[དུས་རབས་གསར་པ། ལམ་བུ་གསར་པ། རླབས་ཆེན་གྱི་བྱ་གཞག་གསར་པ།]“རི་ཆུའི”སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་གཡུར་ཟའི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱས་པ།

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྤེལ་དུས། : 2023-11-02

རང་རེའི་དྲ་བའི་འཕྲིན།“དུས་རབས་གསར་པ། ལམ་བུ་གསར་པ། རླབས་ཆེན་གྱི་བྱ་གཞག་གསར་པ།”བརྗོད་དོན་གཙོ་བོའི་འགྲེམས་སྟོན་མིག་སྔར་མཚོ་སྔོན་མཛེས་རྩལ་ཁང་དུ་འགྲེམས་སྟོན་བྱེད་བཞིན་ཡོད་པ་རེད།“རི་ཆུའི་རྨ་ལྷོ”ཞེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ནང་པར་རིས་དང་།དངོས་པོ།དཔེ་དབྱིབས།བརྙན་ལམ་སོགས་ཀྱི་རྣམ་པ་བརྒྱུད་དུས་རབས་གསར་པར་སླེབས་ཚུན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་ཁྱབ་ཁོངས་ཁག་ཏུ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།

རྨ་ལྷོའི་ཚན་པར་སྐྱོད་སྐབས་ལྟད་མོ་བར་དངོས་རྫས་ཁུལ་དུ་འགྲེམས་སྟོན་བྱས་པའི་ཐང་ག་དང་།འཇིམ་སྐུ།འཚེམ་དྲུབ།རྡོ་བརྐོས།འབྲུ་རིགས་སྣ་ལྔའི་རི་མོ་བཅས་དང་དེ་བཞིན་རིག་གནས་གསར་གཏོད་ཐོན་རྫས་སྣ་ཚོགས་ཀྱིས་ཡིད་དབང་འཕྲོག་ནས་རྨ་ཆུ་དང་ལྷོ་ཨ་ཧྥེ་རི་ཁའི་ཤུལ་བཞག་གི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཐད་ཀར་ཚོར་ཐུབ་རྒྱུ་རེད།ཚན་པ་ཧྲིལ་པོར“‘རི་ཆུའི་ལྷོ་རྒྱུད’ཀྱི་སྣོད་བཅུད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས”“‘བདེ་སྐྱིད་ལྡན་པའི་རྨ་ལྷོའི་’མཛེས་སྡུག་ལྡན་པའི་རི་མོ་བཀོད་པ”བཅས་བཀོད་སྒྲིག་བྱས་ནས་ཡུལ་ལྗོངས་ཧྲིལ་པོ་དང་ཟུར་ཚད་མང་པོའི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རྨ་ལྷོ་ཁུལ་གྱིས་རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ལེགས་འཕེལ་རྒྱས་འཆར་འགོད་དོན་འཁྱོལ་བྱས་ཏེ་རི་ཆུ་ནགས་ཞིང་མཚེའུ་ཕྱོགས་བསྡུས་བཅོས་སྐྱོང་དང་།“རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་གྱི་དམིགས་ས་གཏོད་པའི”སྤྱིའི་དམིགས་ཚད་ལ་དམིགས་ནས་རྨ་ལྷོ་ཁུལ་གྱི་ཕུན་སུམ་ཚོགས་པའི་རིག་གནས་ཐོན་ཁུངས་ལ་བརྟེན་ནས་ཞིང་ཆེན་རིམ་པའི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང“དུད་ཚང་ཁྲི་སྟོང་གི”འདུ་འགོད་ལག་བསྟར་བྱས་ཏེ“རེབ་གོང་རིག་གནས་ཡུལ་སྐོར་དུས་ཆེན”སོགས་ས་གནས་ཀྱི་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་རྟགས་ཁག་གཅིག་གྲུབ་འབྲས་ཐོབ་པའི་ངང་བཏོད་པས“ངོ་མཚར་རྨ་ལྷོ”ཞེས་པའི་སྤུས་རྟགས་ཀྱི་གཟུགས་བརྙན་སྔར་བས་མངོན་པ།འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ“བྱིས་པར་སློབ་གསོ་ཡོད་པ་དང་།སློབ་ཁྲིད་བྱེད་མཁན་ཡོད་པ།ངལ་རྩོལ་ལ་ཐོབ་ཆ་ཡོད་པ།ན་དུས་སྨན་བཅོས་ཐུབ་པ།རྒས་དུས་འཚོ་རྟེན་ཡོད་པ།སྡོད་སའི་ཁང་པ་ཡོད་པ།ཉམས་ཞན་རོགས་སྐྱོར་ཡོད་པ”བཅས་ཀྱི་དམིགས་ཚད་ལ་དམིགས་ནས་རྨང་གཞིའི་རང་བཞིན་དང་།ཀུན་ཕན་རང་བཞིན།མཐའ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འགན་ལེན་ཆུ་ཚད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།