[དུས་རབས་གསར་པ། ལམ་བུ་གསར་པ། རླབས་ཆེན་གྱི་བྱ་གཞག་གསར་པ།] མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་གློག་དྲའི་ལས་གྲྭས་ཉིན་བརྒྱའི་འགག་སྒྲོལ་བྱ་སྤྱོད་སྤེལ་འགོ་ཚུགས་པ།

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྤེལ་དུས། : 2023-11-02

རང་རེའི་དྲ་བའི་འཕྲིན། ཉེ་སྔོན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་ཐེ་ཀེ་ཤང་དུ་ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་གཡོ་བ་དང་།ཐང་དཀར་མའི་སྟོང་ཕུའུ་750ཡི་གློག་སྒྱུར་ས་ཚིགས་གསར་སྐྲུན་ལས་གྲྭ་སྤེལ་ཡུལ་དུ་འཛུགས་སྐྲུན་པ་300ལྷག་ཙམ་གྱིས་གངས་ལ་མ་འཛེམས་པར་འབད་འཐབ་བྱས་པ་རེད།དེ་ཉིན་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་གཙོ་གནད་གློག་དྲའི་ལས་གྲྭའི“བདེ་སྲུང་སྤུས་ལེགས་ཀྱི་སྤུས་ཚད་བརྟན་གཏོང”གི་ཉིན་བརྒྱའི་འགག་སྒྲོལ་སྐུལ་སློང་ཚོགས་ཆེན་དང“བསྡུར་གསུམ་དང་དྲུག་འགྲན་བསྡུར་གྱི་ཚད་ཤིང་གཏོད”ཅེས་པའི་ངལ་རྩོལ་འགྲན་བསྡུར་གྱི་འགོ་ཚུགས་མཛད་སྒོ་དེ་གར་འཚོགས་པ་རེད།

མུ་མཐའ་མེད་པའི་རྩྭ་ཐང་ཆེན་པོའི་ཐོག་ཨར་ལས་མི་སྣས་སྒྲོམ་གཞི་ཆེན་པོ་སྒྲིག་སྦྱོར་བྱེད་བཞིན་ཡོད།དངུལ་མདོག་གི་སྒྲོམ་གཞི་རེ་རེ་མཐོན་པོར་འགྱིང་ངེར་གནས་པ་དང་།སྟོང་ཧྥུ་750ཡི་སྒྲོམ་གཞི་མང་པོ་ཞིག་ཡར་ལངས་བཞིན་ཡོད།རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཏང་ཨུད་ཀྱི་ཨུ་ཡོན་ཀུའོ་ཧྲུན་ཉིང་གིས་2023ལོའི་ཟླ་10ཚེས་18ཉིན་ནས་2024ལོའི་ཟླ་1ཚེས་25ཉིན་བར་ཀུང་སིས་ཁུ་ནུ་རི་བོའི་སྟོང་ཕུའུ་750ཡི་གློག་སྐྱེལ་གློག་སྒྱུར་ལས་གྲྭར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་སྟོང་ཕུའུ་750ཡི་གློག་སྐྱེལ་གློག་སྒྱུར་ལས་གྲྭ།ཡུལ་ཤུལ་དང་མགོ་ལོག་གི་སྟོང་ཕུའུ་330ཡི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་བཅས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་རེད།ལས་གྲྭ་དེ་དག་ནི་ཆན་ཝ་ཁྲི་1090ཡི་ནུས་རྒྱུ་གསར་པ་དྲ་སྦྲེལ་གྱི་ལས་འགན་ལེགས་སྒྲུབ་བྱས་ནས་གཙང་གསུམ་ཆུ་འགོའི་ལྟེ་བའི་ལྗང་མདོག་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་།བོད་དང་འབྲེལ་བ་ཡོད་པའི་ས་ཁུལ་གྱི་དམངས་འཚོ་ལེགས་སུ་གཏོང་བ།རྒྱལ་ཁབ་ཀྱི་རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ལེགས་འཕེལ་རྒྱས་འཐབ་ཇུས་ལ་རམ་འདེགས་བྱེད་པའི་ལས་གྲྭ་གལ་ཆེན་ཞིག་རེད།

ཁུ་ནུ་རི་བོའི་སྟོང་ཕུའུ་750ཡི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་དེ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་ཝུའུ་ཐུའུ་མེ་རེན་ཤང་དུ་གནས་པ་དང་ལམ་ཐིག་དེ་ཁུ་ནུ་རི་བོའི་སྟོང་ཕུའུ་750ཡི་གློག་སྒྱུར་ས་ཚིགས་ནས་འགོ་བཙུགས་ཏེ་ཚྭ་འདམ་གཤོངས་སའི་སྟོང་ཕུའུ་750ཡི་གློག་སྒྱུར་ས་ཚིགས་བར་ཡིན་པ་དང་2022ལོའི་ཟླ་11ཚེས་30ཉིན་ལས་འགོ་བཙུགས་ནས་འདི་ལོའི་ཟླ་12པར་གློག་ཤར་གཏོང་ཐུབ་པའི་བརྩོན་ལེན་བྱ་རྒྱུ་དང་སྔོན་དཔག་བྱས་ན་2024ལོའི་ཟླ་8པར་དངོས་སུ་གློག་གཏོང་ཐུབ་རྒྱུ་རེད།མིག་སྔར་གློག་སྒྱུར་ས་ཚིགས་ཀྱི་ཨར་ལས་འཛུགས་སྐྲུན་སྤྱིའི་ཆ་ནས་91.5%ལེགས་གྲུབ་ཟིན་པ་དང་།གློག་ཤུགས་སྒྲིག་སྦྱོར71%ལེགས་གྲུབ་ཟིན་པ།ཚོད་ལྟ་བྱས་ནས་10%ལེགས་གྲུབ་ཟིན་པ།ལམ་ཐིག་ལས་གྲྭའི་རྨང་གཞི་དང་ལྕགས་སྒྲོམ་ཚོགས་ཆུང་བཙུགས་ཟིན་པ་དང་།གློག་སྐུད་འགྲེམས་སྟོན་བྱེད་ཚད་བསྡོམས་འབོར་གྱི་95.3%ཟིན་ཡོད།

སྟོང་ཕུའུ་750ཡི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་དེ་2022ལོའི་ཟླ་12ཚེས་28ཉིན་ལས་འགོ་བཙུགས་ནས་2024ལོའི་ཟླ་4པར་གློག་གཏོང་ཐུབ་པའི་བརྩོན་ལེན་བྱ་རྒྱུ་རེད།ལས་གྲྭ་བསྐྲུན་རྗེས་ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་550ཟིན་ནས་མཚོ་ལྷོ་ཁུལ་གྱི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་བསྐྲུན་རྒྱུར་འགག་རྩའི་འདེགས་སྐྱོར་བྱ་རྒྱུ་རེད།

ཏིང་ཀྲི་ཁོའུ་ཡི་སྟོང་ཕུའུ་750ཡི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་དེ་མཚོ་ནུབ་ཁུལ་མང་ཡ་གྲོང་ཁྱེར་ལེང་ཧུའུ་གྲོང་རྡལ་དུ་གནས་པ་དང་།ལམ་ཐིག་དེ་ཉ་ཁའི་སྟོང་ཕུའུ་750ཡི་གློག་སྒྱུར་ས་ཚིགས་ནས་འགོ་བཙུགས་ཏེ་བསྐྲུན་རྩིས་ཡོད་པའི་ཏིང་ཙི་ཁའི་སྟོང་ཕུའུ་750ཡི་གློག་སྒྱུར་ས་ཚིགས་བར་ཡིན་པ་རེད།མིག་སྔར་རྣམ་གྲངས་མི་སྣ་སྒྲིག་འཛུགས་དང་།འཕྲུལ་ཆས་ནང་འཛུལ་ཆོག་པ།ལས་གྲྭར་མཁོ་བའི་དངོས་ཟོག་ཉོ་སྒྲུབ་ཀྱི་གྲ་སྒྲིག་ལས་དོན་ལེགས་གྲུབ་ཟིན་ནས་ནུས་ཆེ་དང་གོ་རིམ་ལྡན་པའི་ངང་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་སྔོན་དཔག་བྱས་ན་2025ལོའི་ཟླ་6པར་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་རྒྱུ་རེད།

ཡུལ་ཤུལ་དང་མགོ་ལོག་གི་སྟོང་ཕུའུ་330ཡི་སྐུད་ལམ་ལས་གྲྭའི་ནང་ཐང་ནག་ནས་རྨ་སྟོད་བར་གྱི་སྟོང་ཕུའུ་330ཡི་སྐུད་ལམ་ལས་གྲྭ་དང་མགོ་ལོག་དྲ་སྦྲེལ་གྱི་སྟོང་ཕུའུ་330ཡི་སྐུད་ལམ་ལས་གྲྭའི་ལས་གྲྭ་གཉིས་ཚུད་ཡོད།མིག་སྔར་རྣམ་གྲངས་མི་སྣ་སྒྲིག་འཛུགས་དང་།འཕྲུལ་ཆས་ནང་འཛུལ་ཆོག་པ།ལས་གྲྭར་མཁོ་བའི་དངོས་ཟོག་ཉོ་སྒྲུབ་ཀྱི་གྲ་སྒྲིག་ལས་དོན་ལེགས་གྲུབ་ཟིན་ནས་སྔོན་དཔག་བྱས་ན་2025ལོའི་ཟླ་6པར་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་རྒྱུ་རེད།

འགོ་ཚུགས་མཛད་སྒོའི་ཐོག་རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུང་སིས་ལས་གྲྭ་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པའི་འཐུས་མིར་ཏང་ཡོན་འཕྲལ་སྒྲུབ་རུ་ཁག་དང་།གཞོན་ནུ་འཕྲལ་སྒྲུབ་རུ་ཁག་།བཟོ་པའི་གདོང་ལེན་རྟགས་ཅན་བཅས་ཀྱི་དར་ཆ་སྤྲད་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།