[དུས་རབས་གསར་པ། ལམ་བུ་གསར་པ། རླབས་ཆེན་གྱི་བྱ་གཞག་གསར་པ།] དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི“གྲོགས་ཚོམས”རྒྱ་ཆེར་བཏང་སྟེ་སྒོ་དབྱེ་འཕེལ་རྒྱས་ཀྱི“སྒུལ་ནུས་གསར་པ”ཤུགས་བསྣན།

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྤེལ་དུས། : 2023-11-02

རང་རེའི་དྲ་བའི་འཕྲིན། གནའ་བོའི་དར་གོས་ལྷོ་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་མཚོ་སྔོན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ལེགས་འཕེལ་རྒྱས་ཀྱི་འཐབ་ཇུས་གོ་སྐབས་དམ་འཛིན་བྱས་ནས་ཕྱི་ཕྱོགས་སུ་སྒོ་དབྱེའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།

མཚོ་སྔོན་ཚའོ་ཅ་པའོ་ཁྲལ་སྲུང་ཟོག་འགྲེམས་ལྟེ་གནས(Bརིགས)བསྐྲུན་ནས་གཉེར་སྐྱོང་བྱས་པ་དང་།ཟི་ལིང་གི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་འགག་སྒོ་བཀག་སྡོམ་བྱས་པ་སོགས་ལོ་བཅུའི་རིང་མཚོ་སྔོན་གྱིས་འབད་བརྩོན་ལྷོད་མེད་ཀྱིས་མདུན་སྐྱོད་བྱས་ཏེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་ཁྲོད་རང་འགུལ་ངང་བྱས་རྗེས་བཞག་པ་དང་།“ཕྱིར་སྐྱོད”དང“ནང་འདྲེན”བྱས་པ་བརྒྱུད་ནང་ཁུལ་དང་ཕྱི་ཕྱོགས་སུ་སྒོ་དབྱེའི་བར་མཐོངས་རྒྱ་ཆེར་བཏང་ནས་ཕྱི་ཕྱོགས་ཚོང་དོན་མགྱོགས་མྱུར་འཕར་བ་དང་།ཕྱོགས་གཉིས་མ་འཇོག་བརྟན་པོའི་ངང་འཕེལ་རྒྱས།ལས་སྟེགས་འཛུགས་སྐྲུན་

ཕྱི་ཕྱོགས་ཉོ་ཚོང་བརྟན་པོའི་ངང་སྤུས་ཚད་ལྡན་པ།

འདི་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་31.8ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་20.9%འཕར་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དྲུག་པར་སླེབས་ནས་དུས་མཚུངས་ཀྱི་རྒྱལ་ཡོངས་ཀྱི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་གྲངས་21མཐོ་བ་ཡོད་པ་དང་།ཟླ་17བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

ཕྱི་ཕྱོགས་ཉོ་ཚོང་བརྟན་པོའི་ཁྲོད་སྤུས་ཚད་ལྡན་པ་དང་གྲངས་གཞིའི་འཕར་ཆག་གི་རྣམ་པ་ལས་དཔལ་འབྱོར་འཕེལ་རྒྱས་ཀྱི་མཉེན་ཤུགས་ཆེན་པོ་མངོན་ཡོད་པ་རེད།རྩིས་བཤེར་གསེད་བཀྲོལ་བྱས་པ་བརྒྱུད་མཚོ་སྔོན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་བཏང་ནས་སྤུས་ལེགས་འཕེལ་རྒྱས་ལ་ཕན་འབྲས་དངོས་ཐོབ་པ་དང་དཔལ་འབྱོར་ཚོང་དོན་འགྲོ་འོང་གི“གྲོགས་ཚོགས”རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་ཡོད།

ལོ་བཅུ་ལྷག་ཙམ་རིང་མཚོ་སྔོན་གྱིས་རྒྱལ་ཁབ་དང་ས་ཁུལ་180དང་ཚོང་དོན་འགྲོ་འོང་བྱས་པ་དང“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་དང་རིམ་རྩིས་བྱས་ན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་199.77ཟིན་པ་དེས་མཚོ་སྔོན་ཞིང་ཆེན་གྱི་ཕྱིར་གཏོང་ནང་འདྲེན་གྱི་བསྡུར་གྲངས་20.8%ནས་35%བར་འཕར་བ་དང་2022ལོར་མཚོ་སྔོན་ཞིང་ཆེན་དང“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་སིང་ཀ་ཕོར་དང་།མ་ལེ་ཞི་ཡ།ཝེ་ཐེ་ནམ།ཐུར་ཁེ།ཕ་ཁི་སི་ཐན།ཐེ་ལན་སོགས་རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་རིན་ཐང་སྒོར་དུང་ཕྱུར་གྱི་འགག་སྒོ་ཆེན་པོ་ལས་བརྒལ་ཡོད་པ་རེད།

ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཞིང་ཆེན་ཚོང་དོན་ཐིང་གིས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་དམ་པོར་དམིགས་པ་དང་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་མཚོ་སྔོན་ཞིང་ཆེན་གྱི་ཚྭ་མཚེའུ་རྫས་འགྱུར་བཟོ་ལས་དང་།ནུས་རྒྱུ་གསར་པ།རྒྱུ་ཆ་གསར་པ།ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས།ལྕགས་བཞུ་སོགས་ཕྱི་ཕྱོགས་ཉོ་ཚོང་ཁྱབ་ཁོངས་ཀྱི་གཙོ་གནད་ལས་རིགས་ལ་བརྟེན་ནས་གཙོ་གནད་ས་ཁུལ་དང་།གཙོ་གནད་གླིང་ཁུལ།གཙོ་གནད་ཁེ་ལས། ཁེ་ལས་སྐྱེད་སྲིང་དང་།    སྲིད་ཇུས་ལེགས་འགྱུར།    ཁེ་ལས་ཀྱི་ཁྲོམ་ར་གསར་འབྱེད་ཀྱི་ཐབས་ལམ་ཤར་བགྲོད་སོགས་ཀྱི་བྱ་ཐབས་སྤྱད་དེ་མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་ཚོང་དོན་བརྟན་པོའི་ངང་སྤུས་ཚད་མཐོར་གཏོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་བཏང་ཡོད།    

གྲངས་གཞི་ལས་མངོན་པར།འདི་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་འོད་ཤུགས་ལྷུ་ལག་ཕྱིར་གཏོང་བྱེད་ཚད་ལྡབ་3.6འཕར་བ་དང་།ཐཱན་སྐྱུར་ནཱ་ཕྱིར་གཏོང་བྱེད་ཚད་ལྡབ་3.1འཕར་བ།ལིན་སྐྱུར་ལྕགས་ལིས་ཕྱིར་གཏོང་བྱེད་ཚད་85.1%འཕར་བ་བཅས་རེད།ཉེ་བའི་ལོ་ཤས་རིང་།མཚོ་སྔོན་གྱིས་ཐོན་ལས་འཛུགས་སྐྲུན་གྱི་གོ་སྐབས་ལ་དམ་པོར་དམིགས་ནས་འདྲེ་ཚེར་མ་སོགས་སྲོལ་རྒྱུན་གྱི་ཕྱིར་གཏོང་ཐོན་རྫས་སྲ་བརྟན་དུ་གཏོང་བ་དང་ཆབས་ཅིག་འོད་ཤུགས་ཐོན་རྫས་དང་ཚྭ་མཚེའུ་ཐོན་རྫས་སོགས་ཐོན་རྫས་ཕྱིར་གཏོང་གི་མི་མངོན་པའི་སྟོབས་ཤུགས་དང་གཞི་ཁྱོན་སྔོག་འདོན་བྱས་ཏེ་འཁྱགས་ཙོང་ཉ་དང་།ཐཱན་སྐྱུར་ནཱ།ལྕགས་རིགས་ལི།ཉི་ནུས་གློག་རྫས་སོགས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་མེད་པ་ནས་ཡོད་པའི་བར་མངོན་འགྱུར་བྱུང་བ་དེས་མཚོ་སྔོན་ཞིང་ཆེན་གྱི་ཕྱིར་གཏོང་བྱེད་ཚད་ཀྱི་བསྡུར་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ནས་མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་ཚོང་དོན་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད་པ་རེད།

ཕྱི་ཕྱོགས་ཉོ་ཚོང་གི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པ་དང་།མཚོ་སྔོན་ཞིང་ཆེན་ཚོང་དོན་སྡེ་ཚན་གྱིས་ཚོང་དོན་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།མཉམ་འབྲེལ་རོགས་སྐྱོར་ལས་ཀའི་ལམ་སྲོལ་འཛུགས་པ།“སྲིད་གཞུང་དང་ཡིད་རྟོན་འགན་བཅོལ།དངུལ་ཁང”བཅས་ཀྱི་མ་དངུལ་བསྡུ་སྒྲིལ་བྱེད་སྟངས་གསར་པ་འཚོལ་ཞིབ་བྱེད་པ།“གཏོགས་ཁོངས་རེ་ཞུ་དང་འགག་སྒོ་ཞིབ་བཤེར་སྤྲོད”ཀྱི་འགག་སྒྲོལ་སྒྱུར་བཅོས་ཚོད་ལྟ་བྱེད་རྒྱ་ཆེ་རུ་བཏང་བ་བཅས་བྱས་པས།རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་།ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ།མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཅས་ལ་ཕྱིར་གཏོང་ནང་འདྲེན་ལ་ཐོད་བརྒལ་བྱུང་།

ཕྱོགས་གཉིས་སུ་མ་དངུལ་འཇོག་པ་བརྟན་པོའི་ངང་འཕེལ་རྒྱས།

འདི་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་མཚོ་སྔོན་ཞིང་ཆེན་གྱིས་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་6གསར་དུ་བཙུགས་པ་དེ་དག་མ་འཇོག་ཁྱབ་ཁོངས་ནི་ཉི་ནུས་གློག་གཏོང་དང་།བཟའ་བཏུང་ཞབས་ཞུ།རིག་གནས་ཞབས་ཞུ་བཅས་ཡིན་པ་དང་ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་ཚད་ཨ་སྒོར་ཁྲི་460ཟིན་པ་དང་གཙོ་བོ་རླུང་ཤུགས་གློག་གཏོང་དང་།ཉི་ནུས་གློག་འདོན།གློག་རྡུལ་རང་བྱུང་སོལ་རླངས་བཅས་ཀྱི་ལས་རིགས་ལ་མ་འཇོག་བྱས་པ་དང་།མཚོ་སྔོན་ཞིང་ཆེན་གྱིས་ཕྱི་ཕྱོགས་སུ་ཐད་ཀར་མ་དངུལ་ཨ་སྒོར་ཁྲི་435བཏང་བ་དེ་དུས་མཚུངས་ལས་58.4%འཕར་བ་དང་།ཕྱི་ཕྱོགས་སུ་ལས་གྲྭ་འགན་གཙང་ལེན་བྱས་པའི་ལས་གཉེར་ཡོང་འབབ་ཨ་སྒོར་ཁྲི་452ཟིན་པ།རིམ་རྩིས་བྱས་ན་ངལ་ནུས་སྣ་ཚོགས་མི་63མངགས་གཏོང་བྱས་པ་རེད།

འཕེལ་རྒྱས་ཀྱི་དུས་རིམ་གསར་པར་གཞི་ཚུགས་པ་དང་།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར།འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ།སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།མཚོ་སྔོན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ལེགས་འཕེལ་རྒྱས་ནང་ཧུར་ཐག་ཞུགས་པ་དང་།སྲིད་ཇུས་ཀྱི་རྒྱབ་སྐྱོར་གང་ལེགས་སྤྱོད་པ།སྟོབས་ཤུགས་ལྡན་པའི་ཁེ་ལས་ཀྱིས་རྒྱལ་སྤྱིའི་མཉམ་ལས་ཀྱི་བར་མཐོངས་གསར་པ་ཟམ་མི་ཆད་པར་རྒྱ་ཆེར་གཏོང་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་པ།ཁེ་ལས“ཕྱིར་སྐྱོད་པ”རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་ནང་ཞུགས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་པས་མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་མ་འཇོག་མཉམ་ལས་ལས་སྒོ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་།ཚྭ་མཚེའུ་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་དང་།ནུས་རྒྱུ་གསར་པ།རྒྱུ་ཆ་གསར་པ་སོགས་གཙོ་གནད་ཐོན་ལས་ཁྱབ་ཁོངས་ལ་དམ་པོར་དམིགས་ནས་ཚོང་འགུགས་མ་འདྲེན་གྱི་ལས་དོན་སྤེལ་བ་དང་ཟི་ལིང་(རྒྱལ་ཁབ་རིམ་པ)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་གོར་མོའི་ཁུ་ནུ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གཞི་རྟེན་དུ་བྱས་ཏེ་མ་འཇོག་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་ཐོན་ལས་ཀྱི་ལེ་ལག་ཚང་སྒྲིག་དང་རྒྱབ་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ཡོད།ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་ཆ་འཕྲིན་སྙན་ཞུའི་ལམ་ལུགས་དོན་འཁྱོལ་བྱས་ནས་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་གྱི་ལས་སྟེགས་སྣ་ཚོགས་གང་ལེགས་སྤྱད་དེ“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་རྒྱལ་ཁབ་ཀྱི་ཚོང་འགུགས་མ་འདྲེན་ལས་དོན་སྤེལ་བ་དང་།2013ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་རིམ་རྩིས་བྱས་ན་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་124གསར་དུ་བཙུགས་ཡོད།

དེའི་རྨང་གཞིའི་ཐོག་མཚོ་སྔོན་ཞིང་ཆེན་གྱིས་ད་དུང་ཕྱི་ཕྱོགས་དཔལ་འབྱོར་མཉམ་ལས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ“གྲུབ་ཆ་ལེགས་སྒྲིག་དང་།ཞབས་ཞུའི་བྱེད་པོ།ཉེན་ཁ་འགོག་ཟོན”བཅས་གཙོ་རྐང་དུ་བྱས་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་སྐུལ་ལྕག་ཁྲིད་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ཏེ་ཁེ་ལས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ཐོན་ཁུངས་ཐད་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ཁྲོམ་ར་གསར་པ་གཏོད་པ་དང་།ཕྱི་ཕྱོགས་སུ་ཐད་ཀར་མ་འཇོག་དང་།ཕྱི་ཕྱོགས་སུ་འགན་གཙང་ལེན་པའི་ལས་གྲྭ།ཕྱི་ཕྱོགས་ངལ་ནུས་མཉམ་ལས་ཀྱི་ཟླ་རེའི་བཀོད་གཏོང་ལམ་སྲོལ་འཛུགས་རྒྱུར་མཛུབ་ཁྲིད་བྱས་ཏེ་ཟླ་རེར་བསྡོམས་རྩིས་དང་དུས་ཚིགས་རེར་དབྱེ་ཞིབ་དེ་དང་ཆབས་ཅིག་རྣམ་གྲངས་གལ་ཆེན་ལ་དམ་པོར་དམིགས་ནས་ཆེད་མི་གཏན་འཁེལ་གྱིས་བརྒྱུད་རིམ་ཧྲིལ་པོར་མཐུན་སྦྱོར་ཞབས་ཞུ་བྱས་ཏེ་ཁེ་ལས་ཀྱི་མ་འཇོག་ལ་འགན་ལེན་ཡག་པོ་བྱེད་པ་དང་འབྲེལ་ཕྱི་རྒྱལ་གྱི་མ་འཇོག་མཉམ་ལས་ཀྱི་ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་བཏང་ནས་ལས་སྒྲུབ་ལས་ཕྱོད་སླར་ཡང་མཐོ་རུ་གཏོང་བ་དང་འབྲེལ་ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས།

ཁྲོམ་ར་གསར་པར་དམིགས་ཏེ་མཚོ་སྔོན་ཞིང་ཆེན་གྱིས་ད་དུང་སློབ་གྲྭ་དང་ཁེ་ལས་མཉམ་ལས་འཕེལ་རྒྱས་ལམ་སྲོལ་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཕྱི་ཕྱོགས་ངལ་ནུས་མཉམ་ལས་ཁེ་ལས་དང་ཞིང་ཆེན་ནང་ཁུལ་གྱི་འབྲེལ་ཡོད་ལས་རིགས་སློབ་གླིང་དང་མཉམ་ལས་གྲོས་མཐུན་འཇོག་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་དང་ཁེ་ལས་མཉམ་ལས་དང་།ཐོན་སློབ་མཉམ་འདྲེས།རྩལ་ནུས་ཤེས་ལྡན་མི་སྣའི་རྒྱལ་སྤྱིའི་ཐོག་ཕྱི་ཕྱོགས་མི་སྣའི་གཞི་ཁྱོན་ཆེ་རུ་གཏོང་བ་སོགས་ལ་སྐུལ་འདེད་གཏོང་བའི་ཐད་རྨང་གཞི་བཏིང་ཡོད།

ཕྱི་ཕྱོགས་ལ་སྒོ་འབྱེད་པའི་ནང་དོན་ཕུན་སུམ་ཚོགས་པ།

“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མཚོ་སྔོན་ལ་གོ་སྐབས་དང་འཕེལ་རྒྱས་དེ་བས་མང་བ་མཁོ་འདོན་བྱ་རྒྱུ་དེ་རེད།ལོ་དེ་དག་ལ་ཕྱིར་མིག་བལྟས་ཚེ།མཚོ་ཤར་དང་ཟི་ལིང་གི་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་ཕྱོགས་བསྡུས་ཚོད་ལྟའི་ཁུལ་འཛུགས་སྐྲུན་དེ་མེད་པ་ནས་ཡོད་པའི་བར་བརྟན་པོའི་ངང་སྐུལ་འདེད་བཏང་བས་ཕྱོགས་བསྡུས་ཚོད་ལྟའི་ཁུལ་གྱི་ཞབས་ཞུའི་ལས་སྟེགས་སྤྱིར་ན་བསྐྲུན་ཟིན་པ་དང་།ཟི་ལིང་གི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ལ་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་གྱི་འགག་སྒོ་དངོས་སུ་བརྒྱབ་ནས་གཉེར་སྐྱོང་བྱས་པས་མཚོ་སྔོན་ཞིང་ཆེན་དུ་ཆུ་ཚད་མཐོ་བའི་འགག་སྒོའི་དམིགས་བསལ་ལྟ་སྐུལ་དོ་དམ་ཁུལ་མེད་པའི་སྟོང་ཆ་བསྐངས་པ་རེད།

སྔར་ནས་ད་བར་མཚོ་སྔོན་གྱིས་ལས་སྟེགས་ཀྱི་བགྲོད་ལམ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་ཕྱོགས་བསྡུས་ཚོད་ལྟའི་ཁུལ་དང་ཕྱོགས་བསྡུས་སྲུང་སྐྱོང་ཁུལ་འཛུགས་སྐྲུན་གཉེར་སྐྱོང་བྱེད་མགྱོགས་སུ་བཏང་བ་དང་།འདི་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་ཟི་ལིང་ཕྱོགས་བསྡུས་སྲུང་སྐྱོང་ཁུལ་གྱིས་རིགས་ཁག་གི་ཕྱི་ཕྱོགས་རྣམ་པའི་ཁེ་ལས་22ནང་འདྲེན་བྱས་ནས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་3.5ཟིན་པ་དེས་དུས་མཚུངས་ཀྱི་ཟི་ལིང་གྲོང་ཁྱེར་གྱི་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་གི་14%བཟུང་བ་དང་།ཟི་ལིང་གྲོང་ཁྱེར་གྱི་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་བསྐྲུན་ནས་འཁོར་སྐྱོད་བྱས་པ་དང་།ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཆུས་དང་གྲོང་ཤར་ཆུས་ཀྱི་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་རྟེན་གཞི་འཛུགས་སྐྲུན་བྱེད་འགོ་ཚུགས་པ་རེད།ཟླ་དང་པོ་ནས་བརྒྱད་པའི་བར་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་3.12ལེགས་གྲུབ་ཟིན་པ་དེས་མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་ཚོང་དོན་བསྡོམས་འབོར་གྱི་9.8%བཟུང་ནས་ཕྱི་ཕྱོགས་ཚོང་དོན་འཕར་རྒྱུར་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་གསར་པ་བསྣན་ཡོད་པ་རེད།

“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་བསྟུན་ནས་མཚོ་སྔོན་ཞིང་ཆེན་གྱི་འགག་སྒོ་དང་རྒྱལ་སྤྱིའི་དུས་གཏན་མེ་འཁོར་གྱི་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་མིག་སྔར་ཟི་ལིང་ནས་ཐོ་ཁེའོ་བར་དང་ཁྭ་ལ་ལུམ་ཕུར་སོགས་རྒྱལ་སྤྱིའི་མཁའ་ལམ་མང་པོ་ཞིག་གྲུབ་འབྲས་ཐོབ་པའི་ངང་བཏོད་དེ་མཚོ་སྔོན་རྒྱལ་སྤྱིའི་ཚོང་དོན་གྱི“སྐར་ཁུང་རྐྱང་པ”འཛུགས་སྐྲུན་དང་ཁྱབ་གདལ་བེད་སྤྱོད་ལེགས་སྒྲུབ་བྱས་པས་འགག་སྒོའི་ཟོག་འགྲེམས་དུས་ཡུན་ཆེས་ཆེར་འཕར་བ་དང་སྐྱེལ་འདྲེན་མ་གནས་རྒྱུན་མཐུད་ངང་དམའ་རུ་ཕྱིན་ཡོད་པ་རེད།

2016ལོར་མཚོ་བོད་ས་མཐོའི་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ཐོག་མ་དེ་བདེ་བླག་ངང་བཏང་བ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་བ་དང་ཁེ་ལས་ཕྱིར་སྐྱོད་པའི་གོམ་སྟབས་མགྱོགས་སུ་གཏོང་ཆེད་སྒུལ་ཤུགས་གསར་པ་མཁོ་འདོན་བྱས་ཡོད།གསར་འགོད་པར་ཞིང་ཆེན་ཚོང་དོན་ཐིང་ནས་ཤེས་རྟོགས་བྱུང་བར།འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་མཚོ་སྔོན་གྱིས་ཨེ་ཤེ་ཡ་དབུས་མ་དང་ཨེ་ཤེ་ཡ་ཤར་ལྷོའི་ཕྱོགས་ཀྱི་རྒྱལ་སྤྱིའི་ཟོག་འདྲེན་དུས་གཏན་མེ་འཁོར་ཐེངས་གྲངས་132བཏང་བ་དང་ཕྱིར་གཏོང་ཐོན་རྫས་གཙོ་བོའི་ནང་བུལ་ཏོག་གཙང་མ་དང་།ཁིལ་འདུས་ཁ་ཤི།རྡོ་བལ།རྒྱུན་མཁོའི་ཚོང་ཟོག་སྣ་མང་སོགས་ཚུད་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་།མཚོ་སྔོན་ཞིང་ཆེན་གྱིས་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ལ་ལྕགས་ལམ་དང་མཚོ་ཐོག་སྐྱེལ་འདྲེན་དང་གཞུང་ལམ་དང་ལྕགས་ལམ་མཉམ་འདྲེན་སོགས་སྣ་མང་མཉམ་འདྲེན་བྱེད་ཐབས་བརྒྱུད་ཕྱིར་གཏོང་ནང་འདྲེན་གྱི་ལས་སྒོ་སྤེལ་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ཐོན་ལས་ཀྱི་ལེགས་ཆ་དེ་ཕྱིར་གཏོང་གི་ལེགས་ཆར་བསྒྱུར་བ་དང་ཕྱིར་གཏོང་ཐོན་རྫས་ཨུ་རུ་སུ་དང་།རྒྱ་གར།ཝེ་ཐེ་ནམ།ཐེ་ལན།མ་ལེ་ཞི་ཡ།ཧ་སག་སི་ཐན།ནེ་པ་ལ་སོགས་རྒྱལ་ཁབ་ཏུ་འབྱོར་ནས་ཁིལ་ཁ་ཞི་དང་།རྡོ་བལ།རྒྱུན་མཁོའི་ཚོང་ཟོག་སོགས་ཐོན་རྫས་ཕྱིར་གཏོང་བྱས་ཏེ། ཕྱི་ཕྱོགས་ཉོ་ཚོང་གི་ཐོན་ལས་འབྲེལ་ཐག་གི་མཁོ་སྤྲོད་འབྲེལ་ཐག་ཤར་བགྲོད་ཐུབ་པའི་འགན་སྲུང་བྱེད་པའི་ཐད་ནུས་པ་གལ་ཆེན་རིམ་བཞིན་འདོན་སྤེལ་བྱ་དགོས།    

ལོ་ཙཱ་བ། ལྷ་ཆེན་རྒྱལ།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།