[དགོངས་པ་སློབ། ཏང་གཤིས་བསྐྱེད། ལག་ལེན་གཙོ། བྱས་རྗེས་འཇོག] མཚོ་སྔོན་རྟ་ཐང་གིས“དམངས་སེམས་དྲོ་བའི”ཞབས་ཞུ་བསྒྲུབ་ནས་དམངས་ཀྱི་དཀའ་ངལ་སེལ་པ།

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ། སྤེལ་དུས། : 2023-12-07

ཟླ་11པའི་ཟླ་སྟོད་དུ་ཟི་ལིང་གྲོང་ཁྱེར་རྟ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཧྭ་ལིན་ཤང་གི་བཟའ་བཏུང་གསོ་སྦྱོང་བྱ་ཡུལ་དུ་མཐོ་རིམ་ཀྲུང་ལུགས་གཡོས་སྦྱོར་མཁས་ཅན་ཀུའོ་ཅོན་གྱིས་བྱ་ཕོའི་བྱེད་སྟངས་སློབ་བཞིན་ཡོད་པ་རེད།

ཀུའོ་ཅོན་གྱིས་བཀོལ་སྤྱོད་བྱེད་བཞིན་དུ་འགྲེལ་བཤད་བརྒྱབ་པ་དང་།ཏ་ཕན་བྱ་བཟོ་བའི་ཐབས་རྩལ་ཐོག་ནས་མཚོ་སྔོན་གྱི་གྲོ་ཟས་རིག་གནས་ཀྱི་འབྱུང་ཁུངས་སྐོར་གླེང་སྐབས་སློབ་མ་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་ཟིན་བྲིས་དེབ་ཐོག་སྒྲིག་བཟོའི་རྩ་གནད་ནན་ཏན་བྲིས་ནས་གཡོས་སྦྱོར་ལག་རྩལ་ཇི་ལྟར་མཐོ་རུ་གཏོང་རྒྱུའི་ཐད་ཕན་ཚུན་སྤེལ་རེས་བྱེད་ཀྱི་ཡོད།

“ཚང་མའི་རྩལ་ནུས་མཐོ་རུ་གཏོང་ཆེད།ང་ཚོས‘རིགས་པའི་གཞུང་ལུགས་དང་དངོས་སྤྱོད’ཀྱི་བྱེད་ཐབས་ཐོག་ནས་སློབ་མ་50ལ་སི་ཁྲོན་གྱི་སྔོ་ཚལ་དང་ནུབ་བྱང་གི་སྔོ་ཚལ་སོགས་སྔོ་ཚལ་གསོ་སྦྱོང་བྱས་པ་དང་བཟའ་བཅའི་བདེ་འཇགས་དང་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གསོ་སྦྱོང་བྱས་པ་ཕུད་དུས་ཐེངས་དང་པོའི་ཉིན་25ཡི་སློབ་ཚན་ནང་སྔོ་ཚལ་20ཙམ་སློབ་སྦྱོང་བྱེད་ཐུབ་ཀྱི་ཡོད”ཅེས་ཟི་ལིང་གྲོང་ཁྱེར་མང་ཚོགས་ལས་རིགས་གསོ་སྦྱོང་སློབ་གྲྭའི་འགན་འཁུར་བ་ཧོ་དབྱིང་མེ་ཡིས་བཤད།

ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་ཡིན་པ་དང་།ལས་གཏོད་ནི་ལས་ཞུགས་ཀྱི་འབྱུང་ཁུངས་ཡིན་ལ།དཔལ་འབྱོར་འཕེལ་རྒྱས་དང་དམངས་ཕྱུག་འབབ་འཕར་གྱི་ཆེས་གཞི་རྩའི་འདེགས་སྐྱོར་ཡང་ཡིན།བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན།རྟ་ཐང་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས“བསམ་བློ་སློབ་སྦྱོང་དང་།ཏང་གཤིས་ལ་ཤུགས་སྣོན།ལག་ལེན་ལ་མཐོང་ཆེན།བྱས་རྗེས་གསར་པ་གཏོད”བཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིགས་ནས་ལས་ཞུགས་ལས་གཏོད་ཀྱི་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་བཏང་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་དམངས་གཉེར་བྱ་བ་དངོས་ཀྱི་བྱ་སྤྱོད་དངོས་སུ་བསྒྱུར་ནས་མྱུར་ཚད་དང་།དྲོད་ཚད་མཐོ་ལ་རྣམ་འགྱུར་ལྡན་པའི་ལས་ཞུགས་ཞབས་ཞུ་བྱས་ཏེ་ཏ་ཐུང་གི་བཟའ་བཏུང་འཕེལ་རྒྱས་ཆེད་གསར་གཏོད་ལས་གཏོད་ཀྱི་གསར་སྐྱེས་སྟོབས་ཤུགས་གསོ་སྐྱོང་བྱེད་དགོས།    

དུས་བཀག་ལྟར་སྤུས་རྟགས་འཛུགས་སྐྱོང་སྤེལ་རེས་ཚོགས་འདུ་འཚོགས་ནས་ཆེད་ལས་མི་སྣ་གདན་དྲངས་ནས་གཉེར་སྐྱོང་འདུ་ཤེས་དང་།ཚལ་རྫས་གསོ་སྦྱོང་དང་ལྟ་སྦྱོང་སློབ་སྦྱོང་སོགས་བྱེད་ཀྱི་ཡོད།“‘མང་ཚོགས་ཀྱིས་མངགས་ཐོ་དང་སྲིད་གཞུང་གིས་སྤྲོད་པའི’དང‘དྲ་ཐོག་དང་དྲ་ཕྱིར་5+10’སོགས་གསོ་སྦྱོང་བྱེད་སྟངས་གཞིར་བཟུང་ལས་ཞུགས་ལས་གཏོད་གསོ་སྦྱོང་སློབ་ཚན་གྱི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་སློབ་མའི་གྲོང་གསེབ་ཀྱི་ཡུལ་སྐོར་གཉེར་སྐྱོང་དོ་དམ་གྱི་ཕྱོགས་བསྡུས་ནུས་པ་ཆེ་རུ་བཏང་ནས་བཟའ་བཏུང་ལས་གཉེར་མི་སྣའི་མ་གནས་དམའ་རུ་གཏོང་བ་དང་གཉེར་སྐྱོང་ཐབས་ལམ་ཁོང་དུ་ཆུད་རོགས་བྱས་ཏེ་ཞིང་པའི་ལས་གཏོད་དེ་བས་སྟབས་བདེ་རུ་རྟ་ཐང་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ལས་ཞུགས་སྤྱི་ཚོགས་འགན་སྲུང་ཁང་གི་ཀྲུའུ་རེན་ལི་ཆི་ཡེ་ཡིས་འདི་ལོ་ཚུན་རྟ་ཐང་རྫོང་གིས་རིམ་རྩིས་བྱས་ན་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དང་།ཀྲུང་ལུགས་གཡོས་སྦྱོར།“ལས་གཏོད་དང་རྩལ་ནུས་ཟུང་དུ་འབྲེལ་བའི”ཆེད་ལས་གསོ་སྦྱོང་མི་ཐེངས་6000སྒྲིག་འཛུགས་བྱས་ནས་མང་ཚོགས་ས་གནས་དེ་རང་དང་ཐག་ཉེ་སར་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་པར་ཡོང་འབབ་སྒོར་དུང་ཕྱུར་1.5བྱུང་ཡོད།

“ང་ཚོས་ས་ཆ་གཞན་དུ་ལས་ཀ་བྱེད་མཁན་ལ་ཕ་ཡུལ་དངུལ་ཁང་གི་རྒྱབ་སྐྱོར་ཐོབ་པ་བསམ་ཡུལ་ལས་འདས་པ་ཞིག་ལ།དངུལ་དེ་ནི་དངོས་གནས་འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བ་ཞིག་རེད།མ་དངུལ་འཁོར་རྒྱུག་གི་དཀའ་གནད་ཆེན་པོ་ཐག་གཅོད་བྱས་པས་དངོས་གནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”རྟ་ཐང་གི་མཱ་ཀྲན་ལུང་གིས་ཧྲན་ཤིས་ཐའེ་ཡོན་དུ་འབད་བརྩོན་བྱས་པས་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་ཟི་ལིང་རྟ་ཐང་ཉིང་ལག་དངུལ་ཁང་གི“ཁྱེད་ལ་ཕན་པ་འདོགས་པའི”མ་དངུལ་སྒོར་ཁྲི་32འབྱོར་སྐབས་སེམས་འགུལ་ཐེབས་པའི་ངང་བཤད།

ཉིན་16རིང་མི་22དང་ཕར་འགྲོ་ཚུར་འོང་བྱེད་པར་སྤྱི་ལེ་5000ལྷག་ཙམ་བྱས་ནས་ཐུག་འཕྲད་དང་གླེང་མོལ་ཡང་ཡང་བྱེད་པ་དང་གནས་ལུགས་འགྲེལ་བཤད་བྱེད་པ་སོགས་མང་ཚོགས་ཀྱི་“ཡག་པོ”ཞིག་ནི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ཀྱི་མཚོན་ཚུལ་ཡག་ཤོས་ཤིག་ཡིན་པ་དང་།ཏང་ཡོན་ལས་བྱེད་པས་འགན་འཁྲི་ཧུར་ཐག་འཁུར་རྒྱུར་སྐུལ་ལྕག་དེ་བས་ཐེབས་བཞིན་ཡོད།

འདི་ལོ་རྟ་ཐང་རྫོང་གི་སྡེ་ཚན་མང་པོ་མཉམ་འགུལ་བྱས་ཏེ་བརྟག་ཞིབ་ཚོགས་ཆུང་བཙུགས་ནས་ཀོང་ཏུང་ཀོང་ཁུལ་དང་།ཀྲེ་ཅང་ཉིང་པོ།ཅང་སུའུ་སུའུ་ཆན་དང་དེ་བཞིན་ཧོ་ནན་ཁུལ་ཁོའུ།ཧྲན་ཏུང་ཝུའེ་ཧྥང་།ཧྲན་ཤིས་ཐའེ་ཡོན་སོགས་གྲོང་ཁྱེར་དུ་བསྐྱོད་དེ་སྐྱེ་ཁུངས་ཆེ་བའི་བཟའ་བཏུང་ལས་རིགས་གཉེར་སྐྱོང་དུད་ཚང་གི་འཕེལ་རྒྱས་གནས་ཚུལ་དང་གནད་དོན་གྱི་རེ་འདུན་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བྱས་ཡོད།ཕྱི་ཕྱོགས་སུ་བཟའ་བཏུང་ལས་གཉེར་མི་སྣའི་བུ་ཕྲུག་སློབ་ཞུགས་དཀའ་གནད་ཐག་གཅོད་བྱས་ཏེ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས་》སོགས་བཅའ་ཁྲིམས་ཤེས་བྱ་སྒྲོག་འགྲེལ་བྱས་ནས་ཕྱི་ཕྱོགས་སུ་ལས་ཀ་བྱེད་མཁན་ལ་བཅའ་ཁྲིམས་ཀྱི་ཁེ་དབང་སྲུང་སྐྱོང་ཞབས་ཞུ་མཁོ་འདོན་བྱས་པ་སོགས་རྩོད་གཞི་རེ་རེ་བཞིན་ཐག་གཅོད་འོས་འཚམ་བྱས་པ་རེད།

“ང་ཚོས་ས་ཆ་གཞན་གྱི་ལས་ཞུགས་ལས་གཏོད་ལས་དོན་གྱི་སྔོན་ཐོན་ཉམས་མྱོང་དང་དཔེ་མཚོན་བྱེད་ཐབས་དཔྱད་གཞིར་འཛིན་པ་དང་སློབ་སྦྱོང་བྱས་ཏེ་རྟ་ཐང་རྫོང་བཟའ་བཏུང་མཐུན་ཚོགས་དང་བཟའ་བཏུང་ལས་རིགས་(དངུལ་རྩ)ཞབས་ཞུའི་འབྲེལ་གཏུག་ས་ཚིགས་བཙུགས་ནས་ཕྱི་ཕྱོགས་ཀྱི་བཟའ་བཏུང་ལས་རིགས་དེ་འཕེལ་རྒྱས་བཏང་སྟེ། ལས་ཞུགས་མི་སྣའི་བློ་ཁ་ཕྱོགས་ཤུགས་དང་།གོང་བུར་འགྲིལ་ཤུགས།འབོད་སྐུལ་བྱེད་ཤུགས་བཅས་ཆེ་རུ་བཏང་སྟེ་འབྱུང་འགྱུར་ལོ་གསུམ་ནང་ང་ཚོས་བཟའ་བཏུང་དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་ཁྱོན་རྒྱུན་མཐུད་ངང་ཆེ་རུ་བཏང་ནས། གཞི་ཁྱོན་གྱི་ཁྱབ་འགྱེད་ཕན་འབྲས་ཐོན་པ་བྱས་ནས་བཟའ་བཏུང་ལས་རིགས་ཁྲོད་འཕེལ་རྒྱས་ཅུང་ལེགས་པ་དང་སྤུས་རྟགས་ཀྱི་འདུ་ཤེས་ཅུང་ཆེ་བའི་བཟའ་བཏུང་དངོས་ཚན་ཚོང་ཁང་དང་ཁེ་ལས་ལ་ཚོང་ལས་ཀྱི་སྤུས་རྟགས་གཏོད་རྒྱུའི་ཁྲིད་སྟོན་བྱས་ཏེ་མུ་འབྲེལ་གཉེར་སྐྱོང་དང་།    ཁ་ན་ཏའི་ཚོང་ཁང་སོགས་སྤུས་རྟགས་ཅན་དང་།    ཁེ་ལས་ཅན།    གྲངས་གཞི་ཅན་བཅས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་ཁྲོམ་རའི་འགྲན་རྩོད་ནུས་པ་དང་ཉེན་ཁ་འགོག་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས”ཞེས་ཏ་ཐུང་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཅུས་ཀྲང་ལི་ཆི་ཆོན་གྱིས་བཤད།    

“དཔྱིད་རླུང་བྱ་སྤྱོད”དང་།“ཐད་གཏོང་ལས་གནས”“རྟ་ཐང་ལས་ཞུགས་”ཀྱི་སྤྱི་རྟགས་སོགས་དྲ་ཐོག་གི་ལས་ཞུགས་རོགས་སྐྱོར་ཞབས་ཞུའི་ལས་སྟེགས་དང་།ལས་རིགས་རྩལ་ནུས་གསོ་སྦྱོང་དང་།ཞབས་ཞུ་གདན་ཞུ།རྣམ་གྲངས་གལ་ཆེན་བསྡུ་ལེན་སོགས་“ཁག་གཅིག་བཅུ”ཡི་ལས་ཞུགས་རོགས་སྐྱོར་སོགསསྤུས་ལེགས་ཞབས་ཞུ་རབ་དང་རིམ་པའི་“མཉམ་སྒྲིག་བྱེད་ཐབས”རིམ་བཞིན་ཐོན་ཡོད།ད་ཆ་ལས་གཏོད་ལས་ཞུགས་ཀྱི་ལྡབ་འཕར་ཕན་འབྲས་རྒྱུན་ཆད་མེད་པར་མངོན་གསལ་དོད་པ་དང་།མང་ཚོགས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་རྒྱུན་ཆད་མེད་པར་འཕེལ་བ།ངལ་རྩོལ་ནུས་ཤུགས་འཁོར་རྒྱུག་གོ་རིམ་ལྡན་པ།སྐྱེད་བྱུང་རྒྱུ་ཆ་དང་ཐུམ་སྒྲིལ་སོགས་ལས་རིགས་དར་རྒྱས་འགྲོ་བཞིན་ཡོད་པས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་བཞིན་ཡོད་པ་རེད།མིག་སྔའི་བར་རྫོང་ཡོངས་ཀྱིས་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི་14.7ལས་ཞུགས་གཞན་སྒྱུར་བྱས་པར་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་9.7བྱུང་ཡོད།

ལས་ཞུགས་ནི་ཆེས་གཞི་རྩའི་དམངས་འཚོ་ཡིན་པ་དང་།རྒྱ་ཆེའི་མང་ཚོགས་ཀྱི་འཚོ་གནས་དང་འབྲེལ་བ་ཡོད་པ་ཞིག་ཡིན།“རྟ་ཐང་བཟའ་བཏུང་ལས་རིགས་འཕེལ་རྒྱས་དང་འཚམ་པ་དང་།ལས་ཞུགས་གང་ལེགས་དང་འཚམ་པའི་དེང་རབས་ལས་རིགས་གསོ་སྦྱོང་དང་ཞབས་ཞུའི་མ་ལག་སྔར་བས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རྟ་ཐང་བཟའ་བཏུང་གི‘སྤུས་རྟགས་གསར་པ’གཏོད་རྒྱུ་རེད”ལི་ཆི་ཆོན་གྱིས་མང་ཚོགས་ཀྱི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུ་དེ་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ“ལས་ཞུགས་བརྟན་པོ”དང“ལས་ཞུགས་འགན་ལེན”དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་བསམ་བློའི་སྟོབས་ཤུགས་དང་ལས་ཀའི་བློ་གྲོས་རྒྱུན་ཆད་མེད་པར་བསྡུ་ལེན་བྱས་ཏེ་རྟ་ཐང་རྫོང་གི་བཟའ་བཏུང་ལས་རིགས་གཞི་ཁྱོན་ཅན་དང་།སྤུས་རྟགས་ཅན།མུ་འབྲེལ་ཅན་བཅས་སུ་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས་ལས་ཞུགས་ལས་གཏོད་ཀྱི“གཞི་རྩའི་འཆར་གཞི”བརྟན་པོ་ཡོང་བ་བྱེད་དགོས་ཞེས་བཤད་པ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།