། གཙོ་གནད་རྣམ་གྲངས་ཀྱི་ཁོར་ཡུག་སྲུང་སྐྱོང་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ཞབས་ཞུའི་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པར་བྱས་ཏེ་རྣམ་གྲངས་སྔ་མོ་ནས་ལག་བསྟར་དང་། སྔ་མོ་ནས་ལས་འགོ་འཛུགས་པ། ཕན་འབྲས་སྔ་ཙམ་ཐོན་པ་བཅས་འགན་ལེན་བྱས་ནས་རྣམ་གྲངས་གལ་ཆེན་ལག་བསྟར་དང་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
ཚོགས་པ་དེས་སྔོན་ལ་ཟི་ལིང་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས་ཞབས་ཞུའི་རྩིས་ཐོ་གསོ་བཅོས་བྱས་པའི་རྨང་གཞིའི་ཐོག་གཙོ་གནད་རྣམ་གྲངས་ལ་རྩིས་ཐོ་རྣམ་པའི་དོ་དམ་དང་ཞིབ་ཐོ་རྣམ་པའི་སྐུལ་འདེད་ལག་བསྟར་བྱས་པ་དང་། གཙོ་གནད་རྣམ་གྲངས་བཀོད་གཏོང་རེའུ་མིག་བཟོས་ནས་ཟླ་རེར་རྣམ་གྲངས་འཕེལ་རིམ་གནས་ཚུལ་བཀོད་གཏོང་བྱས་པ་དང་། རྣམ་གྲངས་ཀྱི་ཁོར་ཡུག་གདེང་འཇོག་འཕེལ་རིམ་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་ཏེ་ཁོར་ཡུག་གདེང་འཇོག་ཞིབ་མཆན་ལ་ཚོད་འཛིན་བྱེད་པའི་རྒྱུ་རྐྱེན་བཙལ་ནས་རི་མོ་བཀལ་ནས་དམག་འཐབ་བྱེད་པ་དང་འགུལ་རྣམ་གསར་བརྗེས་བྱེད་པ་དང་། བརྒྱུད་རིམ་ཧྲིལ་པོར་རྗེས་འདེད་དང་བརྒྱུད་རིམ་ཧྲིལ་པོར་ཞབས་ཞུ་བྱས་ཏེ་རྣམ་གྲངས་ཀྱི་ཁོར་ཡུག་གདེང་འཇོག་ཞིབ་མཆན་ལ་སྐུལ་འདེད་ནུས་ཆེའི་སྒོ་ནས་ཚོང་གཉེར་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ་རེད། འཛུགས་སྐྲུན་རྣམ་གྲངས་གལ་ཆེན་ལ་དམིགས་ཏེ་ཆེད་མངགས་མི་སྣས་རྣམ་གྲངས་ཀྱི་དུས་སྔོན་གྱི་ཁོར་ཡུག་སྲུང་སྐྱོང་འགྲོ་ལུགས་སྒྲུབ་པ་དང་། འཛུགས་སྐྲུན། གཉེར་སྐྱོང་བཅས་ཀྱི་བརྒྱུད་རིམ་ནང་གནས་པའི་དཀའ་གནད་དང་འགག་གནས་ལ་འགན་འཁུར་རྒྱུ་དང་འབྲེལ་ཡོད་སྡེ་ཚན་གྱིས་གནད་དོན་ཐག་གཅོད་བྱེད་པར་མཛུབ་ཁྲིད་རོགས་རམ་བྱས་ཏེ་ཞབས་འདེགས་ཞུ་བར་“བར་ཐག་མེད་པ”ཐུབ་པ་བྱ་རྒྱུ་ཡིན་པ་རེད། རང་འགུལ་ཞབས་ཞུའི་འདུ་ཤེས་ཆེ་རུ་གཏོང་བ་དང་། གླིང་ཁུལ་དང་ཁེ་ལས་ནང་ཞུགས་པའི་ལས་ཀ་བྱེད་སྟངས་སྤྱད་དེ་འཐབ་ཕྱོགས་དེ་ཞབས་ཞུའི་འཕེལ་རྒྱས་ཀྱི་གཡུལ་ས་གཙོ་བོར་བརྩིས་ནས་ཆེད་ལས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཁེ་ལས་ལ་“ཐབས་བཟང་ཞིག་འདོན་”བྱས་ཏེ། ཁེ་ལས་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་མཐོ་རུ་གཏོང་རྒྱུར་མཛུབ་ཁྲིད་བྱེད་པ་དང་། འབྲེལ་ཡོད་སྲིད་ཇུས་དང་ལག་རྩལ་གྱི་ཚད་གཞི་ཁོང་དུ་ཆུད་པ། རང་རྟོགས་ངང་ཁོར་ཡུག་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། དེ་དང་ཆབས་ཅིག་ཚོགས་པའི་ལག་རྩལ་གྱི་ལེགས་ཆ་སྤྱད་དེ་འཛུགས་སྐྲུན་སྡེ་ཚན་དང་གཞི་རིམ་ཁོར་ཡུག་གདེང་འཇོག་ཞིབ་མཆན་སྡེ་ཚན་གྱི་འབྲེལ་ཡོད་བློ་འདྲི་དེ་མྱུར་དུ་བསྡུས་པ་དང་མགྱོགས་མྱུར་སྒྲུབ་པ་དང་། དུས་ཐོག་ཏུ་ལན་འདེབས་པའམ་ཡང་ན་རྒྱང་རིང་མཉམ་བཤད། རྣམ་གྲངས་ཀྱི་ཁོར་ཡུག་གདེང་འཇོག་ལག་རྩལ་གྱི་དཀའ་གནད་ཐག་གཅོད་བྱ་རྒྱུར་གཞོགས་འདེགས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་མ་ལག་གི་ཁོར་ཡུག་གདེང་འཇོག་ཞིབ་མཆན་གྱི་“མིག་མངས་རོལ་རྩེད་གཅིག་”འགན་ལེན་བྱས་ཏེ་ཟི་ལིང་གྲོང་ཁྱེར་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས།
གོམ་སྟབས་རྗེས་མར་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ཞབས་ཞུའི་ཚོགས་པའི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ནས་འགན་འཁྲི་ཏན་ཏིག་བསྒྲུབ་པ་དང་། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན། ལས་ཀའི་མཉམ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྣམ་གྲངས་གལ་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་གནས་པའི་དཀའ་གནད་དང་འགག་གནད་ནུས་ཤུགས་ཡོད་རྒུས་གཏོར་ནས་རྣམ་གྲངས་འཛུགས་སྐྲུན་ལག་བསྟར་དང་ལག་བསྟར་བྱེད་པར་འགན་ལེན་བྱས་ཏེ་དཔལ་འབྱོར་བརྟན་པོ་དང་། མཐའ་ཐིག་སྲུང་བ། འཕེལ་རྒྱས་ལ་སྐུལ་འདེད་བཅས་བྱ་ཆེད་སྐྱེ་ཁམས་ཁོར་ཡུག་མ་ལག་གི་སྟོབས་ཤུགས་འབུལ་རྒྱུ་རེད།