རང་རེའི་དྲ་བའི་འཕྲིན། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་སྤྱི་ཚོགས་དང་དཔལ་འབྱོར་སླར་གསོ་རྒྱུན་རྣམ་ཅན་དུ་འཁོར་རྒྱུག་བྱེད་པ་དང་དེ་བཞིན་བརྟན་པོའི་ངང་འཕར་བའི་བྱེད་ཐབས་རབ་དང་རིམ་པའི་སྐུལ་ཁྲིད་འོག་མཚོ་སྔོན་ཞིང་ཆེན་གྱི་ཞབས་ཞུའི་ལས་རིགས་སླར་གསོ་མགྱོགས་པོ་བྱུང་བ་དང་།འགྲིམ་འགྲུལ་སྐྱེལ་འདྲེན་དང་ཞག་སྡོད་བཟའ་བཏུང་སོགས་འབྲེལ་གཏུག་རང་བཞིན་གྱི་ཞབས་ཞུའི་ལས་རིགས་སླར་གསོ་མངོན་གསལ་དོད་པོ་བྱུང་བ།དངུལ་རྩའི་ཡིད་རྟོན་དངུལ་བུན་གྱི་འདེགས་སྐྱོར་བརྟན་པོ་བྱུང་བ།སྦྲག་སྲིད་གློག་འཕྲིན་མགྱོགས་མྱུར་འཕར་བ།ཡུལ་སྐོར་ལས་རིགས་རྒྱུན་མཐུད་ངང་འཕར་བ་བཅས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་བསྣན་ཡོད་པ་རེད།
2023ལོའི་དབྱར་དུས་ཀྱི་ཡུལ་སྐོར་འཕེལ་ཕྱོགས་ཀྱི་མིང་ཐོའི་ནང་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དབྱར་དུས་ཀྱི་ཚ་གཡོལ་བྱ་ཡུལ་དང་།མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་ཀྲུང་གོའི་སྣོད་བཅུད་ཡུལ་སྐོར་གྱི་ཚ་གཡོལ་སྤྲོ་གསེང་འོས་སྦྱོར་མིང་ཐོ།མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཚྭ་མཚོའི་སྐར་མ་མིག་དམར་རྟེན་གཞིའི་རྒྱས་སྤྲས་སྒར་སྡོད་འོས་སྦྱོར་མིང་ཐོའི་ནང་ཚུད་པ་སོགས་མཚོ་སྔོན་གྱི་ས་གནས་ཁག་གི་དཔོད་ཆུང་དང་གྲོགས་པོའི་ཚོགས་པས་མཚོ་སྔོན་གྱི་མཛེས་ལྗོངས་བརྒྱུད་སྤྲོད་བྱས་པ་དང་ཆབས་ཅིག་ཚང་མས་མཚོ་སྔོན་གྱི་ཡུལ་སྐོར་ཚ་རླབས་ཀྱི་རྣམ་པ་ཚོར་ཐུབ་པ་བྱུང་ཡོད།
མཚོ་སྔོན་པོ་རུ་ཟླ་4པ་ནས་བཟུང་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་ཐོན་ཞིང་།“མཚོ་སྔོན་པོ་ཧ་ཅང་མཛེས་པོ་འདུག མ་གཞི་ཁ་སང་ནས་མཛེས་ལྗོངས་ཁུལ་རྗེས་མར་འགྲོ་དགོས་བྱུང་།ང་དང་ནང་མི་ཡང་དེ་གར་དགོང་མོ་གཅིག་སྡོད་དགོས་བྱུང”ཧུའུ་ནན་ཞིང་ཆེན་ནས་ཡིན་པའི་ཡུལ་སྐོར་བ་ཝང་ཤུན་གྱིས་གསར་འགོད་པར་ཉིན་མོ་ང་ཚོ་ཡུལ་སྐོར་གྲུ་གཟིངས་ལ་བསྡད་དེ་མཚོ་སྔོན་པོར་ལྟ་སྐོར་བྱེད་པ་མ་ཟད།ད་དུང་རྩྭ་ཐང་གི་དམངས་སྲོལ་གོམས་གཤིས་ཉམས་ལེན་བྱས་ཡོད།དགོང་མོ་མཚོ་འགྲམ་གྱི་མཚན་ལྗོངས་དེ་བས་མི་རྣམས་ཀྱིས་བཟི་བར་བྱས་ནས་ཉིན་གང་བོར་ནང་མི་ཚང་མ་རྩེད་འཇོར་རོལ་བཞིན་ཡོད།
མཚོ་ངོས་སུ་གསེར་མདོག་གི་ཉི་འོད་དལ་བུར་འཆར་བ་དང་མཚོ་འགྲམ་དུ་ཡུལ་སྐོར་བ་རྒྱུན་ཆད་རྒྱུ་མེད་པ་དང་ཟུར་བརྒྱད་ལྡན་གྱི་བསིལ་ཁང་འགྲམ་དུ་ཡང་མི་མི་ཉུང་བ་ཞིག་ཡོད།མིག་སྔའི་བར།2023ལོར་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བྱེད་མཁན་རིམ་རྩིས་བྱས་ན་མི་ཐེངས་ཁྲི་300ལས་བརྒལ་ནས་མཚོ་སྔོན་པོའི་ཡུལ་སྐོར་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་སླར་ཡང་བཏོད་ཡོད།
ཟི་ལིང་གྲོང་ཁྱེར་དང་།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ།མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱིས་སྐུ་འབུམ་བྱམས་པ་གླིང་དང་།ཉི་ཟླ་རི་བོ།མཚོ་སྔོན་པོ།རྒྱལ་ཁབ་ས་གཤིས་སྤྱི་གླིང་།མུན་ཡོན་ལེ་དབར་བརྒྱའི་མེ་ཏོག་སོགས་གྲགས་ཅན་མཛེས་ལྗོངས་ཁུལ་དང་མཚོན་རྟགས་རང་བཞིན་གྱི་སྐྲུན་དངོས་ལ་བརྟེན་ནས་འགྲན་བསྡུར་གྱི་ལམ་ཐིག་བཀོད་སྒྲིག་བྱས་ཏེ་ཁ་ཕྱོགས་གཏན་འཁེལ་གྱི་འགྲན་བསྡུར་དང་རྐང་འཁོར་བཞོན་པ་དང་།རྐང་ཐང་མར་སྐྱོད་པ།རླངས་འཁོར་དང་སྦག་སྦག་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པ།སྒར་སྡོད་སོགས་ཀྱི་བྱེད་སྒོ་སྤེལ་ནས“ལུས་རྩལ་དང་།ཡུལ་སྐོར།རིག་གནས་བཅས་ཟུང་དུ་འབྲེལ་བའི”ཉམས་ལེན་ཕུན་སུམ་ཚོགས་སུ་བཏང་ཡོད།
ལས་རྣམ་གསར་པས་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་དང་རིམ་སྤོར་ལ་སྣེ་ཁྲིད་བྱེད་དགོས།མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁག་གིས“མངོན་མིན་རིག་གནས་ཤུལ་བཞག་དང་ཡུལ་སྐོར+”“རོལ་དབྱངས་དང་ཡུལ་སྐོར”དང་།“ཞིམ་ཟས་དང་ཡུལ་སྐོར+”“འགྲན་བསྡུར་དང་ཡུལ་སྐོར+”“སྒྱུ་རྩལ་དང་ཡུལ་སྐོར+”“ཁྲོམ་ར་དང་ཡུལ་སྐོར+”“དམངས་སྲོལ་+ཡུལ་སྐོར”སོགས་མཉམ་འདྲེས་ནུས་ལྡན་བྱ་རྒྱུར་མཐོང་ཆེན་བྱས་ནས་ཡུལ་སྐོར་གྱི་རྣམ་པ་གསར་པ་ཧུར་ཐག་བཏོད་དེ་རིག་གནས་ཡུལ་སྐོར་འཛད་སྤྱོད་ལ་སྐུལ་འདེད་བཏང་བ་རེད།
འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་མཚོ་སྔོན་ཞིང་ཆེན་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི3938.2ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་99.2%འཕར་བ་དང་།ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་375.7ཟིན་ནས་ལྡབ་1.7འཕར་ཡོད།
བསིལ་ཞིང་བསིལ་བའི་གནམ་གཤིས་དང་།སྔོ་ལྗང་གི་རྣམ་པར་བཀྲ་ཞིང་བརྗིད་ཉམས་ལྡན་པའི་རང་བྱུང་གི་མཛེས་སྡུག་དང་།གཏིང་ཟབ་ཅིང་རྒྱང་རིང་བའི་ལོ་རྒྱུས་ཀྱི་མཛེས་པ།སྣ་མང་ཕུན་སུམ་ཚོགས་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་སྡུག་བཅས་ཀྱིས་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་མཛེས་སྡུག་གྲུབ་ཡོད།“སྙན་ངག་དང་རྒྱང་རིང”ཞེས་པའི་ཡིད་དབང་འཕྲོག་ཤོས་ཀྱི་ཁྲོད་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བས་གནམ་སྔོན་པོ་དང་སྔོ་ལྗང་གི་རྣམ་པས་ཁེངས་པའི་ཁྲོད་མཚོ་སྔོན་གྱི་སྣོད་བཅུད་མཛེས་སྡུག་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་སྡུག་ལོངས་སུ་སྤྱོད་བཞིན་ཡོད།
འགྲིམ་འགྲུལ་སྐྱེལ་འདྲེན་གྱི“འཕར་ཚད”སླར་ཡང་སྤུས་ཚད་མཐོ་རུ་བཏང་བ།
དཔལ་འབྱོར་འཕེལ་རྒྱས་གཏོང་བར་འགྲིམ་འགྲུལ་སྔོན་ལ་སྤེལ་བ།མཚོ་སྔོན་ཞིང་ཆེན་གྱིས་འགྲུལ་སྐྱེལ་བྱེད་ཚད་མི་ཁྲི2658.3ཟིན་པ་དེ་དུས་མཚུངས་ལས་ལྡབ་1.0འཕར་བའི་ནང་ལྕགས་ལམ་དང་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་སྐྱེལ་བྱེད་ཚད་ལྡབ་1.3དང་ལྡབ་1.4སོ་སོར་འཕར་བ་དང་གཞུང་ལམ་ཐོག་འགྲུལ་སྐྱེལ་བྱེད་ཚད་67.1%འཕར་བ་དེ་ནི་མཚོ་སྔོན་ཞིང་ཆེན་གྱི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་འགྲིམ་འགྲུལ་འགྲུལ་སྐྱེལ་གྱི་གྲུབ་འབྲས་ཤིག་རེད།“གྲུབ་འབྲས་རེའུ་མིག”དེ་ལྟ་བུ་ནི་མཚོ་སྔོན་གྱི་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་གྱི་ཡིད་དབང་འཕྲོག་ཤུགས་ཆེན་པོ་ཞིག་ཡིན་པ་མ་ཟད།འགྲིམ་འགྲུལ་སྡེ་ཚན་ཁག་གིས་འགྲུལ་པའི་བསམ་བློ་གཏོང་ས་དང་།ནུས་ཤུགས་ཡོད་རྒུས་ཞབས་ཞུ་མཐོ་རུ་གཏོང་བ་དང་།བྱེད་ཐབས་གསར་གཏོད།བདེ་འཇགས་འགན་ལེན།སྐྱེལ་འདྲེན་བྱེད་ཤུགས་ལེགས་སུ་གཏོང་བ་སོགས་ཕྱོགས་ཡོངས་ནས་འབད་བརྩོན་བྱས་པ་ལས་བྱུང་བ་ཞིག་རེད།
འདི་ལོ་ཚུན་དུ་མཚོ་སྔོན་གནམ་ཐང་ཀུང་སིའི་སྐྱེལ་འདྲེན་ཐོན་སྐྱེད་མགྱོགས་མྱུར་སླར་གསོ་བྱུང་ནས་དུས་གཏན་གནམ་གྲུ་དང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་རྒྱུན་མཐུད་ངང་མང་དུ་ཕྱིན་ཡོད།བདུན།ཟླ་བརྒྱད་པར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་བསྟུད་མར་མི་ཐེངས་ཁྲི་བརྒྱ་ལས་བརྒལ་ཡོད།
“ངས་དྲ་ཐོག་ནས‘མཚོ་སྔོན་གྱི་སེམས་དང་བསྟུན་ནས་འཕུར་བའི’ཐོན་རྫས་ཉོས་པ་ཡིན།སྒོར་1999ལོར་མཚོ་སྔོན་གྱི་གནམ་ཐང་ཁག་ཏུ་ཕར་འགྲོ་ཚུར་འོང་ཐེངས་གཅིག་བྱེད་ཆོག་པས་ངས་མཚོ་སྔོན་དུ་ཡུལ་སྐོར་དུ་ཡོང་འདོད་བྱེད་མཁན་གྱི་ངོས་ནས་བརྗོད་ན་ཕན་ཐོགས་ཆེན་པོ་ཡོད”ཀོང་ཏུང་ཞིང་ཆེན་ཀོང་ཁུལ་གྲོང་ཁྱེར་མཚོ་སྔོན་ཞིང་ཆེན་དུ་ཡུལ་སྐོར་དུ་ཡོང་མཁན་མཁྱེན་ལྡན་མ་ཞུས་ཀྱིས་སེམས་ནང་གི་སྤྲོ་སྣང་དེ་འགེབས་ཐབས་བྲལ།ཁོང་གིས“མཚོ་སྔོན་གྱི་སེམས་དང་བསྟུན་ནས་འཕུར་བའི”ཐོན་རྫས་ནི་མཚོ་སྔོན་གནམ་ཐང་ཀུང་སིས་མཁའ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ཤིག་རེད།
མཚོ་སྔོན་གནམ་ཐང་ཀུང་སིས་ཧེའུ་ཡི་རླངས་འཁོར་གླས་ནས་ཡན་ལག་གནམ་ཐང་དུ་བཏང་སྟེ“མཁའ་འགྲུལ་དང་བོགས་གཏོང་རླངས་འཁོར་ཟུང་དུ་འབྲེལ་བའི”རྣམ་གྲངས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་།མཛེས་ལྗོངས་ཁུལ་དང་ཨར་ཁང་གི་གཟིགས་སྐྱོང་བྱེད་པའི་ཤང་ཀང་དུ་སྐྱོད་པའི་འགྲུལ་པའི་ཁེ་དབང་གཱ་ཐོན་རྫས་ཁྱབ་གདལ་བཏང་ནས་ཉིན་རེར་ཆ་སྙོམས་100ལྷག་ཙམ་སྤྲོད་རྒྱུ།ཞིང་ཆེན་ནང་ཁུལ་གྱི“སེམས་དང་བསྟུན་ནས་འཕུར་བ”དང“མཁའ་འགྲུལ་དང་ཚོགས་པ”སོགས་མཁའ་ལམ་རབ་དང་རིམ་པའི་བྲིན་ཚོང་ཐོན་རྫས་བཏོན་པས་མཁའ་འགྲུལ་འཕར་ཚད་ཡུལ་སྐོར་བ་མི་ཐེངས་ཁྲི་10ཙམ་ཟིན་ཡོད་པ་རེད།
མཚོ་བོད་སྡེ་ཚོགས་ཀུང་སིས་འགྲུལ་སྐྱེལ་རླངས་འཁོར་གཏོང་བའི་སྤུས་ཚད་དང་ཕན་འབྲས་ཚོད་སྐོར་ལམ་སྲོལ་བཙུགས་ནས་ཚན་རིག་དང་མཐུན་པའི་སྒོ་ནས“ཉིན་རེར་འཆར་གཞི་གཅིག”ལག་བསྟར་བྱས་ཏེ་སྐྱེལ་འདྲེན་བྱེད་ཤུགས་གནད་སྨིན་ངང་གཏོང་བ་དང་སྐྱེལ་འདྲེན་བྱེད་ཤུགས་ལེགས་སྒྲིག་བྱས་པ་མ་ཟད།“མཚོ་བོད་ལྕགས་ལམ་ཡུལ་སྐོར”གྱི་ཡུལ་སྐོར་སྤུས་རྟགས་ཧུར་ཐག་བཏོད་དེ་ཞིང་ཆེན་ནས་བོད་དུ་ཡུལ་སྐོར་བྱེད་པའི་ཆེད་སྤྱོད་མེ་འཁོར་བཏང་བས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་ཡོད།
དེ་དང་ཆབས་ཅིག“མཁའ་ལམ་སྐལ་བཟང་མེ་ཏོག་གི”ཞབས་ཞུའི་སྤུས་རྟགས་གཏོད་རྒྱུ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་བབས་ཚུགས་ཀྱི་རླངས་འཁོར་གྱི་ཆུ་དྲོད་ལག་གི་ལས་གྲྭ་ལག་བསྟར་བྱས་ཏེ་འགྲུལ་པ་ཕྱིར་སྐྱོད་མྱོང་ཚོར་ལེགས་སུ་ཤུགས་ཆེན་གཏོང་རྒྱུ་རེད།དཔྱིད་གསར་དུས་ཆེན་དང་ལྔ་གཅིག་ངལ་གསོའི་རིང་འགྲུལ་པ་མང་ཤོས་ལ་དམིགས་ནས་ཤུགས་འགྲེམས་མེ་འཁོར་བསྐྱར་དུ་མཉམ་འབྲེལ་དང་།ཚན་ཁག་ལེགས་སྒྲིག་བྱེད་པ།འགྲུལ་པ་མང་དུ་གཏོང་བ།འཁོར་རིགས་སྣོན་འགེལ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་འགྲུལ་པ་ཕྱིར་སྐྱོད་ཀྱི་དགོས་མཁོ་ནུས་ཤུགས་ཡོད་རྒུས་བསྐངས་ཡོད།
“དགུང་སྔོན་སྤྲིན་དཀར་འོག་གི་ཚོན་མདོག་གི་ལམ་ངོས་དང་།ཚོན་མདོག་གི་འདར་འགུལ་ཐིག་རྟགས།ད་དུང་དྲིལ་བསྒྲགས་རི་མོ་གཞན་དང་མི་འདྲ་བའང་ཡོད་པས་སེམས་ཧ་ཅང་སྐྱིད་པོ་ཞིག་བྱུང་སྟེ་ངལ་དུབ་ཀྱིས་མནར་ནས་ཞི་ལྷོད་དུ་སོང་ཡོད”ཉེ་ཆར་ཀོང་ཏུང་ཞིང་ཆེན་ཀོང་ཁུལ་གྲོང་ཁྱེར་ནས་མཚོ་སྔོན་ཞིང་ཆེན་དུ་ཡུལ་སྐོར་བྱེད་པར་ཡོང་མཁན་ཝང་གོ་ཧུའེ་ཡིས་རླངས་འཁོར་ལ་བསྡད་དེ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཡི་མངའ་ཁོངས་ཀྱི་G345ཆི་ནར་སྐྱོད་སྐབས་ཚོར་སྣང་ཟབ་མོ་བྱུང་ཡོད།
“མི་རི་མོའི་བར་རྒྱུད་དང་རླངས་འཁོར་མཛེས་ལྗོངས་སུ་བསྐྱོད་པ”དེ་ནི་མཚོ་སྔོན་ཞིང་ཆེན་གྱི“མཛེས་སྡུག་ལྡན་པའི་གཞུང་ལམ”གཏོད་པའི་བརྒྱུད་རིམ་ནང་འགྲོ་འོང་བྱེད་མཁན་གྱི་ཐད་ཀའི་མྱོང་ཚོར་ཞིག་རེད།མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་འགྲིམ་འགྲུལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུ་སྤྱི་འདོམས་སུ་བྱས་ཏེ་ལངས་གཟུགས་དང་།མགྱོགས་མྱུར།ལྗང་མདོགགྲངས་གཞི།བདེ་འཇགས།སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བཅས་ཀྱི“འགྲིམ་འགྲུལ་དྲུག”མགྱོགས་མྱུར་བསྐྲུན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ལམ་བུའི་གདོང་ལེན་པ་ཞིག་ཧུར་ཐག་བྱས་ཡོད།
དེ་དང་ཆབས་ཅིག་བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས《འགྲོ་ལམ་འགྲུལ་པ་སྐྱེལ་འདྲེན་དང་འགྲུལ་སྐྱེལ་བབས་ཚུགས་ཀྱི་དོ་དམ་གཏན་འབེབས》དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་སྟེ་འགྲོ་ལམ་གྱི་འགྲུལ་སྐྱེལ་ཁེ་ལས་ཀྱིས་གཏན་འཁེལ་བྱས་པའི་འགྲུལ་སྐྱེལ་ཞབས་ཞུ་ཁྱབ་གདལ་ཧུར་ཐག་གཏོང་རྒྱུར་ཁྲིད་སྟོན་བྱས་པ་རེད།མིག་སྔར་ཟི་ལིང་དང་།མཚོ་ཤར།རྨ་ལྷོ།ཧའེ་ནན་བཅས་ས་ཁུལ་བཞིས་གཏན་འཁེལ་གྱི་འགྲུལ་སྐྱེལ་ཞབས་ཞུ་སྤེལ་ནས་འགྲུལ་སྐྱེལ་ལམ་ཐིག་26ཐོ་འགོད་སྙན་སེང་ཞུས་པ་དང་ལམ་ཐིག་རིགས་སུ་གྲོང་ཁྱེར་དབར་དང་།རྫོང་དབར།རྫོང་ནང་ཁུལ་བཅས་ཀྱི་ལམ་ཐིག་ཚུད་ཡོད་པ་རེད།
གཞན་ཡང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་དྲ་རྒྱའི་ཟོག་འདྲེན་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་འགྲོ་ལམ་ཟོག་འདྲེན་ལས་རིགས་ཀྱི་བྱེད་པོ་གཞི་ཁྱོན་ཅན་གྱི་ཚད་གཞི་དམའ་བ་དང་ཉེན་ཁ་འགོག་པའི་ནུས་པ་ཆེན་པོ་མེད་པ་སོགས་ཀྱི་ཞིབ་ཕྲའི་གནད་དོན་ལ་དམིགས་ནས་སྣེ་འདྲེན་ཁེ་ལས་ཀྱིས་རང་འགུལ་ངང་ཁེར་རྐྱང་བཟོ་ཚོང་དུད་ཚང་དྲ་རྒྱའི་ཟོག་འདྲེན་ལས་སྟེགས་ནང་ཞུགས་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ཏེ་འགྲོ་ལམ་ཟོག་འདྲེན་ལས་རིགས་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།
ཞབས་ཞུའི་ལས་རིགས་གཞན་དག་འཁྲུག་ཆ་དོད་ལ་ལེགས་སུ་ཕྱིན་པ།
ཟླ་10ཚེས་24ཉིན་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་ལྔ་བཞིའི་ཁྲོམ་གཞུང་དུ་གནས་པའི་ཀྲུང་གོ་གློག་འཕྲིན་ལས་གཉེར་ཐིང་མོན་ཐིང་རུའོ་གྲོང་ཁྱེར་དུ་དགའ་སྤྲོའི་རྣམ་པས་ཁེངས་པ་དང་སིལ་ཟས་དང་མངར་ཆའི་རིགས་ཀྱིས་ལས་སྒོ་གཉེར་བར་ཡོང་མཁན་མང་ཚོགས་ལ་དྲོ་སྐྱིད་ཚོར་ཐུབ་པ་བྱུང་ཡོད།
“དེ་གར་ཞབས་ཞུའི་འགྲོ་གྲོན་དང་འཛད་སྤྱོད་འཛིན་ཤོག་སྤྲོད་པའི་བྱེད་སྒོ་ཡོད་པ་ཐོས་རྗེས་ངས་བློ་འདྲི་བྱེད་པར་ཡོང་བ་ཡིན”ཅེས་ལས་སྒོ་གཉེར་བར་ཡོང་མཁན་གྲོང་མི་ཚོས་འཛུམ་དམུལ་དམུལ་ངང་བཤད།
འདི་ལོ་ནས་བཟུང་ཀྲུང་གོ་གློག་འཕྲིན་མ་རྐང་ཚད་ཡོད་ཀུང་སི་མཚོ་སྔོན་ཡན་ལག་ཀུང་སིས་སྲིད་གཞུང་གི་འཛད་སྤྱོད་འཛིན་ཤོག་སྤྲོད་པའི་བྱེད་སྒོའི་ནང་ཧུར་ཐག་ཞུགས་པ་དང་འཛད་སྤྱོད་རྣམ་པ་གཙོ་བོ་སྣུམ་སྣོན་ས་ཚིགས་དང་།རིག་ནུས་མཐའ་སྣེའི་ཕྱིར་ཚོང་ཚོང་ཁང་།གཙོ་གནད་ཚོང་ཁང་།སྒོ་རྩིས་ཚོང་ཁང་།རིག་ནུས་ཁྱིམ་སྤྱོད་གློག་ཆས་སོགས་སུ་ཁྱབ་ཡོད་པ་རེད།ལོ་སྟོད་ཁོ་ནར་འཛད་སྤྱོད་ཉོ་ཚོང་སྒོར་ཁྲི་7581.43ཐད་ཀར་སྐུལ་ཁྲིད་བྱས་པ་དང“གཤོག་སྤྲོད”Appབརྒྱུད་མི་ཁྲི་15ཙམ་བྱེད་སྒོའི་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་པ་དང་བྱེད་སྒོའི་ཤུགས་རྐྱེན་ཐེབས་ཤུགས་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་9ལ་ཁྱབ་ཡོད་པ་རེད།
ཟླ་དང་པོ་ནས་བརྒྱད་པའི་བར་མཚོ་སྔོན་ཞིང་ཆེན་གྱི་གློག་འཕྲིན་ལས་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར་62.5ཟིན་པ་དེ་དུས་མཚུངས་ལས་19.88%འཕར་ཡོད།སྒུལ་བདེའི་དྲ་སྦྲེལ་མཐུད་འཇུག་བྱེད་ཚད་14.4%འཕར་བ་དང་།གཏན་འཇགས་དྲ་སྦྲེལ་དྲ་ཆེན་སྤྱོད་མཁན་བརྒྱ་ཆ་18.7%འཕར་བ། 5Gསྒུལ་བདེའི་ཁ་པར་སྤྱོད་མཁན49.3འཕར་ཡོད།
གསར་འགོད་པས་བཅར་འདྲི་བྱས་ནས་ཤེས་རྟོགས་བྱས་པར་གཞིགས་ན།འདི་ལོའི་དཔྱིད་ཀ་ཤར་རྗེས་མཚོ་སྔོན་གྱི་བོགས་གཏོང་ཁྲོམ་ར་ཡང་རིམ་བཞིན་འཁྲུག་ཆ་དོད་པོ་ཡོད།“འདི་ལོ་ང་ཚོའི་ཚོང་ཡག་པོ་ཡོད་པ་དང་དཔལ་འབྱོར་རིམ་བཞིན་ལེགས་སུ་ཕྱིན་རྗེས་བོགས་གཏོང་གཞུང་ལས་ཁང་དང་ཚོང་ཁང་གི་མི་མང་དུ་འགྲོ་འགོ་ཚུགས་ཤིང་།ཟླ་དྲུག་པ་ནས་བཟུང་མཐོ་སློབ་ཐོན་སློབ་མ་ཡང་གཅིག་རྗེས་གཉིས་མཐུད་ངང་བོགས་གཏོང་ཁྲོམ་རར་ཞུགས་ནས་སྡོད་ཁང་བོགས་གཏོང་ཁྲོམ་རའི་ཚ་རླབས་སྔར་བས་ཆེ་རུ་ཕྱིན་ཡོད”ཅེས་ཟི་ལིང་གི་ཕྱག་མཛོད་ཁང་པའི་མཚམས་སྦྱོར་ཚད་ཡོད་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་བཤད།
དུས་ཚིགས་དང་པོ་ནས་གསུམ་པའི་བར་ཆ་འཕྲིན་བརྒྱུད་གཏོང་དང་།མཉེན་ཆས།ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས་དང་།རིག་གནས་ལུས་རྩལ་རོལ་རྩེད་ལས་རིགས།གྲོང་མིའི་ཞབས་ཞུ་དང་།ཉམས་གསོ།ཞབས་ཞུའི་ལས་རིགས་གཞན་དགཚན་རིག་ཞིབ་འཇུག་དང་ལག་རྩལ་ཞབས་ཞུའི་ལས་རིགས།བོགས་གཏོང་དང་ཚོང་དོན་ཞབས་ཞུའི་ལས་རིགས་བཅས་གཙོ་བོར་བྱས་པའི་ཁེ་གཉེར་རང་བཞིན་གྱི་ཞབས་ཞུའི་ལས་རིགས་གཞན་དག་གི་རིན་ཐང་འཕར་མ་སྒོར་དུང་ཕྱུར་233.4ཟིན་པ་དེ་དུས་མཚུངས་ལས་12.2%འཕར་ཡོད།
ལོ་ཙཱ་བ། ལྷ་ཆེན་རྒྱལ།
རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།