མཚོ་སྔོན་གྱི་ཁེ་ལས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་ལས་དོན་ལ་བཀྲག་མདངས་བསྣན་པ།

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྤེལ་དུས། : 2023-11-02

རང་རེའི་དྲ་བའི་འཕྲིན། ཉེ་སྔོན། “སྤུས་ཚད་མཐོ་བའི་སྒོ་ནས་‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་བྱས་ཏེ་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་ཡོང་བ་བྱེད་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་པེ་ཅིང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་འཚོགས་པ་རེད།རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ་རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་ཏུང་ཧྲི་ཀྲང་ཏང་ཨུད་ཀྱི་ཧྲུའུ་ཅི་ཡའོ་ཞའོ་ཡན་གདན་ཞུས་ལྟར་སྐབས་འདིའི་མཐོ་རིམ་གླེང་སྟེགས་བྱེད་སྒོ་སྟེ“རྒྱུད་གཅིག་ལམ་གཅིག”གི་ཁེ་ལས་མཁས་ཅན་གྱི་ཚོགས་ཆེན་ལ་ཞུགས་པ་དང་འབྲེལ་སོ་ཏི་ཨ་རབ་རྒྱལ་སྤྱིའི་གློག་ཤུགས་དང་ཆུ་དོན་ཀུང་སིའི་ACWA Powerཏུང་ཧྲི་ཀྲང་མོ་ཧན་མོ་ཏེ·ཨ་པུའུ་ན་དབྱང་དང་མཉམ་དུ་ཨུ་ཟ་བྷེ་ཁི་སི་ཐན་གྱི་ལྗང་མདོག་ཆིང་རྣམ་གྲངས་ཀྱི་མཉམ་འབྲེལ་གསར་སྤེལ་གྲོས་མཐུན་ལ་མིང་རྟགས་བཀོད་པ་དེ་མཚོ་སྔོན་ཞིང་ཆེན་གྱིས་ནུས་རྒྱུ་གཙང་མ་འཕེལ་རྒྱས་ཐད་སྟོབས་ཤུགས་ཕུལ་བ་རེད།

ད་ཐེངས་མིང་རྟགས་བཀོད་པའི་གསར་སྤེལ་གྲོས་མཐུན་ནི་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཆིང་ལྗང་རྣམ་གྲངས་དང་པོ་དེ་ཡིན་པ་དེས་ཨུ་ཟ་བྷེ་ཁི་སི་ཐན་གྱི་རྫས་འགྱུར་བཟོ་ལས་ཀྱི་ཐཱན་ཉུང་གཏོང་ལ་དཔེ་སྟོན་བྱེད་ཐུབ་པ་མ་ཟད།ཨུ་ཟ་བྷེ་ཁི་སི་ཐན་གྱི་ནུས་རྒྱུའི་འདུན་པར་ཞབས་འདེགས་ཞུ་རྒྱུ་རེད།དེ་དང་ཆབས་ཅིག་ད་ཐེངས་ཀྱི་མཉམ་འབྲེལ་གསར་སྤེལ་གྲོས་མཐུན་ལ་མིང་རྟགས་བཀོད་པ་དེ་ཐོག་ནས་རྨ་ཆུའི་ཀུང་སི་དང་འཐབ་ཇུས་མཉམ་ལས་རོགས་ཟླ་ACWA Powerཕྱོགས་གསུམ་པའི་རྒྱལ་ཁབ་ཀྱི་ཁྲོམ་རའི་བསྐྱར་སྐྱེས་ནུས་རྒྱུའི་རྣམ་གྲངས་གསར་སྤེལ་མཉམ་ལས་ལ་འགོ་ཡག་པོ་ཞིག་ཚུགས་པ་མཚོན་ཡོད།རྣམ་གྲངས་ལག་བསྟར་བྱས་པ་དེས་ལྗང་མདོག་གི“རྒྱུད་གཅིག་ལམ་གཅིག”ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུར་ཕན་ཐོགས་ཡོད་པ་དང་ཕྱོགས་མང་ནུས་རྒྱུའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་རེད།

“རྒྱུད་གཅིག་ལམ་གཅིག”གི་ཁེ་ལས་མཁས་ཅན་གྱི་ཚོགས་ཆེན་ཐོག་སོ་ཏི་ཨ་རབ་རྒྱལ་སྤྱིའི་གློག་ཤུགས་དང་ཆུ་དོན་ཀུང་སིའི་ཏུང་ཧྲི་ཀྲང་མུའུ་ཧན་མོ་ཏེ·ཨ་པུའུ་ན་དབྱང་གིས་ཀྲུང་གོའི་མཉམ་ལས་རོགས་ཟླ་དང་བསྐྱར་སྐྱེས་ཐོན་ཁུངས་ཁྱབ་ཁོངས་སུ་མཉམ་ལས་བྱས་པ་བརྒྱུད་ཕྱོགས་གཉིས་པོས་གཙང་མ་དང་།བློས་འགེལ་ཆོག་པ།ཁུར་པོ་འཁུར་ཐུབ་པ་བཅས་ཀྱི་ནུས་རྒྱུ་གྲུབ་འབྲས་ཐོབ་པའི་ངང་ཐོན་སྐྱེད་བྱས་པ་མ་ཟད།ལག་རྩལ་ཡར་ཐོན་དང་ཤེས་བྱ་མཉམ་སྤྱོད་ལ་ཐབས་ལམ་གསར་པ་ཞིག་ཀྱང་བཏོད་ཡོད་ཅེས་བཤད་པ་རེད།

ཉེ་བའི་ལོ་ཤས་རིང་།རྨ་ཆུའི་ཀུང་སིས་རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པས་རྒྱལ་ཁབ་ཀྱི་གློག་ཤུགས་མ་འཇོག་ཚོགས་པས་རྒྱབ་སྐྱོར་བྱེད་པ་དང་།“ལྗང་མདོག་དབུས་ཤར་ས་ཁུལ”དང“ལྗང་མདོག་སོ་ཏི”ཡི་གྲོས་འགོ་དང་ལེན་ཧུར་ཐག་ཞུས་ནས་རྒྱལ་སྤྱི་ཅན་གྱི་འཕེལ་རྒྱས་བསམ་ཕྱོགས་གསར་གཏོད་བྱེད་པ་དང“འོད་ཤུགས་+”རྣམ་གྲངས་དང་གསར་དར་ཐོན་ལས་རྒྱལ་སྤྱི་ཅན་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་དྲ་གྱེས་རྣམ་པའི་ཕྱོགས་བསྡུས་རིག་འདི་ལོའི་ཟླ་9པའི་ཟླ་མཇུག་བར་མཚོ་དམར་ཕྱོགས་བསྡུས་རིག་ནུས་ནུས་རྒྱུའི་རྣམ་གྲངས་ཀྱི་ལས་གྲྭའི་འཕེལ་རིམ་93%ལས་བརྒལ་བ་དང་འོད་ཤུགས་གློག་ཁང་འཛུགས་སྐྲུན་ཚང་མ་ལེགས་གྲུབ་ཟིན་ནས་2024ལོར་ཚོང་ལས་སྐྱེལ་འདྲེན་བྱ་རྒྱུའི་འཆར་གཞི་ཡོད་པ་དང་སྐབས་དེ་དུས་སོ་ཏི་ཨ་རབ་ཀྱི་མཚོ་དམར་ཕྱོགས་བསྡུས་ཡུལ་སྐོར་ཁུལ་དུ་བསྐྱར་སྐྱེས་ནུས་རྒྱུ་100%སྤྱོད་རྒྱུ་ཡོད་པ་དང་ལོ་ལྟར་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་56.7ཉུང་དུ་བཏང་ནས་ཀྲུང་ཨའི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ལྗང་མདོག་གི་སྒུལ་ནུས་གསར་པ་བསྣན་ཡོད་པ་རེད།

རྨ་ཆུ་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་རང་ངོས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་དང་ལག་རྩལ་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་དབུས་ཤར་ས་ཁུལ་དང་ཨ་ཧྥེ་རི་ཁའི་བྱང་རྒྱུད་ས་ཁོངས་དང་ས་ཧ་ལའི་ལྷོ་རྒྱུད་ཀྱི་ཨ་ཧྥེ་རི་ཁ་སོགས་གཙོ་གནད་ས་ཁོངས་སུ་འདེགས་གནས་རྒྱལ་ཁབ་ལྟེ་བར་བྱས་ནས་མཐའ་འཁོར་དུ་ཁྱབ་འགྱེད་བྱས་ཏེ་འཐབ་ཇུས་ཀྱི་གཙོ་གནད་རྣམ་གྲངས་དང་།ཁེ་བཟང་འགན་ལེན་རྣམ་གྲངས།ཉེན་ཁ་ཚོད་འཛིན་ཐུབ་པའི་རྣམ་གྲངས། མཉམ་སྡུད་མཉམ་གསོག་དང་གསར་གཏོད་ཀྱིས་སྐུལ་འདེད་གཏོང་བ་དང་།    ཡུལ་བབ་དང་བསྟུན་ནས་རྒྱལ་སྤྱི་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་བ།    “རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱ་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་སུ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས།    

ལོ་ཙཱ་བ། ལྷ་ཆེན་རྒྱལ།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།