——2023 ལོའི་ཞིང་ཆེན་ཡོངས་ཀྱི་ཚོང་རའི་ལྟ་སྐུལ་དོ་དམ་མ་ལག་གི་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་བྱ་བའི་སྤྱི་བསྡོམས།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འགྱུར་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་ཡིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཁ་འབྲལ་ཐབས་མེད།ལྷག་པར་དུ་མི་དམངས་མང་ཚོགས་ཀྱིས་གཏན་འཇགས་ཡིན་ལ་གོ་རིམ་ལྡན་པའི་ཚོང་རའི་ཁོར་ཡུག་དང་བདེ་འཇགས་ཀྱི་འཛད་སྤྱོད་ཁོར་ཡུག་ཅིག་ལོངས་སུ་སྤྱོད་ཐུབ་པར་ཁྲིམས་བཞིན་དུ་འགན་སྲུང་བྱས་ཡོད་པས། ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གི་ཐེག་བྱའི་ལས་འགན་དང་འགན་འཁྲི་ཡིན་པ་མ་ཟད། མི་དམངས་ཀྱི་བླ་ན་མེད་པའི་གསལ་བཤད་ཡག་ཤོས་ཀྱང་རེད།
2023 ལོར་རང་རེའི་ཞིང་ཆེན་གྱི་རིམ་པ་སོ་སོའི་ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་། འཛད་སྤྱོད་པའི་བླ་ན་མེད་པའི་འདུ་ཤེས་བརྟན་པོ་བཙུགས་ནས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལས་དོན་ཧུར་ཐག་གིས་སྤེལ་ཏེ། འཛད་སྤྱོད་ཀྱི་ཁེ་དབང་སྲུང་སྐྱོང་གི་ནུས་པ་ཆེ་ཆེར་ཕྱིན་པ་དང་། སྤུས་ཚད་ཀྱི་རྣམ་པ་སྤྱིའི་ཆ་ནས་བཟང་ཞིང་། ཚོང་རའི་འཛད་སྤྱོད་ཀྱི་ཡིད་ཆེས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། འཛད་སྤྱོད་ཁོར་ཡུག་དེ་བས་བློ་བདེ་བག་ཕེབས་ཡོང་བར་བྱས།
ལོ་འཁོར་གྱི་གནད་ཚིག
བློ་བདེ་བ།
ལོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་སྤྱི་ཚོགས་ཀྱི་དོ་ཁུར་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དམངས་འཚོའི་ཁྱབ་ཁོངས་ལ་དམིགས་ནས་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་ལས་ཀའི་ལམ་སྲོལ་འཐུས་ཚང་དང་། ཉེན་ཁའི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་བཅོས་སྒྲིག་ཤུགས་ཆེན་བྱས་ཏེ། ཁྲོམ་རའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་ནས་འཛད་སྤྱོད་བདེ་འཇགས་ཀྱི་རྣམ་པ་གསར་པ་སྒོ་ཀུན་ནས་གཏོད།
འཛད་སྤྱོད་ཀྱི་ཁེ་དབང་སྲུང་སྐྱོང་གི་མཉམ་ཤུགས་ཇེ་ཆེར་དང་། ལས་ཀའི་ལམ་སྲོལ་འཐུས་ཚང་། ཁེ་དབང་སྲུང་སྐྱོང་གི་ནུས་པ་ཇེ་ཆེར། ལམ་སྲོལ་གཅིག་དང་བྱེད་ཐབས་གསུམ་གཏན་འབེབས་ལག་བསྟར་བཅས་བྱས་ཏེ། གྲོང་ཁྱེར་དང་ཁུལ་སོ་སོར་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་ལས་ཀའི་མཉམ་འབྲེལ་གྲོས་ཚོགས་འཛུགས་པར་སྐུལ་འདེད་བཏང་བ་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལས་ཀའི་མཉམ་འབྲེལ་གྲོས་ཚོགས་འཛུགས་པར་ལྟ་སྐུལ། མཉམ་དུ་བཅོས་སྐྱོང་བྱེད་པར་ཤུགས་སྣོན་བཅས་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཚོང་རའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་སུ་ཁ་ཕྱོགས་མེད་པའི་སྒོ་ནས་འཛད་སྤྱོད་ཁེ་དབང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་ཞིག་གཏན་འབེབས་དཔར་འགྲེམ་བྱས། མཚོ་སྔོན་ཞིང་ཆེན་གྱི་ཚོང་རའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི་སྔོན་བསྡུའི་འཛད་སྤྱོད་དོ་དམ་བྱ་བའི་ཁྲིད་སྟོན། མཚོ་སྔོན་ཞིང་ཆེན་གྱི་དངོས་ཚན་ཚོང་རའི་དཔལ་འབྱོར་དང་། ལས་ཀའི་འགན་འཁྲི་སྔར་བས་ཁ་གསལ་བཟོས་ནས་འབྲེལ་ཡོད་ཁྱབ་ཁོངས་ནང་འཛད་སྤྱོད་པའི་ཞུ་གཏུག་ཐག་གཅོད་བྱེད་ཐབས་ཀྱི་བརྒྱུད་རིམ་ཚད་ལྡན་དུ་བཏང་།
ལོ་ཧྲིལ་པོར་ཁྲིམས་འགལ་གྱི་གྱོད་གཞི་ཁག 4873 ཞིབ་བཤེར་ཐག་གཅོད་བྱས་ཤིང་། དེ་ནི་དུས་མཚུངས་ལས 51. 8% འཕར་ནས་དཔེ་མཚོན་གྱོད་དཔེ 57 ཡོངས་བསྒྲགས་བྱས། དེའི་ནང་དྲ་རྒྱའི་ཉོ་ཚོང་དང་། དབང་གནོད་རྫུན་བཟོ། འཛད་སྤྱོད་ཁེ་དབང་སྲུང་སྐྱོང་སོགས་ཁྱབ་ཁོངས་གཙོ་བོ་རུ་གྱོད་གཞི 713 ཞིབ་གཅོད་བྱས་པ་དང་། སྤྱི་བདེ་ལས་ཁུངས་ལ་གྱོད་གཞི15རྩིས་སྤྲོད་བྱས། ཚོང་རྟགས་དབང་གནོད་གྱོད་གཞི་བརྒྱ་ཞིབ་གཅོད་བྱས་པ་དང་། དུས་མཉམ་ལས167% འཕར། ཚོང་ཟོག་རྫུན་མ་རིན་ཐང་སྒོར་དུང་ཕྱུར 1.7 གྱི་རིམ་པ་ཕྱོགས་བསྡུས་ཐོག་མེད་པར་བཟོས། “ཁྱོད་ཀྱིས་ཤོད་དང་ངས་ཞིབ་བཤེར་བྱེད”ཅེས་པའི་ཞབས་ཞུའི་སྤུས་རྟགས་གཏོད་དེ་ཟས་རིགས་དང་བཟའ་བྱའི་ཞིང་ལས་ཐོན་རྫས་ཀྱི་རིམ་པ་བཞི་པའི་འཐེན་བཤེར་ལྟ་ཞིབ་ཚད་ལེན་ཐེངས་གྲངས་ཁྲི 4. 48 བྱས་ཤིང་། མི་ཐེངས་སྟོང་ཆའི 7 ཟིན། ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་བྱས་ཚད100%ལ་བསླེབས།
སྨན་རྫས་ཞིབ་དཔྱད་ཚད་ལེན་དང་གྱོད་གཞི་ཞིབ་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས་སྨན་རྫས་བདེ་འཇགས་ཐད་ནས་དོན་རྐྱེན་གཅིག་ཀྱང་མི་འབྱུང་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས། དམིགས་བསལ་སྒྲིག་ཆས་ལ་དུས་ལྟར་ཞིབ་བཤེར་བྱས་མེད་པར་“ཉེན་ཁ་གཙང་སེལ་གྱི་འགུལ་སྐྱོད”དང་། ཁྱབ་ཁོངས་གཙོ་བོའི་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་ཆེན་པོ་གྲལ་བཤེར་དང་རླངས་འབར་བདེ་འཇགས་ཐད་ཆེད་དོན་བཅོས་སྒྲིག་བཅས་བྱས་ནས་དམིགས་བསལ་སྒྲིག་ཆས་ཁྲི 5 ལྷག་ཙམ་ལ་ཞིབ་བཤེར་བྱས་པ་དང་། མི་མངོན་པའི་རྐྱེན་ངན་ཁག 1300 ལ་གྲལ་བཤེར་བྱས་ནས་དག་ཐེར་ལེགས་བཅོས་བྱས། རླངས་སྣོད་ཁྲི 24 ལ་ཨང་ཀི་གཏགས་ཏེ་རྒྱུ་རྐྱེན་ཕུགས་འདེད་བྱས། མཚོ་སྔོན་ཞིང་ཆེན་གྱི་གློག་སྐས་ཀྱི་འཕྲལ་སྡོམ་ཐག་གཅོད་མ་ལག་བསྐྲུན་ནས་གློག་སྐས་ནང་ཚུད་པའི་མི 2160 བསྐྱབས།
ལོ་འཁོར་གྱི་གནད་ཚིག
སེམས་བདེ་བ།
ལོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་ཐིན་གྱི་མཉམ་འབྲེལ་གྲོས་ཚོགས་ཀྱི་རྐྱེན་སྲོལ་འདོན་སྤེལ་གང་ལེགས་བྱས་ཏེ། འཛད་སྤྱོད་དང་། གྲོང་གསེབ་ཀྱི་འཛད་སྤྱོད། རྣམ་པ་གསར་བའི་འཛད་སྤྱོད་སོགས་ཁྱབ་ཁོངས་གཙོ་བོར་འཛད་སྤྱོད་རྩོད་གཞི་སྣ་མང་ཅན་དུ་འགྱུར་བའི་ལམ་སྲོལ་གསར་གཏོད་བྱས་ནས་སྲིད་འཛིན་འདུམ་འགྲིག་ལམ་ལུགས་ཇེ་ལེགས་སུ་བཏང་ནས་འཛད་སྤྱོད་ཀྱི་རྣམ་པ་བཟང་པོ་གཏོད།
ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་དང་། ལས་རིགས་མཐུན་ཚོགས། ཞིང་ཆེན་རིམ་པའི་གསར་འགྱུར་སྨྱན་སྦྱོར 40 བཅས་དང་མཉམ་འབྲེལ་བྱས་ནས “3·15” རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོའི་སྐོར་གྱི་དྲིལ་སྒྲོག་བློ་འདྲིའི་ཞབས་ཞུའི་བྱེད་སྒོ་སྤེལ། ཁྲིམས་སྐྱོང་འཆད་ཁྲིད་དང་། ཆེད་དོན་གསོ་སྦྱོང་། གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བཅས་ཐེངས 10 གཉེར་བ་དང་། དྲིལ་སྒྲོག་བློ་འདྲི་དང་། དངུལ་རྩའི་འཛད་སྤྱོད་ཤེས་བྱའི་“ཡར་ཐོན་ལྔ”། འཛད་སྤྱོད་ཉམས་ལེན་བརྗོད་གཞི་བྱས་པའི་བྱེད་སྒོ་ཐེངས 147 ། རིགས་མི་འདྲ་བའི་སྤྱི་ཕན་བརྡ་ཁྱབ་ཐེངས་ཁྲི 6 ལྷག་བཅས་སྤེལ་ཏེ། འཛད་སྤྱོད་པ་མི་ཐེངས་ཁྲི 8 ལྷག་ལ་ཞུགས་པ་དང་། དྲིལ་སྒྲོག་དཔྱད་ཡིག་དང་དྲིལ་བསྒྲགས་དངོས་རྫས་སྣ་ཚོགས་ཁྲི 20 ལྷག་ཙམ་བཀྲམས་པ་དང་། རྒྱལ་ཁབ་རིམ་པའི་སྨྱན་སྦྱོར་དང་ཞིང་ཆེན་ནང་ཁུལ་གྱི་ཀུན་ཁྱབ་རླུང་འཕྲིན་དང་། བརྙན་འཕྲིན་དང་། ཚགས་པར་དང་དུས་དེབ། དྲ་བ་སོགས་སྨྱན་སྦྱོར་གྱིས “3·15”བྱེད་སྒོའི་གསར་འགྱུར 449 སྤེལ།
ས་ཁོངས་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་ཤུགས་བརྒྱབ་ཏེ། སི་ཁྲོན་ཞིང་ཆེན་འཛད་སྤྱོད་པའི་ཨུ་ལྷན་དང་མཉམ་འབྲེལ་བྱས་ནས《སི་ཁྲོན་ཞིང་ཆེན་གྱི་འཛད་སྤྱོད་དབང་ཆའི་ལམ་སྲོལ་འཛུགས་པའི་སྐོར་གྱི་བརྡ་ཐོ》སྤེལ། ཉིང་རྡུལ་གྱི་བྱེད་ཐབས་ཁག 6 ལ་བརྟེན་ནས་འཛད་སྤྱོད་པས་ས་ཆ་གཞན་དུ་འཛད་སྤྱོད་བྱས་པའི་འཛད་སྤྱོད་རྩོད་གླེང་གི་ཞུ་གཏུག་དང་། “གཏུག་བཤེར་བྱེད་དཀའ་བ་དང་། ཁེ་དབང་སྲུང་སྐྱོང་དཀའ་བའི་གནད་དོན”སེལ། ཞིང་ཆེན་གྱི་རླངས་འཁོར་རྙིང་བའི་འཛད་སྤྱོད་དབང་ཆ་སྲུང་སྐྱོང་གི་རྣམ་པ་གསར་པ་འཚོལ་ཞིབ་བྱས་ཤིང་། འཛད་སྤྱོད་པས་རླངས་འཁོར་རྙིང་པ་ཉོ་དཀའ་བ་དང་། གསལ་འབྱེད་བྱེད་དཀའ་བ། འདུམ་སྒྲིག་བྱེད་དཀའ་བ་བཅས་ཀྱི་གནད་དོན་ལ་དམིགས་ནས། " ཕྱོགས་གསུམ་པའི་ཆེད་ལས་གསལ་འབྱེད་ལས་ཁུངས་ཚར་དྲངས་པ་དང་། མཚོ་ཤར་གྲོང་ཁྱེར་གྱི་རླངས་འཁོར་ཆུང་བའི་ཉོ་ཚོང་ཚོང་རའི་ནང་མཉམ་དུ་འཛད་སྤྱོད་དབང་ཆ་སྲུང་སྐྱོང་ཐད " ཤན་འབྱེད་གཞི་གཅིག་ཅན"གྱི་ཞབས་ཞུའི་ས་ཚིགས་བཙུགས་པ་དང་། ཞབས་ཞུའི་ས་ཚིགས་ཀྱི་འཛད་སྤྱོད་རྩོད་གླེང " ཤན་འབྱེད་གཞི་གཅིག་ཅན" གྱི་འདུམ་འགྲིག་བྱེད་སྟངས་སྤྱད་པར་ཕན་འབྲས་ཐོབ།
ཐིང་རིམ་པའི་མཉམ་འབྲེལ་བཞུགས་མོད་གྲོས་ཚོགས་ཀྱི་ཁོངས་མིར་གྱུར་བའི་ལས་ཁུངས 27གྱིས་ཁ་པར་དང་། ཡིག་བསྐུར་ངོ་བཅར། འཕྲིན་སྦྲེལ་དྲ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་འཛད་སྤྱོད་པའི་བློ་འདྲི་དང་། ཞུ་གཏུག་ཐེར་འདོན་གོང་ཞུ་བཅས་ཁྱོན་བསྡོམས་ཁྲི 21.6 བདག་སྤྲོད་བྱས་ཡོད། ཞུ་གཏུག་ཐེར་འདོན་གོང་ཞུའི་གྱོད་སྒྲུབ་ཀྱི་ཚད 94% ཟིན་ཡོད་པ་དང་། གཉེར་སྐྱོང་བྱེད་པོས་རང་འགུལ་ངང་དྲ་ཐོག་ནས་དངོས་ཟོག་ཉོ་བར་སྣེ་ཁྲིད་བྱེད་པའི་ཉིན་བདུན་ནང་དངོས་ཟོག་བརྗེ་རེས་ཆོག་པར་ལག་བསྟར་བྱས་ཏེ། འཛད་སྤྱོད་ལས་ཐོན་པའི་རྩོད་གཞི་དག་འཛད་སྤྱོད་ཀྱི་གོ་རིམ་ཁྲོད་ནས་ཐག་བཅད། ཞིང་ཆེན་ཡོངས་སུ་དྲ་ཐོག་ཏུ་ཉིན་བདུན་རིང་ལ་རྒྱུ་མཚན་ཅི་ཡང་མེད་པའི་སྒོ་ནས་ཚོང་ཟོང་ཕྱིར་སློག་ཆོག་པ་ཁས་ལེན་བྱས་པའི་ཚོང་ཁང་199ནས634ལ་བསླེབས་པ་དང་། དུས་མཉམ་ལས314% འཕར། རིམ་རྩིས་བྱས་ན་ཚོང་ཟོང་རྒྱུ་མཚན་ཅི་ཡང་མེད་པའི་སྒོ་ནས་ཕྱིར་སློག་པ 5820ལྷག་དང་ལེན་བྱས་པ་དང་། དངོས་ཟོག་དང་མ་དངུལ་སྒོར་ཁྲི 178 ལྷག་ཙམ་ཕྱིར་སློག་ཟིན།
ལོ་འཁོར་གྱི་གནད་ཚིག
བག་ལྷོད་པ།
ལོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་དམངས་ཀྱི་ཆེད་དུ་ལྟ་སྐུལ་དོ་དམ་སྙིང་བོའི་འདུ་ཤེས་བརྟན་པོ་བཙུགས་ཤིང་། འཛད་སྤྱོད་པས་དོ་ཁུར་ཆེ་པའི་གནད་དོན་འབུར་ཐོན་ཅན་ལ་དམིགས་ཏེ། རྒྱལ་ཡོངས་ཀྱི 12315 ལས་སྟེགས་མ་ལག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས། རིམ་པ་ལྔའི་སྟེགས་བུ་བརྟན་པོའི་ངང་འཁོར་སྐྱོད་བྱས་ནས་འཛད་སྤྱོད་ཁོར་ཡུག་རྒྱུན་མཐུད་ཇེ་ལེགས་སུ་བཏང་།
ཞིང་ཆེན་གྱི 12315 ཞབས་ཞུའི་ཐད་སྦྲེལ་ཁ་པར་སྟེང་འཛད་སྤྱོད་པས་ཞུ་གཏུག་འབྱོར་བ་དག་ལ་དུས་ལྟར་ཞིབ་བཤེར་བྱས་ཤིང་། ཞིབ་བཤེར་བྱས་ཚད 99.90% ཟིན་པ་དང་། དུས་ཐོག་ཏུ་དཔྱད་ཞིབ་བྱས་ཚད 99. 87% ཟིན། ཞིང་ཆེན་ཡོངས་ཀྱི་ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་དང་རིམ་པ་སོ་སོའི་མཐུན་ཚོགས་ཀྱིས་མཉམ་དུ་ཞུ་གཏུག་ཐེར་འདོན་གོང་ཞུའི་བློ་འདྲི་ཁྲི 16. 3 དང་ལེན་བྱས་ནས་དུས་མཚུངས་ལས 40. 3% འཕར་བ་དང་། བདག་སྤྲོད་བྱས་ཚད 100% ཟིན་ནས་འཛད་སྤྱོད་པའི་དཔལ་འབྱོར་གྱོང་གུན་སྒོར་ཁྲི 1457. 5ཕྱིར་བླངས། 12345 སྲིད་དོན་ཞབས་ཞུའི་ཐད་སྦྲེལ་ཁ་པར་བརྒྱུད་སྒྲུབ་ཀྱི་ལས་ཐོ 379 བསྒྲུབས་པ་དང་སྒྲུབ་ཚད 100% ཟིན།
ཞིང་ཆེན་ཡོངས་ཀྱི ODR ཁེ་ལས 62 ནས 143 ལ་བསླེབས་ཤིང་། བརྒྱ་ཆ 130.65% འཕར་ཡོད། ODRཁེ་ལས་ཀྱིས་འཛད་སྤྱོད་པའི་ཞུ་གཏུག2711དང་ལེན་བྱས་ཤིང་། དེ་ནི་ཞིང་ཆེན་ཡོངས་ཀྱི་ཞུ་གཏུག་གྲངས་འབོར་སྤྱིའི8.03%ཟིན་པ་དང་། སྒྲུབ་ཚད98.41%ཟིན། ཞིང་ཆེན་ཡོངས་ཀྱི་དྲ་རྒྱའི་ཉོ་ཚོང་ལྟ་སྐུལ་དོ་དམ་བཀོད་འདོམས་སྟེགས་བུ་བསྐྲུན་ནས་རྒྱུན་གཏན་ཅན་གྱི་ལྟ་སྐུལ་དོ་དམ་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་། གཉེར་སྐྱོང་བའི་གདེང་འཇོག་ལུགས་མཐུན་ཀྱི་དམིགས་ཚད་མ་ལག་གཏན་འབེབས་བྱས། ཁྱད་པར་ཅན་དང་གནད་ལ་འཁེལ་བའི་ལྟ་སྐུལ་དོ་དམ་ལ་སྐུལ་འདེད་བཏང་སྟེ། དྲ་ཚིགས་ཀྱི་སྟེགས་བུའི་ཁྲིམས་འགལ་སྒྲིག་འགལ་གྱི་རྩིས་ཐོའི་ཨང་གྲངས 106 དང་དྲ་སྦྲེལ་བཀོལ་སྤྱོད 52བཅས་མཐུན་སྦྱོར་ཐོག་ཐག་གཅོད་བྱས་ནས་དྲ་བ་དང་འབྲེལ་བ་ཡོད་པའི་གྱོད་གཞི 160 ལྷག་ཙམ་ཞིབ་བཤེར་ཐག་གཅོད་བྱས།
འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལས་དོན་ནི་དམངས་འཚོའི་འདུ་འགོད་དང་དམངས་སེམས་ཀྱི་འདུ་འགོད་ཡིན་པས་འགན་འཁྲི་ལྕི་ལ། ལས་འགན་གཟི་བརྗིད་ལྡན། ཞིང་ཆེན་ཡོངས་ཀྱི་ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་སློབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཚོང་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་། འཛད་སྤྱོད་ལ་གསོན་ཤུགས་རྒྱས་པའི་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་ལོའི་བརྗོད་བྱར་དམིགས་ཏེ། 2024 ལོའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་ལས་ཀ་གཙོ་བོ་དང་། སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་སྟོབས་ཤུགས་དང་མཉམ་དུ་མཉམ་དུ་སྲིད་གཞུང་གི་ལྟ་སྐུལ་དོ་དམ་དང་། སྤྱི་ཚོགས་ཀྱི་ལྟ་སྐུལ། ཁེ་ལས་ཀྱི་རང་སྐྱོང་། ལས་རིགས་ཀྱི་རང་གཅུན། འཛད་སྤྱོད་པ་ནང་ཞུགས་བཅས་ཀྱི་འཛད་སྤྱོད་དབང་ཆ་མཉམ་འཛུགས་མཉམ་སྤྱོད་ཀྱི་རྣམ་པ་མཉམ་དུ་བསྐྲུན། རྒྱ་ཆེའི་འཛད་སྤྱོད་པའི་སེམས་ཁྲལ་དང་རེ་སྒུག་གི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས་སྔར་བས་བློ་བདེ་ཞིང་། སྟབས་བདེ་བའི་འཛད་སྤྱོད་ཁོར་ཡུག་བསྐྲུན་ནས་འཛད་སྤྱོད་ཀྱི་ཡིད་ཆེས་ཆེ་རུ་བཏང་བ་དང་། འཛད་སྤྱོད་ལ་གསོན་ཤུགས་རྒྱས་སུ་བཅུག
རྩོམ་སྒྲིག་པ། ཁོན་ཐར་འཚོ།