ཉེ་ཆར་མཚོ་སྔོན་ཞིང་ཆེན་བསྡོམས་རྩིས་ཅུས་དང་རྒྱལ་ཁབ་བསྡོམས་རྩིས་ཅུས་མཚོ་སྔོན་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན།དུས་ཚིགས་དང་པོ་ནས་གསུམ་པའི་བར་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས་8.2%འཕར་ནས་ལོ་འཁོར་གྱི་དམིགས་ཚད་ལས་བརྒྱ་ཆའི་གྲངས་1.2བརྒལ་ཏེ་རྒྱལ་ཡོངས་ཀྱི་བརྒྱ་ཆའི་གྲངས་4.2ལས་མཐོ་བ་དང་རྒྱལ་ཡོངས་ཀྱི་ཨང་བཞི་པར་སླེབས་ཡོད་པ་རེད།བཟོ་ལས་ཆེ་གྲས་34ཡི་ཁྲོད་ལས་རིགས་16དུས་མཚུངས་ལས་འཕར་བ་དེའི་ནང་ལས་རིགས་8ཀྱི་འཕར་ཚད་ལོ་སྟོད་ལས་མགྱོགས་སུ་ཕྱིན་པ་དང་།ལས་རིགས་11གི་ཆག་ཚད་ཆུང་དུ་ཕྱིན་པ།ལས་རིགས་3ལྡོག་ནས་དངོས་གཞིར་བསྒྱུར་བ་བཅས་རེད།
འདི་ལོ་ནས་བཟུང་།མཚོ་སྔོན་ཞིང་ཆེན་གྱིས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས་དགོས་མཁོ་རྒྱ་ཆེར་གཏོང་བ་དང་།འཁོར་རྒྱུག་ལ་སྐུལ་འདེད་གཏོང་བ།ཁེ་ལས་ལ་རོགས་རམ་བྱེད་པ།སྒུལ་ནུས་ཆེ་རུ་གཏོང་བ།སྔོན་དཔག་བརྟན་པོ་ཡོང་བ་བཅས་བྱས་ནས་བཟོ་ལས་དཔལ་འབྱོར་གྱི་སྤུས་ཚད་དང་ཕན་འབྲས་མཉམ་དུ་སྤེལ་རྒྱུར་སྐུལ་འདེད་བཏང་བས་བཟོ་ལས་དཔལ་འབྱོར་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་བཟོ་ལས་བརྟན་པོ་དང་དཔལ་འབྱོར་བརྟན་པོ་ཡོང་བའི་ནུས་པ་རྒྱུན་མཐུད་ངང་འདོན་སྤེལ་བྱས་ཡོད།
བཟོ་ལས་ཐོན་སྐྱེད་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ།
“བཟོ་ལས་དཔལ་འབྱོར་འཕར་བའི‘སྒུལ་བྱེད་འཕྲུལ་འཁོར’ཡིན་པའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རིགས་ཆེན་པོ་གསུམ་ནས་བལྟས་ན།བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་12.2%འཕར་བ་དང་།འཕར་ཐང་གིས་མཚོ་སྔོན་ཞིང་ཆེན་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མའི་བསྡུར་ཚད་73.2%བཟུང་ནས་མཚོ་སྔོན་ཞིང་ཆེན་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་དཔལ་འབྱོར་ལ་ལེགས་སྐྱེས་འབུལ་ཚད་100.0%ཟིན་ཡོད”ཅེས་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས།
“ཉིན་50ཡི་ནང་ས་ཐོག་མ་སྔོག་འདོན་བྱེད་པ་ནས་བཟོ་ཁང་གི་རྨང་གཞི་ལེགས་གྲུབ་བྱུང་བའི་བར་ཉིན་60ཡི་ནང་སྔོན་བཟོའི་ཀ་བ་དང་པོ་འཛུགས་པ་ནས་བཟོ་ཁང་གི་གྲུབ་ཆའི་རྩེ་མོར་བཀབ་པ་སོགས་ང་ཚོས་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་ཟམ་མི་ཆད་པར་བཏོད་ཡོད”ནུབ་རྒྱུད་གཏེར་ལས་ཤིས་ཡུས་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཏུང་ཧྲི་ཀྲང་ཧྲི་ཡུན་ཀྲང་གིས་མིག་སྔར་མ་བཅོས་རྒྱུ་ཆ་དང་རྒྱུ་ཆ་སྡེབ་སྦྱོར་བཟོ་ཁང་དང་།བཞུ་སྦྱང་འཁོར་ཁང་།གློག་འབྱེད་འཁོར་ཁང་།ལུགས་བཟོའི་འཁོར་ཁང་བཅས་འཁོར་ཁང་གཙོ་བོ་བཞིའི་འཁོར་ཁང་གི་ས་ངོས་མན་གྱི་རྨང་གཞི་ཚང་མ་ལེགས་གྲུབ་བྱུང་བ་དང་།བཟོ་ཁང་གི་གྲུབ་ཆ་གཙོ་བོ་བརྒྱ་ཆ་75%ལེགས་གྲུབ་བྱུང་། འཁོར་ཁང་ཁག་གི་སྒྲིག་ཆས་གཙོ་བོའི་རྨང་གཞིའི་ཐོག་30%ལེགས་གྲུབ་ཟིན་པ་དང་། དུ་འགྱུར་ཐབ་ཀྱི་སྒྲིག་ཆས་སྒྲིག་སྦྱོར་བྱེད་ཚད95%ལེགས་གྲུབ་ཟིན་ཡོད། ཤིས་ཡུས་ཀུང་སིའི་ལྕགས་རིགས་མང་བའི་ཐོན་ཁུངས་ཕྱོགས་བསྡུས་འཁོར་རྒྱུག་བེད་སྤྱོད་དང་ཁོར་ཡུག་སྲུང་སྐྱོང་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་ཀྱི་ས་ཆར་སྐྱོད་སྐབས་འཕྲུལ་ཆས་དང་སྒྲིག་ཆས་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱས་ནས་ཨར་ལས་ཀྱི་དུས་ཚོད་ཡག་ཤོས་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ཏེ་མྱུར་ཚད་མགྱོགས་སུ་བཏང་བའི་ཚ་རླབས་ཤིག་འཕྱུར་བཞིན་ཡོད་པ་རེད། རྣམ་གྲངས་འཛུགས་སྐྲུན་དེ་སྒྲིག་ཆས་ཁག་གཅིག་སྒྲིག་སྦྱོར་དང་ཚོན་པང་སྲུང་སྐྱོང་སྒྲིག་སྦྱོར་གྱི་དུས་མཚམས་སུ་སླེབས་ཡོད་པ་རེད།
ཟླ་9ཚེས་20ཉིན།2023ཀྲུང་གོའི་ཁེ་ལས་སྟོབས་ཆེན་500ཡི་མཐོ་རིམ་གླེང་སྟེགས་ཀྱིས་2023ལོའི་ཀྲུང་གོའི་ཁེ་ལས་སྟོབས་ཆེན་500དང་ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་རྩེ་གྲ་500ཡི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་།ནུབ་རྒྱུད་གཏེར་ལས་ཚོགས་པ་ཚད་ཡོད་ཀུང་སིས་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་551ཐོག་ནས་ཀྲུང་གོའི་ཁེ་ལས་སྟོབས་ཆེན་500དང་ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་སྟོབས་ཆེན་500ཡི་ནང་ཚུད་པ་དང་།དེ་ནི་ནུབ་རྒྱུད་གཏེར་ལས་ཚོགས་པ་ཚད་ཡོད་ཀུང་སི་ལོ་17བསྟུད་མར་ཀྲུང་གོའི་ཁེ་ལས་རྩེ་གྲ་500ཡི་མིང་ཐོའི་ནང་ཚུད་པ་ཞིག་ཡིན་ལ་མཚོ་སྔོན་ཞིང་ཆེན་གྱི་ཁྱབ་ཁོངས་ནང་ཚུད་པའི་ཁེ་ལས་གཅིག་པུའང་རེད།
“བཟོ་སྐྲུན”ནས“རིག་སྐྲུན”གྱི་ཕྱོགས་སུ་བསྐྱོད་དེ་ནུབ་རྒྱུད་གཏེར་ལས་ཀྱིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་སྐྱེད་བྱེད་སྟངས་འཕོ་འགྱུར་ཡོང་བར་སྐུལ་འདེད་བཏང་བ་དང་།རང་འགུལ་ངང“རིག་ནུས”ལ་ཕན་འབྲས་ཐོན་པར་བྱས་ཏེ་ངལ་རྩོལ་འདུས་ཚད་ཆེ་བའི་ནུས་ཁུངས་ཟད་གྲོན་ཆེ་བའི་ཐོན་སྐྱེད་བྱེད་སྟངས་ནས་ལག་རྩལ་མང་འདུས་ཅན་གྱི་ནུས་ཁུངས་ཟད་གྲོན་ཆུང་བའི་འཕེལ་རྒྱས་གཏོང་སྟངས་སུ་རིམ་བཞིན་འགྱུར་བཤིས་ཐེ་ཧྲན་ཡན་ལག་ཀུང་སིའི་གཏེར་ཁ་སྔོག་འདོན་དང་།གཏེར་ཁ་འདེམས་པ།ཕྱོགས་བསྡུས་བཅས་ཕྱོགས་གསུམ་གྱི་ཡན་ལག་རྣམ་གྲངས་ཁག་28ལ་ཐོན་ཁུངས་བར་མཐོངས་མཐོང་ཅན་དང་།གཏེར་འདོན་སྒྲིག་ཆས་ནུས་པ་ཆེ་བ།བཟོ་རྩལ་ཚོད་འཛིན་རང་འགུལ་ཅན་སོགས་རིག་ནུས་ཅན་གྱི“ཅན་བརྒྱད”ཀྱི་ནུས་པ་མངོན་འགྱུར་བྱུང་བ་དེ་ནི་མིང་དོན་མཚུངས་པའི་རིག་ནུས་གཏེར་རི་ཞིག་ཡིན་ཞིང་།མཚོ་སྔོན་ཟངས་ལས་ཀུང་སིའི་གཏེར་འདེམས་མཇུག་རོའི་ཟངས་ལྕགས་ཀྱི་ཕྱོགས་བསྡུས་ལག་རྩལ་མཐོར་གཏོང་དང་བསྐྱར་སྤྱོད་རྣམ་གྲངས་བསྐྲུན་ནས་ཚོད་ལྟའི་ཐོན་སྐྱེད་དུས་མཚམས་སུ་སླེབས་ནས“སྙིགས་རོ”ནས“ཐོན་རྫས”དེ་སྙིགས་རོ་ནོར་བུར་འགྱུར་བའི་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་གཏོང་སྟངས་མངོན་འགྱུར་བྱུང་ཡོད།མཚོ་སྔོན་ཚྭ་ལས་ཀྱིས“གྲངས་གཞི་ཅན”གྱི་ཐོན་སྐྱེད་ལག་བསྟར་བྱས་པས་ཐོན་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ་དང་དྲ་ཐོག་གི་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་1.13ལས་བརྒལ་ནས་དྲ་ཐོག་གི་ཐོན་རྫས་རྐྱང་པའི་ཕྱིར་ཚོང་བྱེད་ཚད་རྒྱལ་ཡོངས་ཀྱི་ཚྭ་ལས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།
“འདི་ལོ་ཚུན་དུ་ནུབ་རྒྱུད་གཏེར་ལས་ཀྱི་གཏིང་ཐག་གཏན་འཁེལ་བྱས་པའི་ལོ་འགོར་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་དང་སྤུས་ལེགས་འཕེལ་རྒྱས་ཀྱི་བླང་བྱ་ཁག་ལས་ཁེ་ལས་ཀྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་ཐོན་ལས་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་གཉེར་སྐྱོང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བའི་རྣམ་པ་ཕྱོགས་ཡོངས་ནས་མངོན་ཡོད།2023ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་448བྱུང་བ་དེ་དུས་མཚུངས་ལས་18.42%འཕར་ཡོད”ཅེས་ནུབ་རྒྱུད་གཏེར་ལས་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཨུ་ཡོན་རྒྱུན་ལས་སྤྱི་ཁྱབ་གཞོན་པ་ཝང་ཧའེ་ཧྥུང་གིས་ངོ་སྤྲོད་བྱས།
དེ་དང་ཆབས་ཅིག་ཟི་ལིང་གྲོང་ཁྱེར་ནན་ཁྲོན་བཟོ་ལས་གླིང་ཁུལ་དུའང་གཏམ་བཟང་ཞིག་གྲགས་ཡོད་པ་རེད།ཟླ་9ཚེས་12ཉིན་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས“2023ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་དམངས་གཉེར་ཁེ་ལས་རྩེ་གྲ་500ཡི་མིང་ཐོའི་”ཁྱབ་བསྒྲགས་བྱས་པ་དང་།མཚོ་སྔོན་ཀའོ་ཅིང་ཉི་ནུས་ཚན་རྩལ་ཚད་ཡོད་ཀུང་སི་ཨང་435པར་སླེབས་ནས་བཟོ་སྐྲུན་ལས་རིགས་ཀྱི་དམངས་གཉེར་ཁེ་ལས་སྟོབས་ཆེན་500ཡི་ནང་གྲུབ་འབྲས་ཐོབ་པའི་ངང་ཚུད་པ་དེ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་མཚོ་སྔོན་དུ་ཁེ་ལས་ནང་ཞུགས་ཐེངས་དང་པོ་ཡིན་པ་རེད།
“ཀུང་སིས་ཟི་ལིང་དུ་མ་དངུལ་སྒོར་དུང་ཕྱུར་180བཏང་ནས་དུས་ཐེངས་གསུམ་ལ་བགོས་ཏེ‘ལོར་ཐད་འཐེན་བདར་རྐྱང་སྭེལ་དབྱུག་པ’ཐོན་སྐྱེད་བྱེད་པའི་རྣམ་གྲངས་བསྐྲུན་ཡོད།མིག་སྔར་དུས་ཐེངས་དང་པོ་དང་གཉིས་པའི་རྣམ་གྲངས་ཀྱི་བདར་ཐབ་2200ཚང་མ་སྤྱོད་འགོ་ཚུགས་པ་དང་།དེ་རྗེས་ང་ཚོས་མིག་སྔའི་སྲིད་ཇུས་གལ་ཆེན་གྱི་‘སྐར་ཁུང་གི་དུས་སྐབས’སྟངས་འཛིན་ནན་པོ་བྱས་ཏེ་རང་ངོས་འཕེལ་རྒྱས་དང་མཚོ་སྔོན་དང་ཟི་ལིང་གི་ལེགས་ཆ་ཟུང་འབྲེལ་བྱས་ཏེ་འོད་ཤུགས་ཐོན་ལས་སྦྲེལ་ཐག་དང་།སྦྲེལ་མཐུད་སྦྲེལ་མཐུད།འོད་ཤུགས་ཆེར་གཏོང་བཅས་ཀྱི་རྣམ་གྲངས་མགྱོགས་མྱུར་བསྐྲུན་རྒྱུ་རེད”ཅེས་མཚོ་སྔོན་ཀའོ་ཅིང་ཉི་ནུས་ཚན་རྩལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཞུས་ཀྲི་ཆུན་གྱིས་བཤད།
ཐེན་ཧོ་འོད་ནུས་35GWཐད་ལཱ་རྐྱང་ཤེལ་དང་།5GWའོད་ཤུགས་ལྷུ་ལག5GWཀུའེ་ལེབ5GWནུས་ཆེའི་ཉི་ནུས་གློག་རྫས་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་།ཅིན་ཁོ་ནུས་རྒྱུ་20ཅི་ཝ་ཡི་རྐྱང་ཅིང་ལཱ་དབྱུག་པའི་རྣམ་གྲངས་སྔ་སྣུར་དུ་མེ་སྤར་བ་དང་།འོད་ཤུགས་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་པ།བདར་རྐྱང་ཀུའེ་ཐོན་ནུས་ཅི་ཝ་100ལས་བརྒལ་བ།ཏུན་སྟོང་རིམ་པའི་ནཱ་སྨི་ཆུང་གྲས་ཀྱི་དམིགས་བསལ་རྣམ་པའི་ཆིང་དབྱང་མཱེ་འབར་འགོག་རྫས་དཔེ་སྟོན་རྣམ་གྲངས་ཚོད་ལྟ་བྱེད་ཐུབ་པ་དང་།ཀྲུང་ཧུའེ་གླག་ཏུན་ཁྲི་2.5ཡི་ནུས་ཆེའི་ཐཱན་ཚི་སྣའི་རྣམ་གྲངས་ཕྱོགས་ཡོངས་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་སོགས་རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་འོད་ཤུགས་བཟོ་སྐྲུན་ཁེ་ལས་ཁག་གཅིག་ཟི་ལིང་དུ་དོན་འཁྱོལ་བྱས་པ་དང་བསྟུན་ནས།“ཤེལ་མང་སྭེལ་དང་།བདར་རྐྱང་ཀུའེ།ཉི་ནུས་གློག་སྨན།གློག་རྫས་བཅས་སྒྲིག་ལག”ཆ་ཚང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་གོམ་པ་བརྟན་པོའི་ངང་སྤོ་བཞིན་ཡོད།
ཐོན་ལས་རིམ་སྤོར་གྱི“འཕེལ་རྒྱས”བཏང་ནས་ལྗང་མདོག་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་བ།
“འདི་ལོ་མཚོ་སྔོན་གྱི་ལྗང་མདོག་གློག་གཏོང་ཕྱིར་གཏོང་ཁྱབ་ཁོངས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)14བར་རྒྱ་ཆེར་བཏང་བ་དང་།ཕྱིར་གཏོང་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་115.6ཟིན་པ།དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་1214ཕྱིར་འབུད་ཉུང་དུ་བཏང་བ་དང་དུས་མཚུངས་ཧང་ཁུལ་གྱི‘ཐཱན་མེད་པའི་ཨེ་ཤེ་ཡའི་སྐྱེལ་འདྲེན’གྱི་ནུས་རྒྱུ་གཙང་མའི་གློག་31%ལྷག་ཙམ་མཚོ་སྔོན་ནས་ཡིན་པ་རེད”ཟླ་9ཚེས་15ཉིན་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་ཏུང་ཧྲི་ཀྲང་ཏང་ཨུད་ཀྱི་ཧྲུའུ་ཅི་ཆན་ཆིང་ལིན་གྱིས་2023ལོའི“རྒྱུད་གཅིག་ལམ་གཅིག”གི་ནུས་རྒྱུ་གཙང་མའི་འཕེལ་རྒྱས་གླེང་སྟེགས་དེ་རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀྱི“གྲངས་ཀྱིས་གློག་ལྗང་གཏོང”གི་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ་རེད།
ཟླ་9ཚེས་23ཉིན་གྱི་དགོང་མོ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་ཀྲེ་ཅང་ཞིང་ཆེན་ཧང་ཁུལ་གྲོང་ཁྱེར་དུ་འགོ་ཚུགས་ཤིང་།མཚོ་སྔོན་ལྷོ་རྒྱུད་ཀྱི་ཐ་ལ་གྲམ་ཐང་ནས་ཆན་ཐང་ལྷོ་རྒྱུད་ཀྱི་ཤིས་ཙེ་མཚེའུའི་འགྲམ་བར་མཚོ་སྔོན་གྱི“ལྗང་མདོག་གློག་གཏོང”གིས་ཐང་རྒོད་དང་རི་བོ་མཐོན་པོའི་གཡང་གཟར་བརྒལ་བ་དང་།སྣོལ་རྒྱུག་གི་མཐོ་གནོན་དྲ་སྒྲོམ་བརྒྱུད་དེ་ཧང་ཁུལ་རུ་རྒྱུན་ཆད་མེད་པར་འབྱོར་ནས་འོད་མདངས་བཀྲ་བའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་མཚན་མོ་སྤར་བ་རེད།
ཀྲུང་གོ་ཉིང་རྡུལ་ནུས་རྒྱུ(མཚོ་སྔོན)ནུས་རྒྱུ་ཚད་ཡོད་ཀུང་སིས་ཀྲེ་ཅང་ཞིང་ཆེན་གྱིས“ཞིང་ཆེན་ནང་ཁུལ་དང་ཞིང་ཆེན་ཕྱི་དང”མཉམ་སྒྲིག་རྣམ་པའི་ཐོག་ནས་ལྗང་མདོག་གློག་གཏོང་ཉོ་ཚོང་བྱེད་པའི་ཐོབ་དཀའ་བའི་གོ་སྐབས་དམ་འཛིན་བྱས་ཏེ་གློག་ཤུགས་གཉེར་ཚོང་བསམ་ཕྱོགས་རྒྱུན་ཆད་མེད་པར་གསར་གཏོད་དང་ལེགས་སུ་བཏང་ནས་གློག་ཤུགས་ཉོ་ཚོང་གི་ཐབས་ལམ་སྣ་ཚོགས་འཚོལ་ཞིབ་ཧུར་ཐག་བྱས་མཐར་ཧང་ཁུལ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ལ་ཆན་ཝ་ཆུ་ཚོད་ཁྲི་7000ལས་བརྒལ་བའི་ལྗང་མདོག་གློག་ཤུགས་ལ་གྲུབ་འབྲས་ཐོབ་པའི་ངང་རོགས་རམ་བྱས་ཏེ་ལོ་རྒྱུས་ཐོག་གི“ཐཱན་དང་ཨེ་ཤེ་ཡའི་སྐྱེལ་འདྲེན་”ཐད་མཚོ་སྔོན་གྱིས་བྱས་རྗེས་བཞག་པ་རེད།
“‘ལྗང་གློག’དེ་དག་ཚང་མ་གོ་ལ་ཧྲིལ་པོའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆེ་ཤོས་ཀྱི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་འོད་ཤུགས་གླིང་ནས་ཡིན་པ་དང་།ལིང་ཁུལ—ཧྲའོ་ཞིང་གི་ཆན་ཧྥུའུ་800ཡི་མཐོ་གནོན་ཐད་རྒྱུག་གློག་གཏོང་ལས་གྲྭ་སོགས་བརྒྱུད་ཧང་ཁུལ་རུ་སྐྱེལ་འདྲེན་བྱས་ནས་ཧང་ཁུལ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་ཐང་དུ་རྫོགས་མཐའ་མེད་པའི་ལྗང་མདོག་གློག་ཤུགས་བསྣན་ཡོད།ཚོད་རྩིས་བྱས་པ་ལྟར་ན།ཤེལ་གཅིག་ངོས་གཉིས་ལྷུ་ལག་གི་འོད་ཤུགས་སྒྲིག་སྦྱོར་བྱས་ནས་ཉིན་རེར་ཆ་སྙོམས་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་ཁྲི་2.2ཟིན་ཅེས་ཀྲུང་གོ་ཉིང་རྡུལ་ཧུའེ་ནུས(མཚོ་སྔོན)ནུས་རྒྱུ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཝུའེ་ཧུའེ་ཡུས་ཀྱིས་བཤད།
ཟླ་10པའི་བར་ཀྲུང་གོ་ཉིང་རྡུལ་ནུས་ཚོགས(མཚོ་སྔོན)ནུས་རྒྱུ་ཚད་ཡོད་ཀུང་སིས་ཧང་ཁུལ་ལ་ལྗང་མདོག་གློག་ཤུགས་ཆན་ཝ་ཁྲི་4402བཏང་བ་དང་ལྷག་མ་རྣམས་ཟླ་12པའི་ཟླ་མཇུག་གོང་ཀྲེ་ཅང་ཞིང་ཆེན་དུ་མུ་མཐུད་བསྐྱལ་ནས་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་འོད་སྣང་མཛེས་སྡུག་ལྡན་པའི་ཧང་ཁུལ་རུ་འཕྲོ་རྒྱུ་རེད།
བཟོ་ལས་ཀྱི་ལྗང་མདོག་རིགས་སྒྱུར་ནི་དཔལ་འབྱོར་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན།མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་ཕྱིན་ནས་སྟོད་རྒྱུད་ཀྱི་འོད་ཤུགས་བཟོ་སྐྲུན་ལས་རིགས་དང་ནུས་གསོག་བཟོ་སྐྲུན་ལས་རིགས་སོགས་ལེ་ལག་ཚང་བའི་ཐོན་ལས་སྦྲེལ་ཐག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་ནས་མཚོ་སྔོན་གྱི་སྤུས་ལེགས་འཕེལ་རྒྱས་ཀྱི“གསེར་མདོག་ཅན་གྱི་མིང་བྱང”ཞིག་ཏུ་གྱུར་ཡོད།
“དུས་ཚིགས་དང་པོ་ནས་གསུམ་པའི་བར་ནུས་རྒྱུ་གསར་པའི་ཐོན་ལས་དུས་མཚུངས་ལས་99.4%འཕར་ནས་མཚོ་སྔོན་ཞིང་ཆེན་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་འཕར་ཚད་བརྒྱ་ཆའི་གྲངས་14.6འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད།ཐོན་རྫས་ལ་བལྟས་ན།བདར་རྐྱང་ཀུའེ་དུས་མཚུངས་ལས་ལྡབ་1.5འཕར་བ་དང་།བདར་མང་ཀུའེ་ལྡབ་3.0འཕར་བ།ཉི་ནུས་གློག་རྫས་71.9%འཕར་བ་བཅས་རེད”ཅེས་མཚོ་སྔོན་ཞིང་ཆེན་བསྡོམས་རྩིས་ཅུས་བཟོ་ལས་བསྡོམས་རྩིས་ཁྲུའི་ཁྲུའུ་ཀྲང་རེན་ཞའོ་ཉིང་གིས་བཤད།
ཉེ་བའི་ལོ་ཤས་རིང་།ཕུན་སུམ་ཚོགས་པའི་ཐོན་ཁུངས་ལ་བརྟེན་ནས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ནུས་རྒྱུ་གསར་པའི་སྟོད་རྒྱུད་དང་སྨད་རྒྱུད་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་མཚོ་ནུབ་ནུབ་མ“ལྗང་མདོག”འཕེལ་རྒྱས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་བསྐྱོད་ཡོད།
ཟླ་7པར་ཀྲུང་གོ་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིས་མ་དངུལ་བཏང་ནས་བསྐྲུན་པའི་མཚོ་སྔོན་ཞིང་ཆེན་གྱི་ཆན་ཝ་ཁྲི་6རེ་ཟིན་པའི་གཤེར་གཟུགས་མཁའ་རླུང་ནུས་གསོག་དཔེ་སྟོན་རྣམ་གྲངས་མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་དུ་ལས་འགོ་ཚུགས་པ་དང་།ཟླ་9པར་མཚོ་སྔོན་མིང་དབྱང་ས་མཐོའི་རྣམ་པའི་5-10MWསྒྲིག་སྲོལ་ཅན་གྱི་རླུང་འཕྲུལ་ཚན་རྩལ་གསར་གཏོད(དུས་ཐེངས་གཉིས་པ)ཐོན་ལས་རྣམ་གྲངས་མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དུ་སྐྲུན་འགོ་ཚུགས་པ་དང་།ཟླ་10པར་ཀྲུང་གོའི་ནུས་རྒྱུ་འཛུགས་སྐྲུན་གྱི་ཀྲུང་གོ་གློག་ཤུགས་ལས་གྲྭ་མ་འཇོག་བྱས་ནས་འཛུགས་སྐྲུན་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་ཁག་དང་པོའི“ཐེར་འདོན་དམག་གཙོ”མཚོ་ནུབ་ཁུལ་ཝུའུ་ལན་རྫོང་གི་སྔོན་ཐོན་མཁའ་རླུང་ནུས་གསོག(འདུས་གྲུབ)དཔེ་སྟོན་རྣམ་གྲངས་མཚོ་ནུབ་ཁུལ་ཝུའུ་ལན་རྫོང་དུ་སྐྲུན་འགོ་ཚུགས་པ་སོགས་མིག་སྔར་མཚོ་ནུབ་ཁུལ་གྱི་ནུས་རྒྱུ་གསར་པའི་ཐོན་ལས་ཀྱི་རིན་ཐང་འཕར་མ་དེ་2012ལོ་ལས་285.8%འཕར་བ་དང་ལོར་ཆ་སྙོམས་16.2%འཕར་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མའི་བསྡུར་ཚད་2012ལོ་ལས་བརྒྱ་ཆའི་གྲངས་12.5མཐོ་རུ་ཕྱིན་ཡོད།
རྣམ་གྲངས་ཀྱི་“སྣ་ཐག་”དམ་པོར་བཟུང་ནས་མ་འཇོག་གི“སྒུལ་ཤུགས་”ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།འདི་ལོ་ནས་བཟུང་།མཚོ་སྔོན་ཞིང་ཆེན་གོང་འོག་ཚང་མས་སྤུས་ལེགས་འཕེལ་རྒྱས་ལ་དམིགས་ནས་བཟོ་སྐྲུན་ལས་རིགས་ཀྱི་ཐོན་ལས་སྦྲེལ་ཐག་རྣམ་གྲངས་གལ་ཆེན་ཁག་གཅིག་དང་དམངས་འཚོར་ཕན་པ་དང་ཞན་ཆ་གསབ་པའི་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་སྐྲུན་འགོ་ཚུགས་པ་དང་།མ་འཇོག་སྔོན་ལ་བྱེད་པའི་དམིགས་ཚད་ལེགས་སུ་ཕྱིན་པ།བཟོ་ལས་མ་འཇོག་གི་སྐུལ་ཁྲིད་མངོན་གསལ་དོད་པོ་བྱུང་ཡོད།དེ་དང་ཆབས་ཅིག་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་དེ་འགག་རྩར་བརྩིས་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་རྒྱུར་རྒྱུན་ཆད་མེད་པའི་སྒུལ་ཤུགས་བསྣན་ཡོད།དུས་ཚིགས་དང་པོ་ནས་གསུམ་པའི་བར“གྲུབ་འབྲས་རེའུ་མིག”ལས་མངོན་པར།ཟླ་དང་པོ་ནས་དགུ་པའི་བར་བཟོ་ལས་ལ་མ་འཇོག་བྱེད་ཚད་10.7%འཕར་བ་དེས་མ་འཇོག་ཡོངས་ཀྱི་བསྡུར་ཚད་47.3%བཟུང་ནས་མཚོ་སྔོན་ཞིང་ཆེན་གྱི་མ་འཇོག་བརྒྱ་ཆའི་གྲངས་4.2འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད།
“‘བཅུ་བཞི་ལྔ’འཆར་འགོད་ཀྱི་ལས་གྲྭ་གལ་ཆེན་དང་དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྣམ་གྲངས་གལ་ཆེན་གཞན་དག་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བས་རྣམ་གྲངས་ཆེ་གྲས་ལ་མ་འཇོག་སྐུལ་ཁྲིད་ཀྱི་ནུས་པ་མངོན་གསལ་དོད་པོ་ཐོན་ཡོད།ཟླ་དང་པོ་ནས་དགུ་པའི་བར་ཁྱོན་མ་དངུལ་སྒོར་དུང་ཕྱུར་10དང་དེ་ཡན་གྱི་རྣམ་གྲངས་ཁག་159ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་5.2%འཕར་བ་དང་།དབུན་ཁྲོན་གྱི་གཏན་འཇགས་རྒྱུ་ནོར་མ་འཇོག་ལས་བརྒྱ་ཆའི་གྲངས་13.1གིས་མཐོ་བ་ཡོད་པ་དེའི་ནང་ཟི་ལིང་ཚའོ་ཅ་པའོ་རྒྱལ་སྤྱིའི་གནམ་ཐང་གི་དུས་ཐེངས་གསུམ་པའི་ལོ་འཁོར་གྱི་འཆར་གཞིའི་97.1%ལེགས་གྲུབ་བྱུང་བ་དང་།ཤིས་ཁྲེང་ལྕགས་ལམ་གྱིས་ལོ་འཁོར་གྱི་འཆར་གཞིའི་81.1%ལེགས་གྲུབ་བྱུང་བ།ཐེན་ཧོ་འོད་ནུས་རྒྱུའི་འོད་ཤུགས་བཟོ་སྐྲུན་ཐོན་ལས་སྦྲེལ་ཐག་རྣམ་གྲངས་ཀྱི་ལོ་འཁོར་འཆར་གཞིའི་ལྡབ་3.8ལེགས་གྲུབ་ཟིན་པ།མར་ཐིང་ཆུ་ཤུགས་གློག་ཁང་གིས་ལོ་འཁོར་གྱི་འཆར་གཞིའི་ལྡབ་1.7ཟིན་པ།བདར་ཚན་ནུས་རྒྱུའི་མ་འཇོག་རྣམ་གྲངས་ཀྱི་ལོ་འཁོར་འཆར་གཞིའི་ལྡབ་2.0ལེགས་སྒྲུབ་བྱས་པ། ཟི་ལིང་སློབ་ཆེན་གྱིས་ལོ་འཁོར་གྱི་འཆར་གཞིའི་83.8%ལེགས་སྒྲུབ་བྱས་པ། དར་དམར་ཆན་ཕུའུ་750ཡི་གློག་སྐྱེལ་གློག་སྒྱུར་ལས་གྲྭའི་ལོ་འཁོར་གྱི་འཆར་གཞིའི་ལྡབ་1.3ལེགས་སྒྲུབ་བྱས་ཞེས་མཚོ་སྔོན་ཞིང་ཆེན་བསྡོམས་རྩིས་ཅུས་གཏན་འཇགས་རྒྱུ་ནོར་མ་འཇོག་ཁྲུའི་ཁྲུའུ་ཀྲང་ཁྲེན་ཡུས་ཆིས་ངོ་སྤྲོད་བྱས།
སྤྱིའི་ཆ་ནས་བལྟས་ན།མཚོ་སྔོན་ཞིང་ཆེན་གྱི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་བཟོ་ལས་ཐོན་སྐྱེད་བརྟན་པོའི་ངང་ཡར་རྒྱས་བྱུང་བ་དང་ལེགས་ཆའི་ཐོན་ལས་ཀྱི་མཉེན་ཤུགས་མངོན་ཡོད།དུས་མཚམས་རྗེས་མར་དཔལ་འབྱོར་བརྟན་པོའི་སྲིད་ཇུས་ཁག་མུ་མཐུད་དོན་འཁྱོལ་བྱེད་པ་དང་བརྟན་ཐོག་ཡར་འཕེལ་གྱི་སྤྱིའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ་བཟོ་ལས་དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་ནུས་ལྡན་དང་གྲངས་འབོར་ལུགས་མཐུན་ངང་འཕར་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་མཚོ་སྔོན་ཞིང་ཆེན་གྱི་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་ཀྱི་འབྱུང་ཁུངས་དེ་བས་མང་བ་གཏོད་དགོས།
ལོ་ཙཱ་བ། ལྷ་ཆེན་རྒྱལ།
རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།