【ཞིང་ནགས་ལས་ཐིང་དང་རྩྭ་ཐང་ཅུས】མཚོ་སྔོན་ཞིང་ཆེན་གྱི་བརླན་ས་སྲུང་སྐྱོབ་ལ་ཕན་འབྲས་མངོན་གསལ་ཐོབ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

 བརླན་ས་ལ“སའི་གོ་ལའི་མཁལ་མ”ཞེས་འབོད་ཅིང་། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཐོན་ཁུངས་གལ་ཆེན་དང་སྐྱེ་ཁམས་ཀྱི་རྨང་གཞི་གལ་ཆེན་རེད།  2023ལོར་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་མ་དངུལ་བྱེ་བ9327བརྩོན་ལེན་བྱས་ཏེ།  མཚོ་སྔོན་ཞིང་ཆེན་གྱི་ན་འདམ་སྲུང་སྐྱོབ་ཀྱི་ལས་གཞི་སོ་སོ་སྤུས་ཚད་མཐོ་བའི་ཕྱོགས་སུ་འཕེལ་བར་རམ་འདེགས་བྱས།  འབྲེལ་ཡོད་གཞི་གྲངས་ལྟར་ན། ད་སྔ་མཚོ་སྔོན་ཞིང་ཆེན་གྱི་བརླན་སའམ་ན་འདམ་གྱི་རྒྱ་ཁྱོན་ལ་སྤྱི་ཆིང་ས་ཡ712ལ་བསླེབས་ཏེ་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་ཚུད། 
       2023ལོར་ན་འདམ་སྲུང་སྐྱོབ་ཀྱི་ལས་གཞི་སོ་སོའི་མ་དངུལ་བརྩོན་ལེན་གྱི་ཁྲོད་དུ།  ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་བྱེ་བ6367དང་། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་མ་དངུལ་བྱེ་བ2960ཡོད་ལ། སོ་སོ་མཚོ་སྔོན་པོའི་བྱ་གླིང་དང་། མཚོ་སྐྱ་རིངས་དང་སྔོ་རིངས་རྒྱལ་སྤྱིའི་ན་འདམ་གལ་ཆེན།   རྩེ་ཆུ།  དབུས་ལམ་གཏེར་ལམ་ལ་སོགས་ཞིང་ཆེན་རིམ་པའི་ན་འདམ་གལ་ཆེན་སྲུང་སྐྱོབ་དང་སླར་གསོ་ལས་གཞི19ལག་བསྟར་ཕྱོགས་ལ་སྤྱད། དེ་དང་ཆབས་ཅིག  2024ལོའི་ན་འདམ་སྲུང་སྐྱོབ་ཐད་ཀྱི་ནོར་སྲིད་ལས་གཞི14ལ་སྙན་ཞུ་བརྒྱབ་ཅིང་། དེའི་ནང་ཀྲུང་དབྱང་ནོར་སྲིད་ཀྱི་ལས་གཞི5དང་། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་ལས་གཞི9བཅས་འདུ། 
       2023ལོར། མཚོ་སྔོན་རོང་པོ་ན་འདམ་རྒྱལ་ཁབ་ན་འདམ་སྤྱི་ཆིངས་དྲུང་ཡིག་ཁྲུའུ་ཡིས་རྒྱལ་སྤྱིའི་ན་འདམ་གལ་ཆེན་དུ་བདམས། ཁི་ལུ་ཁེ་མཚོ—ཐའོ་སུ་མཚོ་རྒྱལ་ཁབ་ཀྱི་ན་འདམ་གལ་ཆེན་ལ་སྙན་ཞུ་གསར་ཏུ་བརྒྱབ་པར་ཀྲུང་ཧྭ་མི་རིགས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་ཆིངས་ལག་བསྟར་གཞུང་སྒྲུབ་ཁང་གིས་སྒྲིག་འཛུགས་ཐོག་ཡུལ་དངོས་སུ་རྟོག་ཞིབ་བྱས་ཚར།  དབུས་ལམ་དང་གཏེར་ལམ་མཚོ།   ཆུ་དམར་ལེབ་ཀྱི་བདེ་ཆུ་འགོ་ཁུངས། རྩེ་ཆུ་བཅས་ཀྱི་ན་འདམ་གསུམ་རྒྱལ་ཁབ་ནགས་རྩྭ་ཅུས་ཀྱིས་རྒྱལ་ཁབ་ཀྱི་ན་འདམ་གལ་ཆེན་ལ་གཏན་འཁེལ་བྱས། 

རྩོམ་སྒྲིག་པ། ཁོན་ཐར་འཚོ།