རང་རེའི་དྲ་བའི་འཕྲིན།“དུས་རབས་གསར་པ། མཚོ་སྔོན་གསར་པ། རྒྱང་སྐྱོད་ལམ་བུ་གསར་པ”ཞེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་མཚོ་སྔོན་མཛེས་རྩལ་ཁང་དུ་སྤེལ་ཚུན་སྤྱི་ཚོགས་ལས་རིགས་ཁག་གི་ཚད་མཐོའི་གདེང་འཇོག་ཐོབ་པ་དང་ཚུར་སྣང་ལན་ཆ་དྲག་པོ་བྱུང་ནས་མཚོ་སྔོན་གྱི་མི་རིགས་ཁག་གི་མི་དམངས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་ཡིད་ཆེས་དང་ཆོད་སེམས་ཆེ་རུ་ཕྱིན་ཡོད།ཚང་མས་བརྗོད་དོན་གཙོ་བོའི་ཐོག་ནས་མི་སེམས་ལ་གཡོ་འགུལ་ཐེབས་པ་དང་ངར་ཤུགས་འཕེལ་བ་བྱེད་ཀྱི་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་དཔའ་ངར་ཆེན་པོས་མདུན་སྐྱོད་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་རྒྱུ་རེད།
སྨི་ངོས་གྲུ་བཞི་མ1461ཡོད་པའི་འགྲེམས་ཁང་དུ་སྐྱོད་སྐབས་དུས་རབས་གསར་པའི་ལོ་བཅུའི་རིང་མཚོ་སྔོན་གྱི་འོད་སྟོང་འཕྲོ་བའི་ལོ་ཟླའི་ཁྲོད་དུ་སླེབས་ཡོད།པར་རིས་དང་རེའུ་མིག་རེ་རེ་དང་།དངོས་རྫས་ཀྱི་དཔེ་དབྱིབས་རེ་རེ།ངོ་མཚར་ཆེ་བའི་བརྙན་ལམ་དུམ་བུ་རེ་རེ་བཅས་ལ་ལྟད་མོ་བས་འགྲོ་ཞོར་དུ་བསམ་གཞིགས་བྱེད་པ་དང་།ལས་དོན་མི་སྣའི་འགྲེལ་བཤད་ནན་ཏན་ངང་ཉན་པ།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་མཚོ་སྔོན་ཞིང་ཆེན་གྱིས་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་དྲིན་ཚོར་མདུན་སྐྱོད་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ཏེ་རྒྱུན་ཆད་མེད་པར་འགག་སྒྲོལ་དཀའ་སེལ་དང་། གསར་གཏོད་གསར་སྐྲུན་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་། སྤུས་ཚད་མཐོ་བའི་གོང་འཕེལ། དམངས་འཚོའི་བདེ་སྐྱིད། མི་རིགས་མཐུན་སྒྲིལ། ཏང་ལེགས་སྐྱོང་སོགས་པའི་བྱ་གཞག་ཁག་གི་ཐད་གྲུབ་འབྲས་ཁྱད་དུ་འཕགས་པ་ཐོབ་ཅིང་། འབད་འཐབ་ཀྱི་རྒྱང་སྐྱོད་གསར་པའི་སྟོབས་ཤུགས་ཆེན་པོ་གོང་བུར་འགྲིལ་ཡོད།
“རླབས་ཆེན་གྲུབ་འབྲས་ཀྱིས་མི་སེམས་ལ་སྐུལ་མ་ཐེབས་པ་དང་འབྱུང་འགྱུར་གྱི་མདུན་ལམ་གྱིས་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་ཡོད”ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཏེ་ཅུན་གྱིས་དུས་རབས་གསར་པའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་ཞིག་ཡིན་པའི་ངོས་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་དཔང་པོ་དང་ཕན་པ་ཐོབ་མཁན་ཞིག་ཡིན་ལ་འཛུགས་སྐྲུན་པ་དང་སྲུང་སྐྱོང་བྱེད་མཁན་ཞིག་ཀྱང་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།སླད་ཕྱིན་རང་འཁྲིའི་ལས་གནས་ཐོག་གཞི་ཚུགས་ཏེ་མཚོ་སྔོན་གྱི་ལེགས་ཆ་ཤེས་རྟོགས་དང་།མཚོ་སྔོན་ལ་དགའ་ཞེན་བྱེད་པའི་སྤྲོ་སེམས།མཚོ་སྔོན་དར་རྒྱས་གཏོང་བའི་ལས་འགན་བཅས་ལ་བརྟེན་ནས་དངོས་འཛིན་དངོས་སྒྲུབ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་ལག་ལེན་ཁྲོད་འགན་འཁྲི་འཁུར་ནས་བྱས་རྗེས་འཇོག་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
“ཁྱད་ཆོས་མངོན་གསལ་དོད་པ་དང་བཀྲག་མདངས་འཚེར་ས་མང་པོ་ཡོད་པ་དང་།འདངས་པོ་དང་སྣོལ་རེས་ཅན་དེ་འགྲེམས་སྟོན་དེའི་མཚོན་རྟགས་མངོན་གསལ་དོད་པོ་ཞིག་ཏུ་གྱུར་ཡོད།བལྟས་རྗེས་སེམས་འགུལ་ཆེན་པོ་ཐེབས་པ་དང་།སྐུལ་ལྕག་ཆེན་པོ་ཐེབས་པ།བློ་སྒོ་ཆེན་པོ་ཕྱེ་ཡོད”ཞིང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ལས་ཁུངས་ཏང་ཨུད་ཀྱི་རིམ་པ་བཞི་པའི་བརྟག་ཞིབ་པ་ཏོན་གོ་ལིང་གིས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་གཏོང་བ་དང་།ལས་གནས་ཀྱི་ལས་ཀའི་འགན་འཁྲི་དང་ཟུང་འབྲེལ་བྱས་ཏེ་གཞུང་དྲང་གསར་གཏོད་དང་གསར་གཏོད་ཡར་བརྩོན་བྱས་ཏེ་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བཤད་པ་རེད།
“འགྲེམས་སྟོན་ལ་ཕྱོགས་ཡོངས་དང་།བརྒྱུད་རིམ་ཧྲིལ་པོ།ཡུལ་ལྗོངས་ཧྲིལ་པོ་བཅས་ཀྱི་ཐོག་ནས་དུས་རབས་གསར་པའི་ལོ་བཅུའི་རིང་གི་མཚོ་སྔོན་གྱི་འཕེལ་རིམ་གལ་ཆེན་དང་སྤྱིར་བཏང་མིན་པའི་གྲུབ་འབྲས་མངོན་པས་མི་རྣམས་ལ་སྐུལ་ལྕག་ཆེན་པོ་ཐེབས་བྱུང”ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་དཔལ་འབྱོར་ལག་རྩལ་པུའི་རིམ་པ་བཞི་པའི་བརྟག་ཞིབ་པ་ཝང་ཞའོ་ཅོན་གྱིས“ང་ཚོས་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་།ངལ་རྩོལ་སྙིང་སྟོབས།བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་ནས་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་ཤེས་ཡོན་ཅན་དང་།ལག་རྩལ་ནུས་པ།གསར་གཏོད་རྣམ་པའི་ཐོན་ལས་བཟོ་པའི་དཔུང་ཁག་བཅས་ཁག་གཅིག་གསོ་སྐྱོང་ཧུར་ཐག་བྱས་ནས་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་གཏོད་པ་དང་ཐོན་ལས་ཀྱི‘ས་ཁུལ་བཞི’བསྐྲུན་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་བཤད།
ཚོགས་ཆུང་གཅིག་གིས་གྲངས་གཞི་ལས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཐད་གཏོགས་ལས་ཁུངས་ཏང་ཨུད་ཀྱི་རིམ་གསུམ་ཀྲུའུ་རེན་ཁོའོ་ཡོན་ཡོན་ཏན་རྒྱ་མཚོར་སེམས་འགུལ་ཚད་མེད་ཐེབས་ཤིང་།ཁོང་གིས་ད་ཐེངས་ཀྱི་འགྲེམས་སྟོན་ལ་ལྟ་བ་ནི་གཏིང་ཟབ་ཅིང་གཡོ་འགུལ་ཆེན་པོ་ཐེབས་པའི་ས་གནས་ས་ཐོག་ཏུ་སློབ་ཁྲིད་བྱས་པ་ཞིག་རེད་ཅེས་བཤད།སླད་ཕྱིན་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་སྔར་བས་ཆེ་རུ་བཏང་ནས“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང“དེ་བས་གལ་འགངས་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་སྟངས་འཛིན་ནན་པོ་བྱས་ཏེ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དེ་རྒྱལ་ཁབ་ལ་དབང་བ་དང་།སྲུང་སྐྱོང་ཨང་དང་པོར་འཇོག་པ།དམངས་ཡོངས་ཀྱིས་མཉམ་སྤྱོད།མི་རབས་ནས་མི་རབས་བར་རྒྱུན་འཛིན་བཅས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་དཔེ་མཚོན་ཞིག་ཏུ་འཛུགས་སྐྲུན་ཧུར་ཐག་བྱ་རྒྱུ་རེད།
“བརྗོད་དོན་གཙོ་བོའི་འགྲེམས་སྟོན་གྱིས་གསོན་ཉམས་དོད་པ་དང་།ལངས་གཟུགས་ལྡན་པ།ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལོ་10ཡི་རིང་མཚོ་སྔོན་གྱི་བྱ་གཞག་ཁག་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གསར་པ་དང་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འགྱུར་ལྡོག་གསར་པ་བྱུང་བ་མངོན་པ་མ་ཟད།དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བའི་ཁྲོད་ལུས་རྩལ་བྱ་གཞག་གི་ནུས་པ་གལ་ཆེན་ལ་དེ་བས་ངོས་འཛིན་གཏིང་ཟབ་ཐུབ་ཡོད”ཞིང་ཆེན་ལུས་རྩལ་ཅུས་ལས་ཁུངས་ཏང་ཨུད་ཀྱི་རིམ་པ་གསུམ་པའི་ཀྲུའུ་རེན་ཁོའོ་ཡོན་ཏུའུ་ཝུན་ཧའོ་ཡིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མཚོ་སྔོན་ཤེས་རྟོགས་དང་།མཚོ་སྔོན་ལ་དགའ་ཞེན།མཚོ་སྔོན་དར་རྒྱས་བཅས་བྱ་རྒྱུ་དེ་རང་འཁྲིའི་ལས་འགན་དུ་བརྩིས་ནས་ལུས་རྩལ་སྲིད་ཇུས་ཀྱི་ཤེས་བྱ་ཁོང་དུ་ཆུད་པ་དང་།ནང་གི་ནུས་རྩལ་དཀའ་སྤྱད་སྦྱོང་བརྡར་བྱས་ནས་འཇོན་ཐང་ཆེ་རུ་གཏོང་བ་དང་།དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བའི་ཁྲོད་ལང་ཚོའི་བྱས་རྗེས་མངོན་པར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
“ཞིང་ཆེན་དེ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དངོས་སུ་བརྒྱུད་མྱོང་མཁན་དང་།དེའི་ནང་ཞུགས་མཁན།དཔང་པོ་བྱེད་མཁན་བཅས་ཡིན་པའི་ངོས་ནས་མྱོང་ཚོར་ཟབ་མོ་དང་སེམས་ཤུགས་ཆེན་པོ་ཐེབས་ཡོད”ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་གཞུང་དོན་ཁང་གི་རིམ་པ་གཉིས་པའི་ཀྲུའུ་རེན་ཁོའོ་ཡོན་ལི་ཡུང་ཧུའེ་ཡིས་ལས་གནས་ཐོག་གཞི་ཚུགས་ཏེ་སྤྱི་འདོམས་མཐུན་སྦྱོར་གྱི་འབྲེལ་གཏུག་པ་དང་།ཞབས་ཞུ་འགན་ལེན་གྱི་ལས་སྒྲུབ་པ།ཐབས་འདོན་ཇུས་འབུལ་བྱེད་མཁན་ཇུས་འདོན་པ།དོན་འཁྱོལ་ལ་སྐུལ་འདེད་གཏོང་མཁན་ལྟ་སྐུལ་པ་བཅས་ཡག་པོ་བྱས་ཏེ་དངོས་དངོས་རྗེན་རྗེན་གྱི་ལས་ཀའི་ཕན་འབྲས་ལ་བརྟེན་ནས་རང་ཞིང་གི་དམངས་གཉེར་དཔལ་འབྱོར་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་གཞག་སྤུས་ལེགས་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས་ཞེས་བཤད་པ་རེད།
ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གྱི་དུས་ཆེན་གཉིས་རིང་།“དུས་རབས་གསར་པའི་མཚོ་སྔོན་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པའི”བརྗོད་དོན་གཙོ་བོའི་འགྲེམས་སྟོན་དེ་ཀུན་གྱིས་དོ་སྣང་བྱ་ཡུལ་དུ་གྱུར་ནས་ཞིང་ཆེན་ཕྱི་ནང་གི་ལྟད་མོ་བ་ཁྲི་གཅིག་ལྷག་ཙམ་གྱི་ཡིད་དབང་བཀུག་ཡོད་པ་རེད།
ཕྱོགས་གཅིག་ནས་མཚོ་སྔོན་ཞིང་ཆེན་གྱི་ལས་རིགས་ཁག་དང་མི་རིགས་ཁག་གི་མང་ཚོགས་ཀྱི་འཛུམ་མདངས་ཀྱི་མདུན་དུ་ཟི་ལིང་གི་གྲོང་མི་ཧོའུ་ཡ་ནན་གྱིས་ལས་རིགས་ཁག་གི་མཚོ་སྔོན་མི་རིགས་ཁག་གི་བུ་ཕྲུག་ཚོས་ཕ་ཡུལ་དང་མཉམ་དུ་འཕེལ་རྒྱས་དང་འགྱུར་ལྡོག་བརྒྱུད་བཞིན་ཡོད་ཅེས་བཤད།འགྲེམས་ཁང་ནང་གི་གྲུབ་འབྲས་ཆེན་པོ་ཁག་མཐོང་རྗེས་བྱམས་བརྩེ་དང་སྤོབས་སེམས་ཆེན་པོ་སྐྱེས་ནས་ལས་ཀའི་དམིགས་ཚད་སྔར་བས་བརྟན་དུ་ཕྱིན་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ཤིག་སྐྱེས་སུ་ཕུལ་ཡོད།ང་ཚོས་མཚོ་སྔོན་གྱི་འབྱུང་འགྱུར་དེ་བས་ལེགས་པ་ཡོང་ངེས་ཡིན་པར་ཡིད་ཆེས་དེ་བས་བརྟན་པོ་བྱེད་ཀྱི་ཡོད།
“འགྲེམས་སྟོན་ལ་བལྟས་རྗེས་ལོ་བཅུ་པོ་དེའི་རིང་མཚོ་སྔོན་གྱི་བྱ་གཞག་ཁག་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གསར་པ་དང་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འགྱུར་ལྡོག་གསར་པ་བྱུང་བ་ཚོར་བྱུང་།དེ་སྔ་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་མཛེས་ལྗོངས་ཀྱིས་མི་རྣམས་ཀྱི་ཡིད་སྨོན་བྱེད་འོས་པ་དང་འགྲེམས་སྟོན་ལ་བལྟས་རྗེས་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱིས་སྣོད་བཅུད་མཛེས་པ་མ་ཟད།ད་དུང་མི་རིགས་འདུས་སྡོད་དང་རིག་གནས་སྣ་མང་མཉམ་འདྲེས་བྱེད་པ་དེ་བས་ཐད་ཀར་མྱོང་ཚོར་ཐུབ་ཀྱི་ཡོད”ཁྲེང་ཏུའུ་ཡི་ཡུལ་སྐོར་བ་ཝང་ཁྲེན་ཤིས་ཀྱིས་མྱོང་ཚོར་ཟབ་མོ་བྱུང་།
འགྱུར་ལྡོག་ལ་མི་རྣམས་དགའ་འོས་པ་དང་གྲུབ་འབྲས་ལ་མི་རྣམས་ཀྱིས་བསྔགས་བརྗོད་བྱེད་དུ་འཇུག་གི་ཡོད།སྣ་མང་ཕུན་སུམ་ཚོགས་པའི་འགྲེམས་སྟོན་གྱི་ནང་དོན་ལ་ལྟ་སྐོར་བས་སྐབས་འགར་བསམ་བློ་གཏོང་བ་དང་སྐབས་འགར་པར་ཆས་ཡར་བཀྱགས་ནས་པར་རྒྱག་གི་ཡོད།གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ལྟ་སྐོར་བས་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་ལོ་བཅུའི་འབད་འཐབ་ལོ་རྒྱུས་ལ་བསྔགས་བརྗོད་བྱེད་པ་དང་དེ་བཞིན་མཚོ་སྔོན་གྱི་འབྱུང་འགྱུར་འཕེལ་རྒྱས་ལ་རེ་སྒུག་བྱེད་པ་མཚོན་ཡོད།
(སྨྱུག་འཛིན་པ། ཝེ་ཧྲང་། ཚོགས་ཞུགས་པ་ཀྲང་ཞའོ་དབྱིན། ལི་ཞུའེ་མེང་། ཐེན་ཏེ་ཆན།)
ལོ་ཙཱ་བ། ལྷ་ཆེན་རྒྱལ།
རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།