རང་རེའི་དྲ་བའི་འཕྲིན། ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་རྗེས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས།ལག་བསྟར་བཅས་ནན་ཏན་བྱས་ཏེ་ལྟེ་བའི་དོན་གནད་ཁོང་དུ་ཡང་དག་ཆུད་པ་དང་།ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ཐོག་ནས་ལུས་རྩལ་གྱི“གལ་ཆེན་བཞིའི”ནུས་པའི་ངེས་གནས་ལ་ཞིབ་ལྟ་བྱས་ཏེ་ལུས་རྩལ་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས་ལུས་རྩལ་བྱ་གཞག་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་བྱས་ཏེ་བསམ་བློའི་ངོས་འཛིན་གསལ་པོ་དང་།དམིགས་ཚད་ཁ་གསལ།རང་འགུལ་ངང་ལས་དོན་སྒྲུབ་པ། འགན་འཁྲི་འཁུར་ཕོད་པའི་སྒོ་ནས་མཐོ་སྒང་གི་ཁྱད་ཆོས་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ལུས་རྩལ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས།
“ང་ཚོས་ཆུ་ཚད་དེ་བས་མཐོ་བའི་དམངས་ཡོངས་ཀྱི་ལུས་སྦྱོང་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་རྒྱུར་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་།རྩལ་འགྲན་ལུས་རྩལ་གྱི་གསེར་གྱི་རྟགས་མ་བརྩོན་ལེན་དང་དངུལ་གྱི་སྟོབས་ཤུགས་བརྩོན་ལེན་བྱེད་པ།‘ལུས་རྩལ་དང་སློབ་གསོ་མཉམ་འདྲེས་ཟབ་ཏུ་གཏོང་བ’ཟབ་ཏུ་གཏོང་བ།ལུས་རྩལ་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་།རྒྱ་སྐྱེད།ཕན་འབྲས་ཆེ་རུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་ནས་སྤུས་རྟགས་འགྲན་བསྡུར་སྤུས་ལེགས་སྒོ་ནས་ཡག་པོ་གཉེར་ཏེ་ལུས་རྩལ་གྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་དང་ནུས་པའི་རིན་ཐང་གང་ལེགས་མངོན་པར་བྱ་རྒྱུ་ཡིན”ཅེས་ཞིང་ཆེན་ལུས་རྩལ་ཅུས་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་ཝང་ཞ་ཡིས་བཤད།
སློབ་སྦྱོང་དང་སྤེལ་རེས་དང་གྲོས་བསྡུར་གཏིང་ཟབ་བྱེད་པ།
མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་སྣེ་ཁྲིད་དུ་བྱས་ཏེ་ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དེ་ཅུས་ཏང་ཙུའུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་དང་།ཏང་ཀྲི་པུའུ་ཁགགཞོན་ནུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ཚོགས་ཆུང་བཅས་ཀྱི་སློབ་སྦྱོང་ནང་དོན་གལ་ཆེན་ནང་བཅུག་ནས་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་དགོངས་དོན་གྱི་ངོ་བོར་གོ་བ་ལེན་པ་དང་།ངོས་འཛིན་མཐོ་རུ་བཏང་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ཞིབ་ཕྲ་ཡོང་བའི་འགན་ལེན་ཏན་ཏིག་བྱ་དགོས།
“མཚོ་སྔོན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་ཐད་མདུན་གྲལ་དུ་བསྐྱོད་དགོས་པ་དང་།མི་རིགས་ལུས་རྩལ་ནི་དེའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན།ཏང་ཙུའུ་ཚན་ཁག་གི་ཁོངས་མི་ཞིག་ཡིན་པའི་ངོས་ནས་རྒྱུག་མཐུད་དབྱུག་པ་ཡག་པོ་ལེན་པ་དང་།གྲུབ་འབྲས་ཡག་པོ་ཐོན་པ།རྒྱུགས་ཤོག་ཡག་པོ་སྤྲོད་ཐུབ་མིན་བཅས་ཀྱི་འགག་རྩ་ནི་བསམ་བློ་གཏོང་མི་འདོད་པ་དང་།སྒྲུབ་མི་ཕོད་པ།སྒྲུབ་མི་ཤེས་པ་བཅས་ལ་ཐུག་ཡོད།ཏང་ཡོན་ལས་བྱེད་པའི་ངོས་ནས་བརྗོད་ན།‘ལས་ཀ་གང་ཞིག་བྱེད་དགོས’ཞེས་པའི་འགག་རྩ་དེ་སྟངས་འཛིན་ནན་པོ་བྱས་ནས་རང་ཉིད་ཀྱི་ཅེས་ཞིང་ཆེན་ལུས་རྩལ་ཅུས་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི“རབ་རིབ་ཀྱི་ངོས་འཛིན་བཞི”སྤེལ་རེས་དང་བགྲོ་གླེང་བྱེད་རིང་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའུ་ཤིན་ཧའེ་ཡིས་དེ་ལྟར་བཤད།
མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཏང་ཀྲི་པུའུ་ཁག་གིས་ཀྱང“ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་པོ་ཡོང་བ་བྱེད་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས“ངོས་འཛིན་རབ་རིབ་བཞི”དང“ང་ནི་རིགས་གང་ཞིག་གི་ལས་བྱེད་པ་ཡིན་པར་བསམ་བློ་གཏོང་དགོས”ཞེས་པ་དང་ཟུང་འབྲེལ་བྱས་ནས་སྤེལ་རེས་དང་བགྲོ་གླེང་བྱས་ཏེ་བསམ་བློའི་ཐད་ཀྱི་ནོར་འཁྲུལ་སྔར་བས་ལེགས་སུ་གཏོང་བ་དང་།ཐེ་ཚོམ་བབ་ལྟ་དང་འཕེལ་མེད་ཀྱི་སྒྱིད་ལུག་གི་བསམ་བློར་འགྱུར་ལྡོག་བཏང་ནས་ཡར་རྒྱས་བརྩོན་ལེན་མི་བྱེད་པ་དང་ཉི་མ་གང་འཁྱོལ་གྱི་སྒྱིད་ལུག་གི་རྣམ་པ་མཐའ་གཅིག་ཏུ་གཏན་འགོག་བྱས་ཏེ་འགན་འཁུར་ཕོད་པ་དང་ལས་དོན་སྒྲུབ་ཐུབ་པའི་ཆོད་སེམས་ལྡན་དགོས།
དོན་འཁྱོལ་ལ་མཐོང་ཆེན།
ལས་གནས་ལ་གཞི་ཚུགས་ཏེ་དངོས་འཛིན་དངོས་སྒྲུབ་བྱེད་དགོས།
ཕྱོགས་ཡོངས་ནས་སློབ་སྦྱོང་གང་ལེགས་བྱེད་པའི་རྨང་གཞིའི་ཐོག་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལས་དོན་ཁག་ལ་ལག་བསྟར་དོན་འཁྱོལ་བྱས་ཏེ་ལས་གནས་ལ་གཞི་ཚུགས་ནས་དངོས་འཛིན་དངོས་སྒྲུབ་བྱས་ཡོད།
བརྟག་དཔྱད་ཞིབ་འཇུག་ལ་བརྟེན་ནས་མཚོ་སྔོན་གྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཁྲོད་ཀྱི་དཀའ་གནད་སེལ་དགོས།ཞིང་ཆེན་ལུས་རྩལ་ཅུས་ཏང་ཙུའུ་ཡིས《ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་གཙོ་གནད་ལས་འགན་གྱི་བྱ་སྤྱོད་ཇུས་གཞི》བཟོས་ནས་པར་འགྲེམས་བྱས་པ་དང་།མང་ཚོགས་ཀྱི་ལུས་རྩལ་དང་།རྩལ་འགྲན་ལུས་རྩལ།ལུས་རྩལ་ཐོན་ལས།ལུས་རྩལ་རྩ་འཛུགས།ལུས་རྩལ་སྒྱུར་བཅོས།ལུས་རྩལ་བཅོས་སྐྱོང་།ཕྱོགས་ཡོངས་ནས་ཏང་ནན་སྐྱོང་སོགས་ཀྱི་ལས་དོན་ལ་དམིགས་ནས། ཞིང་ཆེན་ལུས་རྩལ་ཅུས་ཏང་ཙུའུ་ཡི་ཁོངས་མིས་རང་འགུལ་ངང་བརྟག་དཔྱད་ཞིབ་འཇུག་བྱ་གཞི་ངོས་ལེན་བྱས་ནས་རྣམ་གྲངས་ཁག་19ཡི་བརྟག་ཞིབ་ཁ་ཕྱོགས་གཏན་འཁེལ་བྱས་པ་དང་། འགྲན་བསྡུར་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་དང་། ཆེད་དོན་བརྟག་དཔྱད། བརྟག་དཔྱད་འདྲི་ཤོག་སྤྲོད་པ། བཅར་འདྲི་རེ་གཉིས་བྱེད་པ། གཞོན་ནུ་ལས་བྱེད་པའི་སྙིང་གཏམ་ཤོད་རེས་ཚོགས་འདུ་སོགས་ཀྱི་བྱ་ཐབས་སྤྱད་དེ་བརྟག་ཞིབ་ཐེངས་38བྱས་པ་དང་། ཐབས་ཇུས་གྲོས་འགོ་19བཏོན་པ། བརྟག་ཞིབ་སྙན་ཞུ་4གྲུབ་པ་བཅས་རེད། ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཁྲུའུ་དང་ཁང་ཁག་གིས་ལས་ཀའི་འགན་འཁྲིར་རྩེ་གཅིག་ཏུ་དམིགས་ནས་གནད་འཁེལ་བརྗོད་གཞི་དང་། ཇུས་གཞི་གཏན་འབེབས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བཅས་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་སྙན་ཞུ་40གྲུབ་པ་དང་། གནད་དོན་91རྙེད་པ། དམིགས་ས་ཡོད་པའི་སྒོ་ནས་ལས་ཀའི་བྱེད་ཐབས་200ལྷག་བཏོན་པ་རེད།
མཚོ་སྔོན་ཞིང་ཆེན་གྱི་རྩལ་འགྲན་ལུས་རྩལ་སྤུས་ལེགས་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་ནས་རྩལ་འགྲན་ལུས་རྩལ་ཚད་ལྡན་ཅན་གྱི་དོ་དམ་མ་ལག་བསྐྲུན་ཆེད།མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་དམ་འཛིན་བྱ་གཞིར་བྱས་ཏེ་སྦྱོང་བརྡར་ཚན་པ་ཁག་ཏུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་པ་དང་འབྲེལ་ཆེད་དོན་བརྟག་ཞིབ་སྙན་ཞུ་ཞིག་ཀྱང་བཟོས་ཡོད།དུས་ཡུན་ངེས་ཅན་ཞིག་འབད་བརྩོན་བྱས་པ་བརྒྱུད་ཚད་ལྡན་ཅན་གྱི་མ་ལག་འཛུགས་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པོ་ཡོད་པ་དང་།རྨང་གཞིའི་འཛུགས་སྐྲུན་དང་།ལག་རྩལ་གྱི་འདེགས་སྐྱོར།སྒྲིག་འཛུགས་མཐུན་སྦྱོར།སྣེ་ཁྲིད་དཔེ་སྟོན།ཞབས་ཞུ་འགན་ལེན།དཔྱད་ཞིབ་དཔྱད་དཔོག་སོགས་དེང་རབས་ཅན་གྱི་ཆུ་ཚད་ཚང་མ་ཚད་མི་འདྲ་བའི་སྒོ་ནས་མཐོ་རུ་ཕྱིན་ཡོད་པ་རེད།“ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མུ་མཐུད་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་བྱས་ཏེ་བསམ་བློར་བཅིངས་འགྲོལ་གཏོང་བ་དང་།རྐང་ལག་གློད་པ།གསར་གཏོད་བྱེད་ཕོད་པ།བློ་ཁོག་ཆེན་པོས་ཚད་བརྒལ་བྱེད་པ་བཅས་བྱས་ཏེ་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བར་བརྟེན་ནས་སྔོན་ཚུད་ནས་ཇུས་འགོད་དང་ལས་དོན་ནུས་ལྡན་བསྒྲུབས་ཏེ་མཐོ་སྒང་གི་ལུས་རྩལ་ལ་བརྟེན་ནས་ཞིང་ཆེན་སྟོབས་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན”ཅེས་དབྱང་ཧའེ་ཉིང་གིས་བཤད།
གསར་གཏོད་དངོས་སྒྲུབ་ཀྱི་རྣམ་པ་ཟབ་མོ་ལྡན་པ།
མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་མཚོ་སྐོར་འགྲན་བསྡུར་གྱི་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ།རྨ་ཆུའི་མྱུར་བརྒལ་འགྲན་བསྡུར་དང་ལྕགས་མིའི་རྣམ་གྲངས་གསུམ་གྱི་འགྲན་བསྡུར་གསར་གཏོད་བྱས་ནས་སྐྱེ་ཁམས་ལུས་རྩལ་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཏུ་བསྐྱོད་ཡོད།གངས་དཀར་རི་བོའི་རི་འཛེག་འདུ་ཚོགས་དང་།གཡུ་འབྲུག་ལྷ་རྩེའི་རི་འཛེག་ཚོགས་ཆེན།འབའ་རྫོང་གི་བྱེ་བགྲོད་རྩེར་སོན་འགྲན་བསྡུར་བཅས་ལ་བརྟེན་ནས་མཚོ་སྔོན་གྱི་དགུན་དཔྱིད་ཀྱི་ལུས་རྩལ་ཡུལ་སྐོར་དང་ཐོན་ལས་འཛད་སྤྱོད་རིམ་སྤོར་ལ་སྔར་བས་སྐུལ་འདེད་བཏང་བ།མཉམ་འབྲེལ་ས་ཚིགས་ཀྱི་རོགས་སྐྱོར་གྲོང་ཚོར་རྐང་ཐང་འགྲན་བསྡུར་དང་གྲོང་གསེབ་ཀྱི་སྤྲོ་སྣང་ལྡན་པའི་ལུས་རྩལ་འགྲན་ཚོགས་གཉེར་ནས་ལུས་རྩལ་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།
མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱིས་ད་དུང“ངས་ལུས་རྩལ་འཕེལ་རྒྱས་ལ་ཇུས་བཟང་འབུལ་བའི”བྱེད་སྒོ་སྤེལ་བ་དང་།ཏང་ཀྲི་པུའུ་ཁག་གིས་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་སྒྲིག་འཛུགས་བྱས་ཏེ་སློབ་སྦྱོང་གྲོས་བསྡུར་དང་བཞུགས་མོལ་སྤེལ་རེས་སོགས་ཀྱི་བྱེད་ཐབས་སྤྱད་དེ་རྩལ་འགྲན་ལུས་རྩལ་དང་།མང་ཚོགས་ཀྱི་ལུས་རྩལ།ལུས་རྩལ་ཐོན་ལས།ལུས་རྩལ་འགྲན་བསྡུར་བྱེད་སྒོ་སོགས་གཙོ་གནད་ལས་དོན་ལ་སྐུལ་འདེད་གཏོང་ཆེད་ཐབས་འདོན་ཇུས་འདོན་ཧུར་ཐག་བྱས་ནས་མཚོ་སྔོན་གྱི་ལུས་རྩལ་ལས་དོན་ཁག་སྤུས་ལེགས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་ལྟེ་བའི་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་ཡོད།
ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་དགོས།མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱིས་ཞིང་ཨུད་ཀྱི“གཅིག་རེ་དྲུག”གི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ“ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་།མཉམ་འདྲེས་མཉམ་སྐྲུན།ལུས་རྩལ་དམངས་ཕན”བཅས་དང“ཏང་འཛུགས་སྐྱོང་གི་བླ་སྲོག་གཏོད་པ་དང་།ཀུན་སྤྱོད་ལ་བརྩི་བཀུར་བྱེད་པ།འགྲན་རར་གཟི་བརྗིད་བརྩོན་པ”བཅས་བརྗོད་དོན་གཙོ་བོའི་ལུས་རྩལ་ཏང་འཛུགས་སྐྱོང་གི་སྤུས་རྟགས་གཙོ་གནད་ཐོག་བཏོད་དེ་ཉམས་མྱོང་དང་བྱེད་ཐབས་ཕྱོགས་སྡོམ་གཏིང་ཟབ་བྱས་ནས་ཅུས་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་དཔེ་སྟོན་དཔེ་མཚོན་4བཏོད་ཡོད།ཀྲི་པུའུ་མཉམ་འབྲེལ་འཛུགས་སྐྱོང་ལས་དོན་ལ་གཙོ་གནད་ཐོག་ཤུགས་སྣོན་བརྒྱབ་ནས་ཅུས་ལས་ཁུངས་ཀྱི་ཁྲུའུ་དང་ལུས་རྩལ་རུ་ཁག་ཁག་དང་ས་ཚིགས་མཉམ་འབྲེལ་གྱིས་ལས་ཀའི་ལམ་སྲོལ་བཙུགས་ཏེ་ལུས་རྩལ་རུ་ཁག་ཏུ“སྡེ་ཚན་དང་ལུས་རྩལ་རུ་ཁག་ཟུང་དུ་འབྲེལ་བའི”རྣམ་པའི་ཏང་ཀྲི་པུའུ་འཛུགས་སྐྱོང་འཚོལ་ཞིབ་བྱས་ནས་བཙུགས་པ་དང་།ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་ལེགས་ཆར་བརྟེན་ནས་ལུས་རྩལ་རུ་ཁག་གི་ཏང་འཛུགས་སྐྱོང་ལ་སྐུལ་ཁྲིད་བྱས་ཏེ་ཏང་འཛུགས་སྐྱོང་དང་ལས་སྒོའི་ལས་དོན་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྔར་བས་སྐུལ་འདེད་བྱ་དགོས།
ལམ་ཆེན་སྟབས་བདེ་དང་དངོས་སྒྲུབ་གནད་འགག་ཡིན།“ང་ཚོས‘ལས་བྱེད་པས་ལས་ཀ་བྱེད་པ་དང་བསམ་ཕྱོགས་གསལ་པོ་ཡོང་བ་བྱེད་པའི’བླང་བྱ་དེ་ལུས་རྩལ་ཁོངས་གཏོགས་ཀྱི་ཕྱོགས་ཁག་གི་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱས་ཏེ་ཕྲག་པ་ཡངས་ཤིང་འགན་འཁྲིའི་ཞིང་ཁ་ཡག་པོ་བཙུགས་ནས་མང་ཚོགས་གང་དུ་ལུས་སྦྱོང་བྱེད་པར་འགྲོ་བ་དང་།རྩལ་འགྲན་ལུས་རྩལ་གྱི་འགྲན་རྩོད་ནུས་པ་ཞན་པ།ལུས་རྩལ་པ་ཕྱིར་གཏོང་ནང་འདྲེན་ཤར་གཏོང་མི་ཐུབ་པ།ལུས་རྩལ་ཐོན་ལས་ཀྱི་གཞི་ཁྱོན་ཆུང་བ།ལུས་རྩལ་ཞབས་ཞུའི་ཐོན་རྫས་མཁོ་སྤྲོད་མི་འདང་བ་སོགས་ཀྱི་དཀའ་ངལ་ཧུར་ཐག་བསལ་ནས་དེང་རབས་ཅན་གྱི་མཐོ་སྒང་གི་ལུས་རྩལ་སྟོབས་ཆེའི་ཞིང་ཆེན་བསྐྲུན་རྒྱུའི་རྒྱུགས་ཤོག་ཡག་པོ་ཞིག་ཧུར་ཐག་འབུལ་རྒྱུ་ཡིན”ཅེས་ཞིང་ཆེན་ལུས་རྩལ་ཅུས་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་ཝང་ཞ་ཡིས་བཤད།
ལོ་ཙཱ་བ། ལྷ་ཆེན་རྒྱལ།
རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།