ཟླ9ཚེས24ཉིན། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཆེན་མྱུར་བགྲོད་གཞུང་ལམ་ཡན་ལག་རུ་ཁག་གིས་མཚོ་སྔོན་མྱུར་བགྲོད་གཞུང་ལམ་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་མྱུར་ལམ་གྱི་གལ་ཆེ་ལམ་དུམ་དང་གལ་ཆེན་དུས་མཚམས་སུ་གཙོ་གནད་རླངས་འཁོར་བཀག་སྡོམ་བྱ་རྒྱུ་ཡིན་ཞེས་བརྡ་སྦྱོར་སྤེལ་འདུག
རྒྱལ་སྟོན་དུས་ཆེན་རིང་མྱུར་བགྲོད་གཞུང་ལམ་དུ་ཞིང་ཆེན་ཕྱིར་བསྐྱོད་པའི་འགྲིམ་འགྲུལ་གནོན་ཤུགས་ཇེ་ཡང་དང་། ཤར་བགྲོད་ཐུབ་པ། མང་ཚོགས་ཀྱི་འགྲོ་འོང་བདེ་འཇགས་ལ་འགན་སྲུང་། འགྲིམ་འགྲུལ་དོན་རྐྱེན་འབྱུང་བར་སྔོན་འགོག་བཅས་བྱ་ཆེད། ཟླ10ཚེས1ཉིན་ནས་ཚེས3ཉིན་བར་གྱི་ཆུ་ཚོད7ནས་ཆུ་ཚོད15ཡི་བར་དུ། མཚོ་སྔོན་མྱུར་ལམ་འགྲིམ་འགྲུལ་སྡེ་ཚན་གྱིསG6ཅིན་བོད་མྱུར་ལམ་གྱི་རྟ་ར(马场垣)ནས་ཟི་ལིང་ནུབ་ཀྱི་ལམ་གླ་བསྡུ་ཚིགས་དང་། G0611ཡི་འབྲོང་ཡུལ་ནས་ཝན་ཁྲུན་མྱུར་ལམ(张汶高速)ལས་རྟ་ཐང་(大通)ནས་དམར་གཙང་(平安)མཚམས། G0612ཡི་ཟི་ཧི(西和)མྱུར་སྐྱོད་གནམ་ཐང་ནས་ཟི་ལིང་ནུབ་ཀྱི་ལམ་གླ་བསྡུ་ཚིགས་བར་བཅས་སུ་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་རེད།
བཀག་སྡོམ་གྱི་རིང་དུ། ཟོང་འདྲེན་རླངས་འཁོར་ཆེ་གྲས་དང་འབྲིང་གྲས། ཉེན་ཆེའི་ཐོན་རྫས་སྐྱེལ་འདྲེན། ཟོང་ཆེན་དབོར་འདྲེན་རླངས་འཁོར་སོགས་བཀག་སྡོམ་གྱི་ལམ་དུམ་དང་དུས་ཚོད་ནང་དུ་འགྲོ་སྐྱོད་མི་རུང་། ཛ་དྲག་གི་ལས་འགན་ལག་བསྟར་དང་། མེ་ཟོན་མེ་འགོག་མྱུར་སྐྱོབ། ཨར་སྐྲུན་མྱུར་སྐྱོབ་ལ་སོགས་ཀྱིས་བསྐྱོད་དགོས་པའི་དམིགས་བསལ་གྱི་རླངས་འཁོར་རིགས་བསྐྱོད་ཆོག གལ་སྲིད་གནམ་གཤིས་མི་ལེགས་པའམ་གློ་བུར་བའི་དོན་རྐྱེན་བྱུང་བའི་གནས་ཚུལ་ལ་འཕྲད་དུས། འགྲོ་འོང་གི་རླངས་འཁོར་ཡོངས་ལམ་དུམ་དང་དུས་ཚོད་ཁག་བགོས་ཀྱིས་གནས་སྐབས་བཀག་སྡོམ་བྱ་རྒྱུ།
མཚོ་སྔོན་མྱུར་ལམ་འགྲིམ་འགྲུལ་ཉེན་རྟོག་པས་རྒྱ་ཆེ་བའི་རླངས་འཁོར་སྡོད་མཁན་དང་བསྐོར་མཁན་རྣམས་ལ་ཞུ་རྒྱུར། འགྲིམ་འགྲུལ་གནས་ཚུལ་ལ་དུས་ཐོག་ཏུ་དོ་སྣང་བྱས་ཏེ། ཕྱིར་བསྐྱོད་དུས་ཚོང་དང་ལམ་ཐིག་སྔ་མོ་ནས་བཀོད་སྒྲིག་ལུགས་མཐུན་བྱས་ཏེ། འབྲེལ་ཡོད་བཀག་སྡོམ་གྱི་ལམ་དུམ་དང་དུས་ཚོད་གཡོལ་ནས་བསྐྱོད་རོགས། གནས་སྐབས་འགྲིམ་འགྲུལ་བཀག་སྡོམ་གྱི་རྐྱེན་དབང་གིས་ཁྱེད་ཅག་གི་འགྲོ་སྐྱོད་ལ་བར་ཆད་བཟོ་སྲིད་པས། ཀུན་པོས་ང་ཚོའི་ལས་ཀར་རྒྱབ་སྐྱོར་དང་རམ་འདེགས་བྱ་རྒྱུ་མཁྱེན། གལ་སྲིད་གནས་ཚུལ་ཛ་དྲག་རེ་བྱུང་ན། དུས་ཐོག་ཏུ་ངེད་འགྲིམ་འགྲུལ་རོགས་སྐྱོབ་ཁ་པར96122ལ་འབྲེལ་བ་བྱས་ནས་རེ་ཞུ་བྱ་རྒྱུ་མ་བརྗེད།