མདོ་དབུས་མཐོ་སྒང་གི་དབུས་སུ་གནས་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཁོ་ཆུ་གྲོང་རྡལ་འཕྲོད་བསྟེན་ཁང་གིས་སྲིད་འཛིན་གྲོང་ཚོ་9དང་སྡེ་ཁུལ་2ཀྱི་མི་ཁྲི་1.1གི་སྨན་བཅོས་འཕྲོད་བསྟེན་ལས་དོན་གྱི་འགན་འཁུར་བཞིན་ཡོད། ལོ་47ལ་སླེབས་པའི་ཡོན་ཀྲང་ཉི་མ་ལྷ་མོས་ཆ་སྙོམས་ས་བབ་མཐོ་ཚད་སྨི་4300ཡོད་པའི་ས་ཆ་དེ་རུ་དུད་ཚང་དུ་སྨན་བཅོས་བྱེད་དུ་བསྐྱོད་བཞིན་ཡོད་ཅིང་། ལན་རེར་མང་ཚོགས་ཀྱིས་ཁ་པར་གྱི་བརྙན་མིག་ལམ་ནས་སྨན་བཅོས་བློ་འདྲི་བྱེད་པར་རེ་རེ་བཞིན་ལེན་འདེབས་ངེས། ཉི་མ་ལྷ་མོས་གསར་འགོད་པར་བཤད་རྒྱུར། ས་ཐག་རིང་ཞིང་སྨན་བཅོས་ཀྱི་ཆ་རྐྱེན་ཞན་པའི་ས་ཁུལ་འདིའི་སྨན་བཅོས་ལ་ལྷོད་གཡེང་གཏན་ནས་བྱེད་མི་ཕོད་ཟེར།
“ཡུལ་མི་ཚོར་སྨན་བཅོས་བྱེད་ས་ཡོད་པ་དང་སྨན་རྫས་ཡོད་པ། བཅོས་ཐབས་ཡོད་དུ་འཇུག་དགོས”།
2010ལོར་ཉི་མ་ལྷ་མོ་དགའ་བདེ་རྫོང་སྨན་ཁང་ནས་ཁོ་ཆུ་གྲོང་རྡལ་འཕྲོད་བསྟེན་ཁང་དུ་ཡོན་ཀྲང་གི་འགན་བཞེས།“དེ་གར་སླེབས་སྐབས་ཧ་ལམ་གཅིག་ཀྱང་མེད”ཉི་མ་ལྷ་མོའི་མིག་མདུན་དུ་མངོན་པ་ནི་སྨི་ངོས་སྙོམས་གྲུ་བཞི་མ10ཡོད་པའི་གཞུང་ལས་ཁང་དུ་ཅོག་ཙེ་བཞི་འཚང་ཁ་བརྒྱབ་ནས་ཡོད་པ་དང་། སྨན་ཁང་དུ་སྨན་པ་མེད་ཅིང་ནད་གཡོག་པ་5དེ་གར་གཞུང་དོན་སྒྲུབ་བཞིན་ཡོད། སྨན་བཅོས་ཁུལ་དུ་ཉན་བརྟག་ཡོ་བྱད་དང་ལུས་དྲོད་འཇལ་ཆས་ལས་གཞན་སྨན་བཅོས་ཡོ་བྱད་མང་པོ་རྙེད་མི་ཐུབ།སྨན་ཁང་དུ་ཚད་ལྡན་གྱི་སྨན་སྒྲོམ་ཞིག་ཀྱང་མི་འདུགལོ་གཅིག་རིང་སྔོན་འགོག་སྨན་ཁབ་རྒྱག་པའི་ཞབས་ཞུའི་རིགས་ཀྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་མཁོ་འདོན་བྱེད་པ་ཕུད།ནད་བཅོས་སྲོག་སྐྱོབ་ནི་དེ་བས་གླེང་ཐབས་བྲལ་བ་ཞིག་རེད།
“གནས་ཚུལ་དངོས་ལ་ང་ཚོས་སྣང་ཆུང་གཏན་ནས་བྱེད་མི་རུང་།”2011ལོའི་ཟླ་7པའི་ཉིན་ཞིག་ཉི་མ་ལྷ་མོ་ལས་ཀར་འགྲོ་བའི་ལམ་བར་དུ་རྫོང་སྨན་ཁང་དུ་རྟག་ཏུ་ཕྲུ་གུ་འཁྲིད་མཁན་འབྲུག་མོ་འཕྲད་ཀྱི་ཡོད།“ཕྲུ་གུ་ཚང་མ་བདེ་མོ་ཡིན་ནམ”ཞེས་སྐད་ཆ་ཤོད་སྐབས་ཉི་མ་ལྷ་མོའི་སེམས་སུ་སྡུག་གི་ན་ཟུག་ཅིག་སྐྱེས།
ཟླ་བ་བརྒྱད་ཀྱི་བྱིས་པ་སྐྱུགས་པ་དང་རྩ་འཁུམ་པ་རེད། རྒྱུ་མཚན་ནི་ཁོ་ཆུ་གྲོང་རྡལ་འཕྲོད་བསྟེན་ཁང་ལ་ཆེད་ལས་ཚན་ཁག་གི་སྨན་པ་དང་སྨན་བཅོས་ནུས་པ་མེད་པས་སྨན་བཅོས་འགོར་འགྱངས་བྱས་པའི་བྱིས་པ་སྟབས་མ་ལེགས་པར་ཚེ་ལས་འདས།“འབྲུག་མོ་སེམས་སྡུག་གི་ངུས་ཤིང་ང་ཡང་ངུས། སེམས་སུ་ལུས་སྟེང་དུ་སྟོད་གོས་དཀར་པོ་དེར་ངོ་གནོང་དགོས”བྱུང་སོང་སྙམ།
ངོ་ཚ་དང་འགན་འཁྲི་མཉམ་དུ་འདྲེས་ནས་ཉི་མ་ལྷ་མོ་འགོ་ཁྲིད་ཀྱི་མིག་ནང་དངུལ་དགོས་མཁན་ཆེད་ལས་དུད་ཚང་དུ་གྱུར་ནས་ལས་རོགས་ཚོའི་མིག་ནང་དུ་“གྲོན་ཆུང་བྱེད་མཁན”ཞིག་ཏུ་གྱུར་ཡོད།“འཕྲོད་བསྟེན་ཁང་”དེ་སྨན་ཁང་ཞིག་ཏུ་གཏང་ཆེད། ཉི་མ་ལྷ་མོས་ཡུལ་དུས་གང་འདྲ་ཞིག་ཡིན་རུང་འགོ་ཁྲིད་ཅིག་མཐོང་ཚེ་ལག་པ་བརྐྱངས་ནས་དངུལ་དགོས་པ་དང་།སྒྲིག་ཆས་དགོས་པ།མི་དགོས་པ་བཅས་ཀྱི་ཡིད་ཆེས་གཅིག་ཀྱང་མེད་ཀྱང་མི་འགྲོ་བ་བྱེད་ཀྱི་ཡོད།“ཤོག་བུ་གཅིག་གིས་ང་ཚོའི་མདུན་ངོས་སུ་སྤྱད་ཚར་བ་དང་ལས་རེས་ཀྱི་དྲོས་ཇ་མི་གཉིས་ཀྱིས་གཅིག་ཟ་གི་ཡོད”རྒྱུན་གཏན་གྱི་འགྲོ་སོང་ནས་དངུལ་ལ་སེན་འདྲེད་བྱས་པ་དང་ལས་རོགས་ཚོར་མྱོང་ཚོར་ཟབ་མོ་བྱུང་ཡོད།
ཟླ་བ་གཉིས་སོང་རྗེས་འཕྲོད་བསྟེན་ཁང་དུ་སྨན་སྒྲོམ་ཡོད་པ་དང་འབྲེལ་རྒྱུན་གཏན་གྱི་སྨན་རྫས་བསྒྲིགས་ནས་སྒོ་བསྟེན་སྨན་ཁང་གི་ཞབས་ཞུ་དངོས་སུ་ཤར་གཏོང་ཐུབ་ཡོད།ལོ་གཅིག་གི་རྗེས་སུ་ཚོན་བརྒལ་དང་སྙིང་རིས་སོགས་ཀྱི་སྒྲིག་ཆས་ཡོད།ལོ་གཉིས་སོང་རྗེས་ཁོ་ཆུ་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དུ་སྨན་བཅོས་འཕྲོད་སྦྱོར་དང་ལུས་གསོ་གཅིག་སྡུད་ཀྱི་བོད་ལུགས་གསོ་རིག་ཁང་བསྐྲུན་པ།རྒྱང་ཁྲིད་སྨན་བཅོས་མ་ལག་ཡོད་པས་ཉེ་དུས་ཁུལ་སྨན་ཁང་དང་འབྲེལ་མཐུད་ཐུབ་ནས་ཧྲང་ཧའེ་དང་པེ་ཅིང་གི་རོགས་སྐྱོར་སྨན་ཁང་ལ་ཐད་ཀར་འབྱོར་གྱི་ཡོད།སྨན་བཅོས་བྱེད་མཁན་མི་གྲངས་ལོ་བཅུའི་གོང་གི་མི་ཐེངས་0ནས་ད་ཆའི་ལོ་ལྟར་མི་ཐེངས་ཁྲི་1ལྷག་ཙམ་ལ་གྱུར་ཡོད་པ་རེད།
“སྟོད་གོས་དཀར་པོ་གྱོན་ན་ལྷ་རྗེ་བཟང་པོ་ཞིག་བྱ་དགོས”།
“ད་ཆ་ང་ཚོའི་འཕྲོད་བསྟེན་ཁང་ལ་བྱིས་པའི་ཚན་ཁག་གི་རྒྱུན་མཐོང་ནད་དང་།ཐོན་མང་བའི་ནད་དང་བུད་མེད་ཚན་ཁག་གི་ནད།རྒན་རྒོན་གྱི་གཅོང་ནད་བཅས་ལ་སྨན་བཅོས་བྱེད་པའི་སྟོབས་ཤུགས་ལྡན་ཡོད།2019ལོར་ད་དུང་སྨན་ཁང་དུ་བསྡད་ཡོད།‘ཁང་བྱིའི’དོན་ལྔ་ཚང་ཡོད་ཀྱང་སྨན་དོན་མི་སྣ་དེ་སྔའི་མི་5ནས་21བར་མང་དུ་ཕྱིན་ཡོད་མོད།འོན་ཀྱང་མི་སྣ་ཧ་ཅང་དཀོན་པས་བྲེལ་བ་ཆེན་པོ་ཡོད”།
“གན་རྒྱ་བཞག་པའི་འབྲོག་པ་ཚེ་དབང་ཐོན་སོང་།”ཉི་མ་ལྷ་མོའི་སྐད་ཆ་བཤད་མ་ཚར་གོང་ལས་རེས་ནད་གཡོག་པས་ཚེ་དབང་ལ་བརྟག་དཔྱད་བྱེད་དུ་བཅུག ལས་རོགས་ཆོས་ལྡན་སྐྱབས་ཀྱིས་དགོངས་དག་ཞུ་བའི་ངང་གསར་འགོད་པར“ནད་པ་ཡོང་ཚེ་དོན་ཆེན་ཇི་འདྲ་ཞིག་ཡིན་རུང་ཡོན་ཀྲང་གིས་སྔོན་ལ་གློད་ཀྱི་ཡིན”ཞེས་བཤད།སྐབས་དེ་དུས་ཉི་མ་ལྷ་མོས་གསར་འགོད་པའི་བྲེལ་འཚུབ་ཀྱི་རྒྱབ་གཟུགས་ལ་བལྟས་ནས་མི་རྣམས་ཀྱིས་ཡིད་སྨོན་བྱེད་ཀྱི་ཡོད་ལ།སྨན་པའི་བྱམས་སེམས་ཀྱི་གོ་དོན་ཡང་གསལ་བཤད་བྱས་ཡོད།
འདི་ལོའི་ཟླ་7པར་ལོག་རྗེས་ཆོས་ལྡན་སྐྱབས་ཀྱིས་ཉིན་གང་ཞིག་ལ་སླེབས་མིན་གསལ་པོ་ཤེས་ཀྱི་མེད།དེ་ནི་ཕྱི་དྲོའི་ཆུ་ཚོད་7པ་འཆར་ཉེར་ཡོད་པའི་ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་མཁན་ཚོགས་པའི་ཁོངས་མི་ཞིག་ཡིན་པའི་ངོས་ནས་ཉི་མ་ལྷ་མོས་ལས་ཀ་གྲོལ་བའི་དུས་ཚོད་སྤྱད་དེ་འབྲོག་དུད་ཀྱི་བདེ་ཐང་དཔྱད་གཞི་གསར་ཤོས་ལེགས་སྒྲིག་བྱེད་བཞིན་ཡོད།“ཨ་ཆེ།(བོད་སྐད་ཀྱི་གཅེན་མོའི་དོན་ཡིན)ངའི་ཨ་མའི་བྲང་ཁོག་ན་ཟུག་དྲག་པོ་གཏོང་གི་འདུགཁྱེད་རང་ལྟ་བར་ཡོང་ན་འགྲིག་གམ”ཁ་པར་ནང་གི་ཉི་མ་ལྷ་མོ་ལགས་ཀྱིས་ནང་མིར་སེམས་གསོ་གཏོང་བ་དང་ནད་པའི་ནད་གཞི་ཤེས་རྟོགས་བྱེད་ཞོར་དུ་སྨན་སྒམ་མགྱོགས་མྱུར་ལེགས་སྒྲིག་བྱས་ནས་ལས་ཁུངས་ནས་ཕྱིར་བུད།
ནད་པའི་མིང་ལ་ལྷ་མོ་ཟེར། ད་ལོ་ལོ་74ཡིན་པ་དང་རྩིབ་རུས་བར་གྱི་དབང་རྩའི་གཉན་ཚད་ཡོད།ཉི་མ་ལྷ་མོའི་ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་ཡུལ་ཡིན་པ་དང་།ཟླ་གཅིག་ལྷག་ཙམ་གོང་གཟུགས་པོ་མི་བདེ་བ་བྱུང་བ་དེ་ནི་ཁོང་གིས་སྨན་བཅོས་བྱས་པ་ཞིག་རེད།ཁང་པའི་ཕྱི་རོལ་དུ་འབྲུག་དང་ཆར་པ་ཡང་ཡང་བབས་པས།“འབྲེལ་གཏུག་བྱེད་པའི་རླངས་འཁོར་སླེབས་བྱུང་།ཚོད་དཔག་བྱས་ན་ང་ཡང་སླེབས་འདུག”ཆོས་ལྡན་རྒྱལ་ལ་སྐད་ཆ་དེ་བཏོན་རྗེས་ཉི་མ་ལྷ་མོ་ཨུ་ཚུགས་ཀྱིས་སྤྱི་ལེ་ཁ་ཤས་བསྐྱོད་དེ་ལྷ་མོ་སྨན་བཅོས་བྱས།
ཆུ་ཚོད་གཉིས་སོང་རྗེས་རྒན་རྒོན་གྱི་ནད་གཞི་ཞི་ལྷོད་དུ་སོང་བ་དང་ཉི་མ་ལྷ་མོ་གཞི་ནས་འཕྲོད་བསྟེན་ཁང་དུ་ལོག་པ་དང་།སྐར་མའི་འོག་ཏུ་ལེགས་སྒྲིག་བྱས་མེད་པའི་འབྲོག་དུད་ཀྱི་བདེ་ཐང་དཔྱད་གཞི་འཁྱེར་ནས་ཁྱིམ་དུ་ལོག་པའི་ལམ་དུ་བསྐྱོད།
ཁོ་ཆུ་གྲོང་རྡལ་གྱི་ཤར་ནུབ་བར་ཐག་རིང་ཤོས་ལ་སྤྱི་ལེ་40ཡོད་པ་དང་།ལྷོ་བྱང་གི་བར་ཐག་རིང་ཤོས་ལ་སྤྱི་ལེ་93ཡོད་པ།སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་1700ལྷག་ཙམ་ཡོད་པ་རེད།འབྲོག་དུད་དུ་སྨན་བཅོས་བྱེད་པར་ཐག་རིང་པོ་ཡོད་པས་ཉི་མ་ལྷ་མོས་མི་སྣ་སྒྲིག་འཛུགས་བྱས་ནས་ལམ་རྒྱགས་རྩད་གཅོད་དང་སྨན་བཅོས་བྱེད་ཀྱི་ཡོད།ལས་རོགས་ཚོའི་ངོས་ནས་བརྗོད་ན།“ཉིན་མཚན་གང་ཡིན་རུང་ནད་པར་དགོས་མཁོ་ཡོད་ཚེ་ཁོང་གིས་སྐད་ཅོར་བརྒྱབ་ནས་དེ་གར་འབྱོར་གྱི་ཡོད”ཅེས་གདེང་འཇོག་བྱེད་སྐབས་ཉི་མ་ལྷ་མོས་དེ་ལྟར་བཤད།
“སྨན་པ་ཡག་པོ་ཞིག་བྱས་ནས་མི་དེ་བས་མང་བའི་བདེ་ཐང་སྲུང་སྐྱོབ་བྱེད་དགོས”།
ཚེ་དབང་ལ་ནད་གཞི་བསྟན་རྗེས་ཉི་མ་ལྷ་མོས་གསར་འགོད་པ་དང་ཁ་བརྡ་བྱེད་སྐབས་ལག་ཁྱེར་ཁ་པར་གྱི་བརྙན་ལམ་སླར་ཡང་གྲགས་བྱུང་།
“ཡོན་ཀྲང་ལགས །ངའི་ཕྲུ་གུའི་ལུས་ལ་སྐྲང་འབུར་ཐོན་འདུག་པས་ཁྱེད་ཀྱིས་གཟིགས་དང་།”
“འདི་ནི་ཆུ་ཐོར་ཞིག་རེད།ཁོང་གིས་སྤྱད་མྱོང་བའི་དངོས་པོ་ཚང་མ་ཁྱེད་ཚོ་དང་ཕྲུ་གུ་གཞན་ཚང་མས་བེད་སྤྱོད་གཏོང་མི་དགོས་པར་ནད་འགོ་སྲིད”དེ་རྗེས་ཉི་མ་ལྷ་མོས་སྨན་ཁང་དུ་བསྐྱོད་དེ་ཨ་ཞི་ལོ་ཝེ་ཡི་བྱུག་སྨན་ཞིག་ཕྱེ་ནས་ལས་རོགས་ཚོར་སྐྱེལ་དུ་བཅུག
“འཕྲོད་བསྟེན་ཁང་དུ་ཁབ་རྒྱག་ཏུ་ཡོང་དགོས་མིན་འདྲི་སྐབས།བྱིས་པའི་ཚན་ཁག་གི་ཆེད་ལས་ཚན་ཁག་ནས་ཡིན་པའི་ཉི་མ་ལྷ་མོས་ཐད་ཀར་དུ“ཚབས་ཆེན་མ་རེད།ཁབ་རྒྱག་དགོས་དོན་མེད།ཉིན་རེར་ཐེངས་གསུམ་ཕྱིས་ན་ལེགས་ཀྱི་རེད”ཅེས་བཤད།
ཁོ་ཆུ་གྲོང་རྡལ་འཕྲོད་བསྟེན་ཁང་དུ་ལས་མི་རྒན་གྲས་དང་ཁོངས་མི་གསར་པ་གང་ཡིན་རུང་ཁོང་ཚོས་ཁ་རོག་གེར་ཉི་མ་ལྷ་མོའི་སྨན་བཅོས་སྒྲིག་ལམ་ལ་ལད་མོ་བྱེད་བཞིན་ཡོད་པ་སྟེ།སྨན་རྫས་ལ་བརྟེན་ནས་དྲག་སྐྱེད་བྱུང་ཚེ་ནད་པར་ཁབ་གཏན་ནས་རྒྱག་མི་དགོས་པ་དང་།རིན་གོང་སླ་བའི་སྨན་བཀོལ་ཐུབ་ན་རིན་གོང་མཐོ་བའི་སྨན་གཏན་ནས་མི་སྟེར།སྒོ་བསྟེན་སྨན་བཅོས་བྱེད་ཐུབ་ན་ནད་པ་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་དགོས་པའི་བླང་བྱ་གཏན་ནས་འདོན་མི་དགོས།
ཉི་མ་ལྷ་མོས་ནད་ལྟ་སྐབས་གང་ས་གང་དུ་ནད་པར་བསམ་བློ་གཏོང་བ་མ་ཟད།ཁོ་ཆུ་གྲོང་རྡལ་འཕྲོད་བསྟེན་ཁང་དུ་སྨན་བཅོས་བྱེད་པར་ཡོང་མཁན་འབྲོག་པས་སྨན་རིན་ཉུང་ཙམ་སྤྲད་པའམ་ཡང་ན་དངུལ་སྤྲད་མེད་པར་འགྲོ་སྐབས་རྟག་ཏུ་ཐོན་གྱི་ཡོད་པས་ཉི་མ་ལྷ་མོས་རྟག་ཏུ་ཁ་རོག་གེར་སྤྲོད་ཀྱི་ཡོད།ལས་རོགས་ཚོས་བཤད་རྒྱུར།“ཁྱེད་རང་གིས་འདི་ནམ་ཞིག་ལ་འདིང་ཐུབ་བམ།འགྲོ་ཐུབ་བམ”གྲོགས་པོ་ཚོས“ཁྱོད་གླེན་པ་ཨེ་རེད།རང་གི་ཁྱིམ་ལ་སྒོར་མོ་མི་དགོས”ཞེས་བཤད།ཉི་མ་ལྷ་མོས་རྒྱུན་དུ་སྐྱོན་མེད་ཅེས་པའི་ཡིག་འབྲུ་གཉིས་ཀྱི་ཐོག་ནས་འགྲོ་གི་ཡོད།འོན་ཀྱང་ཉི་མ་ལྷ་མོའི་ཨ་ཕ་ནི་དུས་ཐོག་ཏུ་སྨན་བཅོས་བྱེད་མ་ཐུབ་པའི་རྐྱེན་གྱིས་ཚེ་ལས་འདས་པ་ཞིག་ཡིན་པ་ཤེས་མཁན་མང་པོ་ཡོད།ཆུང་དུས་ནས་ཁོང་གིས་སྨན་པ་ཡག་པོ་ཞིག་བྱས་ནས་མི་དེ་བས་མང་བའི་བདེ་ཐང་སྲུང་སྐྱོབ་བྱ་རྒྱུའི་དམ་བཅའ་བཞག
ལོ་ཙཱ་བ། ལྷ་ཆེན་རྒྱལ།
རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།