མདོ་ལ་རྫོང་གིས“དམིགས་པ་གསུམ”གྱི་འགག་རྩར་བརྟེན་ནས་ལས་བྱེད་པ་རྒན་པའི་བདེ་སྐྱིད་སྟོན་གྲངས་ཇེ་མཐོར་བཏང་བ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ཨུའི་ལས་བྱེད་པ་རྒན་པ་ཅུས་ཀྱིས“ཏང་གི་བློ་སེམས་བདེ་བ་དང་ལས་བྱེད་རྒན་པ་ཡིད་ཚིམ་དུ་འཇུག་པའི”དམིགས་འབེན་ལ་དམ་པོར་དམིགས་པ་དང་། བསམ་བློ་འཛུགས་སྐྲུན་དང་གནད་འཁེལ་ཞབས་ཞུ། ནུས་པ་འདོན་སྤེལ་བཅས་འགག་རྩ་གསུམ་ལ་དམིགས་གཏད་དེ། བློ་སེམས་རྩེ་གཅིག་གིས་ལས་བྱེད་པ་རྒན་པར་ཞབས་ཞུ་ལེགས་པོ་བྱེད་པ་དང་། ལས་བྱེད་པ་རྒན་པས་ནུས་པ་འདོན་སྤེལ་བྱེད་པར་ཧུར་ཐག་གིས་སྣེ་ཁྲིད་དེ། ལས་བྱེད་པ་རྒན་པའི་ཁོངས་གཏོགས་སྣང་བ་དང་བདེ་སྐྱིད་སྣང་བ།  གཟི་བརྗིད་སྣང་བ་བཅས་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་།

བསམ་བློ་འཛུགས་སྐྲུན་ལ་དམིགས་གཏད་དེ་ཁོངས་གཏོགས་སྣང་བ་ཇེ་མཐོར་བཏང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་རྒྱུན་འཁྱོངས་སྒོས་སློབ་སྦྱོང་དང་དོན་འཁྱོལ་བྱེད་པ་སོགས་ནི་ལས་བྱེད་པ་རྒན་པའི་བྱ་བའི་ཆབ་སྲིད་འགན་འཁྲི་དང་པོར་བརྩིས། “དྲ་ལམ+ཡུལ་དངོས”ཟུང་འབྲེལ་བྱེད་པའི་རྣམ་པས། ལས་བྱེད་པ་རྒན་པས་རྗེས་དེད་ནས་གླེང་གནད་སློབ་སྦྱོང་དང་དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་བྱེད་པར་སྣེ་ཁྲིད་པར་མ་ཟད། ལས་བྱེད་པ་རྒན་པའི་ཏང་ཡོན་རྣམས་མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེ་ཏང་ཀྲི་པུའུ་རྗེས་དྲན་ཁང་དང་པོ་སོགས་རྟེན་གཞིར་བསྐྱོད་དེ་ལྟ་སྐོར་དང་སློབ་སྦྱོང་བྱ་རྒྱུ་རྩ་འཛུགས་བྱས་ནས། ལས་བྱེད་པ་རྒན་པའི་ཏང་གཅེས་རྒྱལ་གཅེས་ཀྱི་བརྩེ་བ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་བཏང་བ་དང་། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་བརྟན་པོ་དང་བསམ་བློ་གསར་སྒྱུར་དང་ཕུགས་བསམ་རྟག་བརྟན་བཅས་ཡོང་བ་སྲུང་འཛིན་བྱས།

གནད་འཁེལ་ཞབས་ཞུར་དམིགས་གཏད་དེ་བདེ་སྐྱིད་སྣང་བ་ཇེ་མཐོར་བཏང་བ། ལས་འཁྱུར་ངལ་གསོ་བྱེད་རན་པའི་ལས་བྱེད་པར“མི་རེར་སྲིད་ཇུས་རེ”ཡི་གནད་འཁེལ་ཞབས་ཞུ་དང་བཅར་འདྲི་དང་འཚམས་འདྲི། ལས་བྱེད་པ་གཟི་བརྗིད་ངང་ལས་འཁྱུར་ངལ་གསོ་བྱེད་པ། ལས་འཁྱུར་ངལ་གསོ་བྱེད་རན་པའི་ལས་བྱེད་པས་ཚགས་པར་དང་དཔེ་དེབ་ཀློག་པ། དེ་མིན་གཙོ་གནད་བྱ་བའི་བརྡ་ཁྱབ་ཚོགས་འདུ་སོགས་ཀྱི་ལམ་ལུགས་གཟབ་ནན་གྱིས་དོན་འཁྱོལ་བྱས་ཏེ། ལས་བྱེད་པ་རྒན་པའི་ཆབ་སྲིད་དང་འཚོ་བའི་ཐོབ་ཆ་དངོས་གནས་དངོས་འབེབས་བྱས། ལས་འཁྱུར་ངལ་གསོ་བྱེད་རན་པའི་ལས་བྱེད་པའི་དཀའ་ངལ་རོགས་སྐྱོར་ཐེབས་རྩའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ནད་ལྕི་མོ་བྱུང་བ་དང་ཁྱིམ་ཚང་གི་ཆ་རྐྱེན་ཞན་པའི་བློ་མཐུན་རྒན་པའི་གནད་འཁེལ་རོགས་སྐྱོར་བྱ་བ་གཏིང་ཟབ་སྒོས་མགོ་བརྩམས་ཏེ། ཁོ་ཚོར་བརྩེ་བ་ཅན་དང་རང་གཤིས་ཅན་གྱི་ཞབས་ཞུ་འདོན་སྤྲོད་བྱས། མིག་སྔར། ལོ་ན70ཡན་གྱི་ལས་བྱེད་རྒན་པ60ལྷག་ལ་འཚམས་འདྲི་བྱས་ཏེ། དཀའ་ངལ་རོགས་སྐྱོར་ཐེབས་རྩའི་དངུལ་སྒོར་ཁྲི5ལྷག་བྱིན།

ནུས་པ་འདོན་སྤེལ་བྱེད་པར་དམིགས་གཏད་དེ་གཟི་བརྗིད་སྣང་བ་ཇེ་མཐོར་བཏང་བ། གཅིག་བསྡུས་སྒོས་སློབ་སྦྱོང་དང་བཞུགས་མོལ་བརྗེ་རེས། ལྟ་སྐོར་རྟོག་ཞིབ་སོགས་ཀྱི་རྣམ་པ་བརྒྱུད། ལས་བྱེད་པ་རྒན་པས་ཐབས་འདོན་ཇུས་འབུལ་བྱས་པའི“ཐབས་ཤེས་ལེགས་པོ”དང་ནུས་པ་བཏོན་པའི“སྐད་སྒྲ་སྙན་མོར”མཉན། “དབྱིན་ཧྥ་སྒྲོག་འགྲེལ་ཚོགས་པ”སྡེ་བ་དང་སློབ་གྲྭ  གཞིས་ཁུལ་བཅས་ལ་བསྐྱོད་དེ“སྒྲོག་འགྲེལ་པ”དང“ལྟ་རྟོག་པ”“ཇུས་འདོན་པ”སོགས་ཀྱི་དང་བླངས་ཞབས་ཞུ་ལས་རྐང་རྩ་འཛུགས་བྱས་ཏེ། མི་རིགས་མཐུན་སྒྲིལ་དང་གཞི་རིམ་བཅོས་སྐྱོང་། མི་རབས་རྗེས་མར་སེམས་ཁུར་བྱེད་པ་སོགས་ཀྱི་ཐད་ནས་ཐབས་འདོན་ཇུས་འབུལ་དང་དགེ་མཚན་ནུས་པ་འདོན་སྤེལ་གང་ལེགས་བྱས། །

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།