པདྨ་རྫོང་གིས་ཏང་འཛུགས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་བཏང་བ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ཉེ་བའི་ལོ་འགའི་རིང་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གིས་དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་སྤེལ་སྦྲེལ་མཐུད་ནུས་ལྡན་ཡོང་བར་ཧུར་ཐག་གིས་སྐུལ་འདེད་བཏང་བ་དང་། གཞི་རིམ་བྱ་བ་དམ་འཛིན་གྱི་ཁྲིད་ཕྱོགས་གསལ་པོ་བཙུགས་པ། “ཆབ་སྲིད་ཀྱིས་སྤྱི་འདོམས་དང་། ཁྱོན་ཡོངས་ལ་ཞབས་ཞུ། སྤུས་འདེགས་ནུས་འཕར། དྲང་སྲུང་གསར་གཏོད”བཅས་ཀྱི་བྱ་བའི་རིག་ལམ་རྒྱུན་འཁྱོངས་བྱས་ཏེ། མདུན་དུ་ལངས་པ་དང་། རང་འགུལ་གྱིས་བྱས་རྗེས་འཇོག་པ། གནད་འཁེལ་ངང་སྟོབས་ཤུགས་འདོན་པ། ཏང་འཛུགས་བྱ་བ་དང་གྲོང་གསེབ་དར་སྤེལ་གྱི“འཇུག་སྒོ”དང“མཉམ་འབྲེལ་བྱེད་གནས”ཡང་དག་དང་ལེགས་པར་བཙལ་ཅིང་། ཏང་འཛུགས་ཀྱི་ཁྲིད་སྟོན་མཐོར་འདེགས་བཏང་ནས། གྲོང་གསེབ་དར་སྤེལ་གྱི་ནུས་ཤུགས་བསླངས་ཤིང་། གྲོང་གསེབ་དར་སྤེལ་གྱི་གྲུབ་འབྲས་སྔར་ལས་ཕུན་ཚོགས་དང་རང་མདངས་སྔར་ལས་གསལ་བར་སྐུལ་འདེད་བཏང་།

བསམ་བློའི་ཁྲིད་སྟོན་ལ་ཤུགས་བསྣན་ཏེ། གྲོང་གསེབ་དར་སྤེལ་གྱི“གཡུལ་ས་དང་པོ”བརྟན་པོར་སྲུང་བ།ཏང་ཨུས་ཁྱོན་ཡོངས་ལ་སྤྱི་འདོམས་དང་། ཕྱོགས་སོ་སོར་མཐུན་སྦྱོར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྫོང་ཨུ་དང་། རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་འགན་ཁུར་པའི་ཚན་གཙོ་གཉིས་ཀྱི་གྲོང་གསེབ་དར་སྤེལ་གྱི་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་པ་དང་། རྫོང་ཨུའི་རྒྱུན་ཨུས་ཞང་འགན་གཙང་ལེན་གྱི་ལྟ་སྐུལ་མཛུབ་ཁྲིད་དང་། རྫོང་རིམ་པའི་ལས་བྱེད་པ་སྡེ་བར་བསྡད་ནས་ལྟ་སྐུལ་བྱེད་པ། ཏང་ཡོན་ལས་བྱེད་པ་སྡེ་བར་བསྡད་ནས་ལས་འགན་འཁུར་བ། ལས་རིགས་སྡེ་ཁག་གིས་སྡེ་བར་མཉམ་འབྲེལ་གྱིས་རོགས་སྐྱོར་བྱེད་པ་སོགས་ཀྱི་བྱ་བའི་ནང་རྐྱེན་འཐུས་ཚང་བཙུགས་པ་དང་། རྫོང་ཨུའི་འགོ་ཁྲིད་གཙོ་བོས་ཞིང་ལས་ཀྱི་ཞང་དང་གྲོང་རྡལ་ལ་ལྟ་སྐུལ་འབད་འཐབ་བྱེད་པར་འགན་ལེན་དང་། རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་འབྲོག་ལས་ཞང་ལ་ལྟ་སྐུལ་འབད་འཐབ་བྱེད་པར་འགན་ལེན་པ། རྫོང་ཨུའི་རྒྱུན་ཨུ9ཞང་བརྒྱད་དང་གྲོང་རྡལ་གཅིག་ཏུ་བསྐྱོད་དེ“ཧྲུའུ་ཅི་དང་པོའི”ལས་འགན་གཅིག་ལྕོགས་སུ་ཁུར་པ་དང་། རྫོང་རིམ་པའི་འགོ་ཁྲིད་ལས་བྱེད32སྲིད་འཛིན་སྡེ་བ32ལ་བསྐྱོད་དེ“ཧྲུའུ་ཅི་དང་པོའི”འགན་གཅིག་ལྕོགས་སུ་ཁུར་ཏེ། སྟོབས་ཤུགས་གཅིག་སྡུད་དང་། རིམ་པ་བཞིན་སྐུལ་འདེད་བཏང་ནས། “འགོ་ཁྲིད་ཀྱིས་མཉམ་འབྲེལ་འགན་ལེན་དང་། ལས་བྱེད་པ་སྡེ་བར་སྡོད་པ། མཉམ་འབྲེལ་རོགས་སྐྱོར”བཅས་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས།

རྩ་འཛུགས་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་ནས། གྲོང་གསེབ་དར་སྤེལ་གྱི“འཐབ་འཛིང་མཁར་རྫོང”བརྟན་པོར་བཙུགས་པ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཀང་གི་གཞི་རིམ་ཏང་འཛུགས་ཀྱི“གཅིག་ཅན་དྲུག”གི་བྱ་བའི་བླང་བྱ་དང་ཁུལ་ཨུའི་ཏང་འཛུགས་དམ་འཛིན་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི“འབྲེལ་གཏུག་བཞི་དང་རྒྱུགས་ཤོག་གསུམ”གྱི་བྱ་བའི་ནང་རྐྱེན་ལ་དམིགས་ཏེ། རྒྱང་སྐྱོད་སྙིང་སྟོབས་རྒྱུན་འཛིན་གྱི་སློབ་གསོ་རིག་གནས་ལོ་རྒྱུས་ཁང་དང་། རྡོ་རུ་མ་སྡེ་བའི་ཏང་ཀྲི་པུའུ་སོགས་གཞི་རིམ་ཏང་འཛུགས་མ་དཔེའི་དཔེ་སྟོན་གྱི་གནས4བསྐྲུན་པ་དང་། སྡེ་བའི་རིམ་པའི་བཅོས་སྐྱོང་གི“གཞུང་གཅིག་འཕྲེད་གཅིག”རྩ་འཛུགས་རིགས་གཉིས་ཁྱོན་ཡོངས་ནས་བཙུགས་པ་དང་། འཕྲེད་ཕྱོགས་བྱེད་ནུས་ཅན་གྱི་རྩ་འཛུགས306དང་། གཞུང་ཕྱོགས་བྱེད་ནུས་ཅན་གྱི་རྩ་འཛུགས1100ཡོད་ལ། སྡེ་བ་རིམ་པའི་རྩ་འཛུགས་ཀྱི་རང་གིས་རང་ལ་དོ་དམ་དང་། རང་གིས་རང་ལ་སློབ་གསོ། རང་གིས་རང་ལ་ཞབས་འདེགས་ཞུ་བའི་ནུས་པ་བཅས་ནུས་ཤུགས་ཡོད་རྒུས་མཐོར་འདེགས་བཏང་། ཀྲི་པུའུ་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་། “ལེགས་གྲས་སྲ་བརྟན་དུ་གཏོང་བ་དང་། འབྲིང་གྲས་མཐོར་འདེགས་གཏོང་བ། ཐ་མ་ལ་དག་ཐེར་བྱེད་པ”བཅས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས།“གཞི་རིམ་ཏང་རྩ་འཛུགས་དག་ཐེར་མཐོར་འདེགས་གཏོང་བའི་ལོའི”བྱ་འགུལ་ཏན་ཏིག་གིས་སྤེལ།གཉོམ་ཞན་ཁ་ཐོར་གྱི་སྡེ་བའི་ཏང་རྩ་འཛུགས5ལ་དག་ཐེར་དང་མཐོར་འདེགས་བཏང་ཞིང་། སྡེ་བའི་ལས་བྱེད5སྙོམས་སྒྲིག་དང་བརྗེ་འཐེན་བྱས་ཏེ། གཞི་རིམ་རྩ་འཛུགས་ཀྱི་འཐབ་འཛིང་ནུས་པ་ཇེ་མཐོར་བཏང་།

རྐང་འཛིན་སྟོབས་ཤུགས་ཆེ་རུ་བཏང་སྟེ་གྲོང་གསེབ་དར་སྤེལ་གྱི“སྒུལ་ཤུགས་སྣེ་ཁྲིད”ནུས་ལྡན་དུ་བཏང་བ། གཞི་རིམ་ཏང་འཛུགས་ཀྱི་ཧྲུའུ་ཅིའི་གནད་འགག་ཚོགས་སྤྱི་དེར་དམ་འཛིན་བྱས་ཏེ། སྡེ་བའི(སྡེ་ཁུལ)ལས་བྱེད་པའི་ཆེད་བསྐོས་ཅན་དང་ཆེད་ལས་ཅན་གྱི་འཛུགས་སྐྲུན་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། སྡེ་བ(སྡེ་ཁུལ)ཡི་ཏང་རྩ་འཛུགས་ཧྲུའུ་ཅི་ལེགས་འདེམས་ཧྲག་སྒྲིག་བྱས་ཏེ། “སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་ཁག་གི་ཁོངས་མིའི་ཐོབ་ཐང་ཞིབ་བཤེར་དང་། དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད། དཔྱད་དཔོག་དོ་དམ་སོགས་ཀྱི་བྱ་བ་ཏན་ཏིག་གིས་སྤེལ་ནས། ཆེད་སྦྱོང་ངམ་དེའི་ཡན་གྱི་སློབ་རྒྱུས་ལྡན་པའི་སློབ་ཆེན་མཐར་ཕྱིན་སློབ་མ32བསྡུ་ལེན་བྱས་ཏེ་སྡེ་བའི་ཀྲི་པུའུ་ཧྲུའུ་ཅིའི་ལག་རོགས་ཀྱི་འགན་ཁུར་དུ་བཅུག་པ་དང་། ཆེད་བསྐོས་ཏང་འཛུགས་མཛུབ་སྟོན་པ་བཀོད་སྒྲིག་བྱས་ཤིང་། སྡེ་བ(སྡེ་ཁུལ)ཡི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་པའི་འགན་སྒྲུབ་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་བཏང་ཞིང་། ཆབ་སྲིད་ཀྱི་ཉམས་སད་ཐེག་ཐུབ་པ་དང་། ནུས་པ་ལྡན་པ། མང་ཚོགས་སྤྱི་པའི་ཁས་ལེན་པའི་ཞིང་སྡེའི་སྣེ་ཁྲིད་པའི་དཔུང་སྡེ་ཞིག་བཙུགས།

ཕྱི་འདྲེན་ནང་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གྲོང་གསེབ་དར་སྤེལ་གྱི“འཇོན་མིའི་གཤིན་ས”ལེགས་པོ་བསྐྲུན།“འཇོན་མིར་བརྟེན་ནས་རྫོང་དར་རྒྱས་གཏོང་བའི”བཟོ་འགོད་ཁྱོན་ཡོངས་ནས་ལག་ཏུ་བསྟར་བ་དང་། གནད་འཁེལ་ངང་ནང་འདྲེན་དང་། རོགས་སྐྱོར་ཚོགས་སྒྲིག རང་བརྟེན་གསོ་སྦྱོང་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། སྔ་གཞུག་ཏུ“འཇོན་མིའི་ལས་སྒྲུབ་ས་ཚིགས”5(འབུམ་རམས་པའི་ལས་སྒྲུབ་ས་ཚིགས4དང་། གྲོང་གསེབ་དར་སྤེལ་ཚན་རྩལ་དཔེ་སྟོན་ས་ཚིགས1)བཙུགས་ཤིང་། པེ་ཅིན་དང་མཚོ་སྔོན་གྱི་ཆེད་མཁས་པ1དང་། མཐོ་རིམ་འཇོན་མི2། རྫོང་རིམ་པའི་འགོ་ཁྲིད་ལས་བྱེད15ཡིས“གཅིག་གཏད་གཅིག་དང་། གཅིག་གཏད་མང་པོ”ཡི་འབྲེལ་གཏུག་ཞབས་ཞུའི་ཆེད་མཁས་འཇོན་མི35གཏན་འཁེལ་བྱས་པ་དང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཡུན་རིང་ཚན་ཞིབ་རྟེན་གཞི1(མཚོ་སྔོན་པདྨའི་བོད་ཇ་ཐོན་ཁུངས་སྲུང་སྐྱོབ་གསར་སྤེལ་རྒྱལ་ཁབ་ཡུན་རིང་ཚན་ཞིབ་རྟེན་གཞི)བཙུགས། “ཚོགས་སྒྲིལ་རྣམ་པའི”རོགས་སྐྱོར་བྱ་བ་མུ་མཐུད་གཏིང་ཟབ་ཏུ་བཏང་བ་དང་། ཧྲང་ཧའེ་གྲོང་ཁྱེར་གྱི་ཆིང་ཕུའུ་ཁུལ་དང་། རྒྱལ་ཁབ་ནགས་ལགས་རྩྭ་ཐང་ཅུས་སོགས་ཀྱི་རོགས་སྐྱོར་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱས་པ་དང་། “དམིགས་གཏད་འཇོན་མི་བསྡུ་བའི”བྱ་བ་སྤེལ་ཏེ། འཕྲོད་བསྟེན་དང་། སློབ་གསོ། ཞིང་ཕྱུགས་སོགས་མཐོ་རིམ་འཇོན་མི་རྫོང་ནང་ཁུལ་དུ་འདེམས་མངགས་བཏང་ནས་ཆེད་མཁས་མཛུབ་སྟོན་ཞབས་ཞུའི་བྱ་བ་བསྒྲུབས་ཏེ། འཇོན་མའི“སྒུལ་ཤུགས་སྣེ་ཁྲིད” ནུས་ལྡན་དུ་བཏང་།

ཐུན་མོང་དཔལ་འབྱོར་ཇེ་རྒྱས་སུ་བཏང་ནས། གྲོང་གསེབ་དར་སྤེལ་གྱི“སྟོབས་གསོག་ནུས་སྤྲོད”ལ་རམ་འདེགས་བྱས ཐོན་ཁུངས་དང་། ལས་གཞི་ཐོན་ལས་བཅས“ལས་དོན་གསུམ”ལ་ལེགས་པར་དམིགས་ཏེ། ལས་གཞི་ནང་འགུག་དང་། ས་ཆའི་ཡོང་འབབ།  རང་བརྟེན་གསར་སྤེལ་སོགས་ཀྱི་བྱེད་ཐབས་བརྒྱུད། “རྫོང་རིམ་པའི་སྣེ་ཁྲིད་དང་། ཞང་གྲོང་གིས་གཙོར་འཛིན། སྡེ་བ་རིམ་པ་ཟབ་ཞུགས། ནུས་ལྡན་གྱིས་བདག་གཉེར་བྱེད་པའི”ཚོགས་སྒྲིལ་གྱི་འཕེལ་རྒྱས་གཏོང་སྟངས་བེད་སྤྱད་ནས། སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་ཇེ་རྒྱས་སུ་འགྲོ་བར་རོགས་སྐྱོར་ཤུགས་ཆེན་བྱས་ཤིང་། “ཏང་འཛུགས+དམངས་སྲོལ་རིག་གནས+འཁོར་ཁང་ཆུང་བ” དང“སྡེ་བའི་ཐུན་མོང+མཉམ་ལས་ཁང+འབྲོག་ཁྱིམ”སོགས་ཀྱིས་འཐུས་ཚབ་བྱེད་པའི་ས་ཁོངས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ལས་རྣམ་གསར་པ་སྐོར་ཞིག་བསྐྲུན་པ་དང་། ལྷག་པར“སྡེ་བའི་ཐུན་མོང+ཁེ་ལས”ཀྱི་ཆ་སྒྲིག་མཉམ་ལས་ཀྱིས“ནུས་པ་ཅན་གྱིས་ནུས་མེད་ལ་སྣེ་ཁྲིད”དང“ཆེ་བས་ཆུང་བར་སྣེ་ཁྲིད”ཀྱི་བྱེད་ཐབས་སྤྱད་དེ། དཔེ་མཚོན་ཚད་ཤིང་བཙུགས་ཡོད། །      

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།