རང་རེའི་དྲ་བའི་འཕྲིན། སྦྲང་རྩི་དང་སྦྲང་རྩིའི་ཐོན་རྫས་བཅས་ཕྱིར་གཏོང་བྱེད་མཁན་ཁེ་ལས་ལ་སོ་ཏི་ཨ་རབ་ཀྱི་གཞུང་ཕྱོགས་ཀྱི་ཆོག་མཆན་ཐོབ་པ་སོགས་འདི་ལོ་ཚུན་དུ“མཚོ་སྔོན་རྟགས་ཅན”གྱི་ཐོན་རྫས་དེ་བས་མང་བའི“རྒྱུད་གཅིག་ལམ་གཅིག”གི་མྱུར་བགྲོད་རླངས་འཁོར་ནང་བསྡད་དེ་འཛམ་གླིང་དུ་བསྐྱོད་ཡོད་པ་རེད།“རྒྱུད་གཅིག་ལམ་གཅིག”གི་ཤར་རླུང་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱིས་བགྲོད་ལམ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་སྟེ་སྒོ་དབྱེའི་ལས་སྟེགས་སྟོབས་ཆེར་བཏང་ནས་ཁྲོམ་ར་རྒྱ་ཆེར་བཏང་སྟེ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་གཏིང་ཟབ་ཞུགས་ཡོད།
འདི་ལོའི་ཟླ་8པའི་བར་མཚོ་སྔོན་ཞིང་ཆེན་དང་མཉམ་དུ་རྒྱལ་ཁབ་64ཡི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་263.8ཟིན་པ།
ཉེ་ཆར་མཚོ་སྔོན་སྐྱེ་དངོས་ཚན་རྩལ་ཐོན་ལས་གླིང་ཁུལ་གྱི་བཟའ་བཅའ་བདེ་སྲུང་ཐོན་རྫས་གཅིག་སྡུད་ཁུལ་དུ་གནས་པའི་མཚོ་སྔོན་ཤིན་གོ་དངོས་ལས་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་བྲེལ་འཚུབ་ཆེ་བའི་རྣམ་པས་ཁེངས་ནས་བཟོ་པས་གོ་རིམ་ལྡན་པའི་ངང་དངོས་ཟོག་དང་ཤོག་བྱང་སྦྱར་གྱི་ཡོད།
མཚོ་སྔོན་ཞིན་ཁའེ་ཁེ་ལས་ཚད་ཡོད་ཀུང་སིའི་འཁོར་ཁང་གཙང་མའི་ནང་པད་མའི་ཕྱེ་མ་གྱོན་པའི་ཐོན་སྐྱེད་སྒྲུབ་རིམ་ཐོག་ལས་དོན་མི་སྣས་རྡུང་རྡུང་དང་།གཙང་འཁྲུགས།སྲོ་སྐམ་སོགས་ཀྱི་ལས་རིམ་སྤེལ་བ་རེད།པད་མ་སྙིང་མ་གྱོན་པར་དཔྱིད་པད་མའི་རྒྱ་ལྕང་ཡང་ཟེར།ལོ་གཅིག་ལ་སྐྱེས་པའི་རྩྭ་རིགས་རྩི་ཤིང་ཞིག་ཡིན།རྩྭ་ཡོངས་སྨན་དུ་བླུགས་ན་བྲོ་བ་ཧ་ཅང་ཁ་བས་པད་མའི་ཕྱེ་མ་གྱོན་པ་དེ་སྐམ་ཤས་ཆེ་བ་དང་དབྱེ་ལེན་བྱས་པ་ལས་བྱུང་བ་ཡིན།
“མི་རིང་བའི་གོང་ང་ཚོས་པད་ཐལ་ཕྱེ་མ་ཐོག་མར་ཕྱིར་གཏོང་བྱེད་ཀྱི་ཡོད།ཟི་ལིང་འགག་སྒོའི་རོགས་རམ་ཧུར་ཐག་འོག་འགག་སྒོ་སྒྲོལ་བའི་ལྷུ་ཚིགས་སུ་ང་ཚོས་ལམ་ཀྱོག་མང་པོར་བསྐྱོད་རྒྱུ་ཉུང་དུ་ཕྱིན་སོང”མཚོ་སྔོན་ཤིན་གོ་དངོས་ལས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ལིའུ་ཀྲུའོ་ཡིས་མཚོ་སྔོན་གྱི་གནམ་གཤིས་སྐམ་ཤས་ཆེ་བ་དང་ཐོན་སྐྱེད་བྱས་པའི་སྙིང་ལྡན་པད་ཕྱེའི་འདུས་ཚད་དམའ་བས་འབྲས་བུ་སྨིན་དཀའ་བས་ཁེ་ལས་ཀྱིས་ཐོན་སྐྱེད་བྱས་པའི་སྙིང་ལྡན་པད་ཕྱེ་མ་ལེ་ཞི་ཡར་ཕྱིར་གཏོང་བྱེད་ཀྱི་ཡོད།
སྤུས་ཚད་མཐོ་བའི་ལུས་གསོའི་ཐོན་རྫས་ཀྱི་མ་བཅོས་རྒྱུ་ཆ་ཕྱིར་གཏོང་བྱེད་མཁན་ཁེ་ལས་ཤིག་ཡིན་པའི་ངོས་ནས་མཚོ་སྔོན་ཤིན་ཀའོ་ཁེ་ལས་ཚད་ཡོད་ཀུང་སིས་གཙོ་གཉེར་བྱས་པའི་སྦྲང་རྒྱལ་དང་།སྦྲང་རྩི།མེ་ཏོག་གི་རྡུལ་སོགས་སྦྲང་རྩིའི་ཐོན་རྫས་དང་དེ་བཞིན་དབྱར་རྩྭ་དགུན་འབུ་དང་།ཁ་ཆེ་ཤ་སྐམ་སོགས་མཚོ་བོད་ས་མཐོའི་ཁྱད་ལྡན་ཐོན་རྫས་གཙོ་བོ་ཨ་རི་དང་ཡོ་རོབ་སོགས་རྒྱལ་ཁབ་དང་ས་ཁུལ་བཅུ་ཕྲག་ཁ་ཤས་སུ་ཕྱིར་ཚོང་བྱས་པས་རྒྱལ་ཁབ་ཕྱི་ནང་གི་ཚོང་ཤག་དང་གྲགས་ཅན་སྨན་རྫས་བཟོ་གྲྭས་དགའ་པོ་བྱེད་ཀྱི་ཡོད་པ་རེད།
ས་མཐོ་ནས་མཚོ་རྒྱུད་བར་དང་།སྐམ་སའི་དབུས་ཁུལ་ནས་གོམ་ཞེང་ཆེན་པོས་ཕྱི་ཕྱོགས་སུ་བསྐྱོད་དེ“སྔོ་ལྗང་ཚོང་ཟོག་ཕྱིར་གཏོང”བྱ་རྒྱུར་རོགས་རམ་བྱས་པས་མཚོ་སྔོན་གྱི་ཁེ་ལས་ཀྱིས་ནུས་ཤུགས་ཡོད་རྒུས་ནུས་པ་འདོན་སྤེལ་བྱེད་ཀྱི་ཡོད།ཟི་ལིང་འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན།འདི་ལོའི་ཟླ་8པའི་བར་མཚོ་སྔོན་ཞིང་ཆེན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྒྱལ་ཁབ་64དང་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་263.8ཟིན་ཡོད།
ཚོང་དོན་ཤར་གཏོང་འགན་ལེན་དུ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་མཐུན་སྦྱོར་སྤྱི་འདོམས་འོག་འབྲེལ་ཡོད་ཚན་པ་ཁག་གིས་ཤུགས་རྒྱག་ས་གཅིག་ཏུ་དམིགས་ནས་ཟུང་འབྲེལ་བྱེད་གནས་གསར་པ་བཏོད་དེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལས་དོན་གྱི་གཙོ་གནད་ལས་འགན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་རྒྱུ་རེད།ཟི་ལིང་འགག་སྒོ་ལས་ཁུངས་ཀྱིས་རང་ངོས་ཀྱི་འགན་འཁྲིར་གཞི་ཚུགས་ཏེ“རིག་ནུས་འགག་སྒོའི་རྒྱལ་ཁབ་སྟོབས་ཆེན”གྱི་བྱ་སྤྱོད་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་རིག་ནུས་འགག་སྒོ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་།སྲིད་ཇུས་དང་།སྒྲིག་སྲོལ།ཚད་གཞི།ཆ་འཕྲིན་བཅས་སྦྲེལ་མཐུད་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ།རྒྱལ་སྤྱིའི་ཟོག་འགྲེམས་བགྲོད་ལམ་ཆེན་པོ་ཤར་གཏོང་ཐུབ་པ།ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་ཀྱིས་འགག་སྒྲོལ་སྟབས་བདེའི་སྲིད་ཇུས་ལོངས་སྤྱོད་བྱས་པ་རེད།
གཞན་ཡང་།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད།ཟི་ལིང་འགག་སྒོས་ད་དུང“རིག་ནུས་འགག་སྒོ་དང་།རིག་ནུས་མཐའ་མཚམས།རིག་ནུས་མཉམ་སྤྱོད་སྦྲེལ་མཐུད”ཀྱི་མཉམ་ལས་འདུ་ཤེས་རྩ་བར་བྱས་ནས་འགག་སྒོའི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་སྟེ“རྒྱུད་གཅིག་ལམ་གཅིག”གི་ཟོག་འགྲེམས་བགྲོད་ལམ་ཤར་གཏོང་ཐུབ་པ་བྱ་རྒྱུ་རེད།
མིག་སྔའི་བར་ཟི་ལིང་དང་མཉམ་སྐྲུན་རྒྱལ་ཁབ་30ལྷག་ཙམ་དབར་ཚོང་དོན་འགྲོ་འོང་བྱས་པ།
ཀྲུང་གོའི་སྐམ་སའི་དབུས་ཁུལ་དུ་གནས་པའི་མཚོ་སྔོན་ཞིང་ཆེན་གྱིས་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཀྱི“དུས་སྐབས”དང“འཕྲུལ་འཁོར”ལ་དམ་འཛིན་བྱས་ནས་ཕྱི་ཕྱོགས་ཚོང་དོན་གྱི་དཔལ་འབྱོར་ཆུ་ཚད་མཐོ་བའི་སྒོ་དབྱེ་དང་སྤུས་ལེགས་འཕེལ་རྒྱས་མངོན་འགྱུར་བྱས་ཡོད།
ཟླ་4ཚེས་16ཉིན་མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་ས་གདན་ཁག་གཅིག་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་སུ་འགག་སྒོ་སྒྲོལ་ནས་ཉིང་པོ་གྲུ་ཁ་ནས་ཐོན་ཏེ་ནེའུ་ཙི་ལན་དུ་དབོར་བ་རེད།དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ཁྱད་ལྡན་ཐོན་རྫས་ཐོག་མ་དེ་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་ཁེ་ལས་བརྒྱུད་ཁེ་ལས་ལ་ཐད་ཀར་ཕྱིར་གཏོངB2Bལས་སྒོ་བདེ་བླག་ངང་འགག་སྒྲོལ་བྱས་པ་ཞིག་རེད།
ཟླ་4ཚེས་18ཉིན་ཟི་ལིང་ལུང་ཀོང་བཟོ་གྲྭ(ནུབ་བྱང་རྒྱུད)རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་ས་ཁོངས་སྤྱི་ཁྱབ་པུའུ་དང་གྲོང་ནུབ་ཁུལ་གྱི་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་ཐོན་ལས་རྟེན་གཞི་སྒོ་ཕྱེ་བ་རེད།
རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་རྣམ་པའི་འོག་འཛད་སྤྱོད་པས་གློག་ཀླད་ཁོ་ན་ཕྱེ་བ་དང་ཙི་རྟགས་ཉུང་ཙམ་ལས་མེད་པས་ཚོང་ཟོག་སྣ་ཚོགས་མིག་ལམ་དུ་མངོན་གྱི་ཡོད།“དྲ་སྦྲེལ+”བརྒྱུད་འཛད་སྤྱོད་པས་དེ་བས་གོང་ཁེ་དང་དེ་བས་མྱུར་བའི་སྒོ་ནས་ཕྱི་རྒྱལ་གྱི་ཚོང་ཟོག་སྣ་ཚོགས་ཉོ་ཐུབ་རྒྱུ་རེད།
ཟི་ལིང་གྲོང་ཁྱེར་གྱི་རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟ་ཁུལ་ལ་2020ལོའི་ཟླ་11པར་ཆོག་མཆན་ཐོབ་ཚུན་ཟི་ལིང་གི་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་སྣོད་བཅུད་འབྲེལ་ཐག་སྐྱེད་སྲིང་ལ་དམིགས་ནས་ཟི་ལིང་གྲོང་ཁྱེར་གྱིས་2021ལོར་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་9610ལས་སྒོ་ཤར་གཏོང་བྱས་པ་དང་2022ལོར་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་B2Bཐད་ཀར་ཕྱིར་གཏོང་བྱས་ནས་9710དང་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་1210ནང་འདྲེན་ལས་སྒོ་སྔ་རྗེས་སུ་ཤར་གཏོང་བྱས་པ་རེད།རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་དང་།རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་ཁྲལ་སྲུང་ཞིབ་བཤེར་མ་ལག་སོགས་རྨང་གཞིའི་སྒྲིག་བཀོད་བསྐྲུན་པའི་རྨང་གཞིའི་ཐོག་སྔ་རྗེས་སུ་ཏ་ལུང་དྲ་བ་དང་།ཏུན་ཧོང་དྲ་བ།མཚོ་སྔོན་ཁོར་ཡུག་ཚོང་དོན་བཅས་རྒྱལ་ནང་གི་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་གྲགས་ཅན་ཁེ་ལས་གསུམ་ནང་འདྲེན་བྱས་ནས་གྲོང་ནུབ་དང་།གྲོང་ཤར།ཕྱོགས་བསྡུས་སྲུང་སྐྱོང་ཁུལ་བཅས་ཀྱི་རྒྱལ་
དེའི་ཐད་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་མ་ལག་གིས་ཡུལ་དུས་དང་།ས་ཁོངས།སྐད་ཡིགརིག་གནས་སོགས་ཀྱི་དབྱེ་མཚམས་ལས་བརྒལ་ནས་གོ་ལ་ཧྲིལ་པོའི་དངོས་པོ་བཟང་པོར་ཚད་མེད་ཡོང་སྲིད་པ་དང་།ཕྱོགས་གཞན་ཞིག་ནས་ཐོན་ལས“ས་ཁུལ་བཞི”འཛུགས་སྐྲུན་ལ་དམིགས་ནས་ཟི་ལིང་གྲོང་ཁྱེར་གྱི་འཕེལ་རྒྱས་བརྟན་པོ་ཡོང་བའི་སྔོན་དཔག་ལ་དམིགས་པ་དང་།ཁྲོམ་རའི་གསོན་ཤུགས་ཆེ་རུ་གཏོང་བ།ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་འདེད་གཏོང་བ།རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ནང་མགྱོགས་མྱུར་ཞུགས་པ།རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་དང་མཉམ་དུ་སྐྱོད་པར་སྐུལ་འདེད་གཏོང་བ།ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བརྟན་པོའི་ངང་སྤུས་ཚད་མཐོ་རུ་བཏང་སྟེ། སྔ་རྗེས་སུ་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་102དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་30ལྷག་ཙམ་དང་ཚོང་དོན་འགྲོ་འོང་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།ཟི་ལིང་གྲོང་ཁྱེར་གྱིས“རྒྱུད་གཅིག་ལམ་གཅིག”གི་དཔལ་འབྱོར་བར་ཁྱམས་ཆེན་པོ་དྲུག་ཤར་ནུབ་སྦྲེལ་དང་ལྷོ་བྱང་སྦྲེལ་མཐུད་ཀྱི་འཐབ་ཇུས་གནས་བབ་ལ་གཞིགས་ནས་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཆགས་རྒྱུར་ཕན་པ་མེད་པའི་འགག་གནད་བཏོད་པ་དང་།“ཕྱིར་སྐྱོད་པ”དང“ནང་འདྲེན་བྱེད་པའི”ཕྱོགས་གཉིས་ཀྱི་བགྲོད་ལམ་ཤར་གཏོང་ཐུབ་པ།ནུབ་རྒྱུད་ཀྱི་སྐམ་མཚོ་ཚོང་དོན་གྱི་བགྲོད་ལམ་གསར་པར་ཧུར་ཐག་ཞུགས་པ་བཅས་བྱས་ནས་སྔ་རྗེས་སུ་ཟི་ལིང་ནས་པང་ཁོག་བར་དང་། ཐོ་ཁེའོ་སོགས་“རྒྱུད་གཅིག་ལམ་གཅིག་”གིས་རྒྱལ་ཁབ་ཀྱི་གཙོ་གནད་གྲོང་ཁྱེར་གྱི་རྒྱལ་སྤྱིའི་མཁའ་ལམ་བསྐྲུན་པ་དང་། སྐམ་སའི་ཕྱི་ནང་འབྲེལ་མཐུད་སྟབས་བདེ་ཡིན་པའི་ཟོག་འགྲེམས་བགྲོད་ལམ་བསྐྲུན་པ། ཟི་ལིང་ནས་པེར་ཀྲེམ་བར་དང་། ཨུ་རུ་སུ་ནས་ཟི་ལིང་ནས་ཟི་ལིང་བར་གྱི་ཀྲུང་གོ་དང་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར། ཟི་ལིང་ནས་ཝེ་ཐེ་ནམ་བར་གྱི་ཐུང་ཏིང་རྒྱལ་སྤྱིའི་ཟོག་འདྲེན་ཆེད་སྤྱོད་མེ་འཁོར་བཅས་ཤར་གཏོང་བྱས་པ་དང་། ཕྱི་ནང་སྦྲེལ་མཐུད་དང་བདེ་འཇགས་དང་ཕན་འབྲས་ཆེ་བའི་ཟོག་འགྲེམས་དྲ་བ་མགྱོགས་མྱུར་ཆགས་ཡོད།
འདི་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་ཟི་ལིང་གི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་3.1ཟིན་པ།
ནང་ཁུལ་གྱི་ཐབས་ལམ་ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་པ་བྱས་ནས“མཚོ་སྔོན་དངོས་ཟོག་ཕྱི་རྒྱལ་དུ་སྐྱོད་པའི”ཆེད་ལས་ཐབས་ལམ་ཤར་གཏོང་ཐུབ་པ་བྱ་རྒྱུ་དེ་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་འགག་རྩར་གྱུར་ཡོད་པ་རེད།
2022ལོའི་ཟླ་1ཚེས་16ཉིན་ཁ་ན་ཏ་ནས་ནང་འདྲེན་བྱས་པའི་དོས་སྒམ་ལྗིད་ཐེག་རླངས་འཁོར་གཉིས་ཟི་ལིང་འགག་སྒོའི་ལྟ་སྐུལ་དོ་དམ་འོག་ཟི་ལིང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་བདེ་བླག་ངང་བསྐྱོད་དེ་དངོས་ཟོག་ཁག་དང་པོ་འགག་སྒྲོལ་བྱས་པ་རེད།ཟི་ལིང་གི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་འཁོར་སྐྱོད་བྱེད་འགོ་ཚུགས་པ་དེས་མཚོ་སྔོན་ཞིང་ཆེན་དུ་འགག་སྒོའི་དམིགས་བསལ་ལྟ་སྐུལ་དོ་དམ་ཁུལ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་ལས་སྟེགས་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།
མཚོ་སྔོན་ཞིང་ཆེན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ཆུ་ཚད་མཐོ་བའི་སྒོ་དབྱེའི་ལས་སྟེགས་ཤིག་ཡིན་པའི་ངོས་ནས་ཟི་ལིང་གི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱིས་ཐོན་ལས“ས་ཁུལ་བཞི”འཛུགས་སྐྲུན་གྱི་བླང་བྱ་གལ་ཆེན་གཞིར་བཟུང་མཚོ་བོད་ས་མཐོའི་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་རྒྱལ་ཁབ་ཀྱི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ཐོན་ལས་བཀོད་སྒྲིག་ཁྲོད་ཀྱི་འགན་འཁྲི་དང་ལས་འགན་རང་འགུལ་ངང་འཁུར་ནས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་།ཟི་ལིང་གི་ཕྱོགས་བསྡུས་སྲུང་སྐྱོང་ཁུལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་ཆེད།ཟི་ལིང་འགག་སྒོས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱིས་ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་ལ་འདི་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་ཟི་ལིང་གི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་3.1ཟིན་ཡོད།
འདི་ལོ་ཟི་ལིང་གི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱིས་མཚོ་སྔོན་གྱི་ཐོན་ལས“ས་ཁུལ་བཞི”འཛུགས་སྐྲུན་གྱི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་ཏེ་ཞིང་ཆེན་ལྟེ་བའི་ཁྱད་ལྡན་ཐོན་ལས་ཀྱི་རྨང་གཞིར་གཞི་ཚུགས་པ་དང“རྒྱུད་གཅིག་ལམ་གཅིག”དང་ནུབ་རྒྱུད་ཀྱི་སྐམ་ས་དང་མཚོ་ཐོག་གི་བགྲོད་ལམ་གསར་པ་འཛུགས་སྐྲུན་ནང་གཏིང་ཟབ་ཞུགས་རྒྱུ་རེད།འགག་སྒོའི་དམིགས་བསལ་ལྟ་སྐུལ་དོ་དམ་ས་ཁོངས་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ཟུང་འབྲེལ་བྱེད་གནས་དང་།འཇུག་སྒོ།ཤུགས་རྒྱག་ས་བཅས་འཚོལ་ཞིབ་ཏན་ཏིག་བྱས་ཏེ་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་སྟོབས་ཆེར་གཏོང་བ་དང་།ཐོན་ལས་ཞིབ་ཚགས་དང་ཞིབ་ཚགས་སྒྲུབ་པའི་ཐད་ཐབས་ཇུས་དངོས་འདོན་པ་དང་།སྒོ་དབྱེ་རྣམ་པའི་དཔལ་འབྱོར་གྱི་སྒུལ་ཤུགས་གསར་པ་ཧུར་ཐག་གཏོད་པ།ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཞིང་ཆེན་ཡོངས་ཀྱིས་ཕྱི་ཕྱོགས་སྒོ་འབྱེད་ཅན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པར་གཟི་བརྗིད་བསྣན་ཡོད།
“ཟི་ལིང་ཕྱོགས་བསྡུས་སྲུང་སྐྱོང་ཁུལ་གྱིས་ཁྱབ་ཁོངས་མུ་མཐུད་རྒྱ་ཆེར་བཏང་ནས་ཕྱི་ཕྱོགས་ཟམ་པའི་བཙན་རྫོང་གི་ནུས་པ་འདོན་སྤེལ་བྱས་ཏེ་རྒྱལ་ཁབ་དང་།ཞིང་ཆེན།གྲོང་ཁྱེར་བཅས་ཀྱི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་ཁག་བེད་སྤྱོད་གང་ལེགས་བྱས་ཏེ་རྒྱལ་སྤྱིའི་གྲགས་ཅན་ཕྱིར་གཏོང་སྤུས་རྟགས་དང་།ཕྱིར་གཏོང་ནང་འདྲེན་རྣམ་པའི་རྣམ་གྲངས།ད་ཡོད་ཁེ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན།མཁོ་འདོན་ཕྱིར་གཏོང་ཁེ་ལས་ཐད་ཀར་ཕྱིར་གཏོང་བྱེད་པར་བསྒྱུར་རྒྱུར་རོགས་རམ་དང་མཛུབ་ཁྲིད་བྱ་རྒྱུ་ཡིན”ཟི་ལིང་ཕྱོགས་བསྡུས་སྲུང་སྐྱོང་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བས་ཟི་ལིང་ཕྱོགས་བསྡུས་སྲུང་སྐྱོང་ཁུལ་གྱིས་སྤུས་ཚད་མཐོ་བའི་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་ནས་གླིང་ནང་ཞུགས་པའི་ཁེ་ལས་གང་མགྱོགས་ཐོན་སྐྱེད་བྱེད་འགོ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་།གཉེར་སྐྱོང་ནུས་པ་ཆེ་རུ་གཏོང་བ།ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ།ཧྲོང་ཀྲའེ་ཟོག་འགྲེམས་གླིང་དང་མཉམ་འགུལ་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཁྲལ་སྲུང་ལས་སྣོན་ཐོན་ལས་ཁྱུ་ཚོགས་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
ལོ་ཙཱ་བ། ལྷ་ཆེན་རྒྱལ།
རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།