[དུས་རབས་གསར་པ། ལམ་བུ་གསར་པ། རླབས་ཆེན་གྱི་བྱ་གཞག་གསར་པ།]འཛམ་གླིང་དང་ལག་གདང་སྦྲེལ་ནས“རྒྱུད་གཅིག་ལམ་གཅིག”གིས་མཚོ་བྱང་གི་ཕྱི་ཕྱོགས་ཚོང་དོན་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་བྱས་པ།

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྤེལ་དུས། : 2023-11-02

རང་རེའི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས“རྒྱུད་གཅིག་ལམ་གཅིག”ནང་ཧུར་ཐག་ཞུགས་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ཕྱི་ཕྱོགས་ཚོང་དོན་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་།ལས་སྟེགས་འཛུགས་པ།ཞབས་ཞུ་ལེགས་སུ་གཏོང་བ་བཅས་ཀྱི་ཐད་ཐབས་མང་མཉམ་སྤྱོད་ཀྱིས་བྱེད་པོ་སྐྱེད་སྲིང་ལ་ཤུགས་སྣོན་རྒྱག་པ་དང་། ཆ་རྐྱེན་འཛོམས་པའི་ཁེ་ལས་ལ་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་དང་།    རང་རྟོགས་ངང་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་ལངས་པ།    འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱེད་པ།    འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་རང་འགུལ་ངང་ཞུགས་པ།    འགན་ལེན་གྱི་ནུས་པ་མུ་མཐུད་ཆེ་རུ་གཏོང་བ།    བློ་བརྟན་འགྱུར་མེད་ངང་ཁུལ་དེའི་ཕྱི་ལ་ཕྱོགས་པའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།    ཞབས་ཞུ་ཡག་པོ་དང་།    འགན་ལེན་ཤུགས་ཆེན།    འཕེལ་རྒྱས་ལ་སྐུལ་འདེད་བཅས་ལ་སྣང་ཆེན་ཤུགས་ཆེན་བྱེད་པ།    མཚོ་བྱང་ཁུལ་གྱི་ཕྱི་ཕྱོགས་ཚོང་དོན་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བའི་ཁྲོད་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་བཅས་བྱས་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་དགོས།

རྣམ་གྲངས་དམ་འཛིན་བྱས་ནས་ཕྱི་ཕྱོགས་ཚོང་དོན་གྱི་དཔལ་འབྱོར་བརྟན་པོ་ཡོང་བ་བྱས་པ།

ཉེ་སྔོན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ས་མཐོའི་དེང་རབས་སྣོད་བཅུད་འབྲོག་ལས་ཚན་རྩལ་ཚོད་ལྟའི་དཔེ་སྟོན་གླིང་དུ་གནས་པའི་མཚོ་སྔོན་ཡུས་ཧུང་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིར་སྐྱོད་སྐབས།མཛོད་ཁང་དུ་ད་དུང་བཙོངས་མེད་པའི་གཟན་ཆག་སྤུངས་ཡོད་པ་དང་བཟོ་པ་ཚོས་ཐོན་སྐྱེད་ལ་གྲ་སྒྲིག་བྱེད་བཞིན་ཡོད།མཚོ་སྔོན་ཡུས་ཧུང་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་2020ལོའི་ཟླ་4པར་བཙུགས་པ་དང་།དེ་ནི་མཚོ་བྱང་ཁུལ་གྱི་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་གཙོ་བོ་སྟེ“མཚོ་སྔོན་གྱི་ཚྭ་མཚེའུ་ཁྱད་ལྡན་གཟན་ཆག་མཉམ་བསྲེས་ལས་སྣོན་རྣམ་གྲངས་”ཡིན་པ་རེད།རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་ཁྲི་1100ལྷག་ཙམ་བཏང་བ་དང་ལོར་ཐོན་སྐྱེད་བྱེད་ནུས་ཏུན་ཁྲི་2ཟིན་རྒྱུ་རེད།དེ་དང་ཆབས་ཅིག་ཀུང་སིས“ཐོན་སྐྱེད་དང་།སློབ་སྦྱོང་།ཞིབ་འཇུག”བཅས་མཉམ་འབྲེལ་གྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་གཙོ་བོ་ཁྲའར་ཧན་ཚྭ་མཚེའུ་ནས་ཐོན་པའི་ཕུན་སུམ་ཚོགས་པའི་གཏེར་རྒྱུའི་ཚྭ་རྒྱུ་ཆ་གཙོ་བོར་བྱས་ནས་ཕྱུགས་རིགས་དང་ཁྱིམ་བྱའི་སྣོད་བཅུད་ལྗང་མདོག་གསོ་ཚགས་ཀྱི་ཆེད་སྤྱོད་གཏེར་རྒྱུའི་གཟན་ཆག་སྦྱོར་རྟའི་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱས་པ་དང་འབྲེལ་ཐོན་རྫས་ཐོན་སྐྱེད་རྒྱ་ཆེར་གཏོང་བའམ་ཁྱབ་གདལ་བེད་སྤྱོད་བྱས་ཡོད།མིག་སྔར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ཀྲུང་ཧུའེ་དང་།ཅིའུ་ཧོ་འབྲོགཧོ་མེ་ཚོགས་པ།ལེའོ་ཉིང་ཝུའེ་ལན།ཀྲུང་ཏ་ཅ་ཧྥེང་།གསོན་ཤུགས་ཚོགས་པ།ཡུན་ནན་སན་ཀྲེང་ཚོགས་པ་སོགས་ཞིང་ཆེན་ཕྱི་ནང་གི་གྲགས་ཅན་གཟན་ཆས་ཁེ་ལས་དང་དེ་བཞིན་གསོ་ཚགས་ར་བ་ཆེ་གྲས་དང་ཡུན་རིང་བརྟན་པོའི་ལས་སྒོའི་འབྲེལ་བ་བཙུགས་ནས་ལས་རིགས་ནང་མཚན་སྙན་དང་བསྔགས་བརྗོད་བཟང་པོ་ཐོབ་ཡོད།

ཀུང་སིས་སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཚད་གཞིར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་དཔལ་འབྱོར་གྱི་ཕན་འབྲས་དང་།སྤྱི་ཚོགས་ཀྱི་ཕན་འབྲས།སྣོད་བཅུད་ཀྱི་ཕན་འབྲས་བཅས་དུས་མཉམ་དུ་མཐོ་རུ་ཏན་ཏིག་གཏོང་ཐུབ་པ་བྱེད་དགོས།ས་ཁོངས་ཐོན་ཁུངས་ལུགས་མཐུན་གསར་སྤེལ་བེད་སྤྱོད་ཐུབ་པ་བྱས་ནས་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆར་འགྱུར་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་ཀྲུང་གོའི་གཟན་ཆག་ཐོན་ལས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་དགོས།

“‘རྒྱུད་གཅིག་ལམ་གཅིག’ལ་བརྟེན་ནས་ང་ཚོར་ཝེ་ཐེ་ནམ་དང་།ཧྥི་ལི་ཕིན།ཐེ་ལན།ཧིན་རྡུ་ཉི་ཞི་ཡ།མ་ལེ་ཞི་ཡ་བཅས་ཀྱི་ཕྱིར་གཏོང་ཐོབ་ཐང་ཐོབ་ཡོད་པས་ཨེ་ཤེ་ཡ་ཤར་ལྷོའི་ཁྲོམ་ར་གསར་འབྱེད་ཧུར་ཐག་བྱེད་པ་དང་འབྲེལ་ཡོ་རོབ་དང་ཨ་རིའི་ཁྲོམ་རར་རིམ་བཞིན་བསྐྱོད་དགོས།འདི་ལོའི་ཟླ་དང་པོ་ནས་དགུ་པའི་བར་ང་ཚོའི་ཕྱིར་ཚོང་བྱེད་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ་དང་ཚོང་ཤག་གི་བསམ་འཆར་ཡང་ཧ་ཅང་ཡག་པོ་ཡོད།མིག་སྔར་ང་ཚོས་ཐོན་སྐྱེད་བཟོ་རྩལ་རྒྱུན་ཆད་མེད་པར་ལེགས་བཅོས་བྱས་ནས་ཐོན་རྫས་ཡག་ཤོས་ཚང་མར་མཁོ་འདོན་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་མཚོ་སྔོན་ཡུས་ཧུང་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀྲང་པིང་ཏེས་གདེང་ཚོད་ཆེན་པོས་བཤད།

2021ལོར་རྒྱ་མདོ་ཧུའེ་རིགས་རང་སྐྱོང་རྫོང་ཅ་ལེན་ཉ་ལས་ཚན་རྩལ་ཚད་ཡོད་ཀུང་སིས་ཏེན་མག་ནས་ཧུང་ཙོང་ཉ་ཡི་ཟེའུ་འབྲུ་ལེན་པའི་སྒོ་ང་ཁག་དང་པོ་ཁྲི་50ནང་འདྲེན་བྱས་པ་དང་དངོས་ཟོག་གི་རིན་ཐང་སྒོར་ཁྲི་7.5ཟིན་ནས“ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་ནང་འདྲེན་ལས་སྒོའི་ཚད་བརྒལ་དམིགས་ཚད་མངོན་འགྱུར་བྱུང་ཡོད།

མཚོ་སྔོན་ཡུས་ཧུང་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་དང་།མཚོ་སྔོན་གླིང་སྣེའི་རྒྱུ་ཆ་གསར་པའི་ཚན་རྩལ་ཚད་ཡོད་ཀུང་སི།རྒྱ་མདོ་རྫོང་ཅ་ལེན་ཉ་ལས་ཚན་རྩལ་ཚད་ཡོད་ཀུང་སི་བཅས་རྐང་འཛིན་ཁེ་ལས་གསུམ་གྱིས་མཚོ་བྱང་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་ཚོང་དོན་གྱི་ཕྱེད་ཀ་བཟུང་ཡོད།མཚོ་བྱང་ཁུལ་གྱིས“ཁེ་ལས་གཅིག་དང་ཐབས་ཇུས་གཅིག”ལ་བརྟེན་ནས་ཁེ་ལས་གཉེར་སྐྱོང་འཕེལ་རྒྱས་ཁྲོད་ཀྱི་དཀའ་ངལ་ཐག་གཅོད་བྱས་ཏེ་ཁུལ་དེ་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཁྲོད་བརྟན་ལྷིང་གི་ནུས་པ་འདོན་སྤེལ་ཐུབ་པའི་འགན་ལེན་བྱས་པ་རེད།

“ཁེ་ལས་ཀྱིས་འགག་སྒྲོལ་སྙན་ཞུ་དང་།སྤ་སེ་འབྲི་བ།དཔྱ་ཁྲལ་འཇལ་བ།ནོར་དོན་ཚད་ལྡན་དུ་གཏོང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་གསོ་སྦྱོང་དང་བཞུགས་མོལ་བྱས་ཏེ་ཁེ་ལས་འཕེལ་རྒྱས་ཀྱི་ཡིད་ཆེས་སྔར་བས་བརྟན་དུ་བཏང་བ་དང་།ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་མངོན་འགྱུར་ཡོང་ཆེད་རྨང་གཞི་བཏིང་ཡོད།ལོ་འདིའི་ནང་ཕྱིར་གཏོང་ནང་འདྲེན་ཐུབ་རེ་ཡོད་པའི་ཁེ་ལས་བཞིས་གཙོ་གནད་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལས་དོན་སྤེལ་ནས་ཁེ་ལས་ཀྱི་ཕྱི་ཕྱོགས་སུ་རྒྱལ་སྤྱིའི་ཁྲོམ་རའི་གནས་ཚུལ་དང་འཕེལ་རིམ་དུས་ཐོག་ཏུ་ཁོང་དུ་ཆུད་པ་བྱས་ཏེ་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ལ་རེ་ཞུ་བྱས་ནས་ཞིང་ཆེན་རིམ་པའི་འཕེལ་རྒྱས་ཅེས་མཚོ་བྱང་ཁུལ་བཟོ་ལས་ཆ་འཕྲིན་ཅུས་ཀྱི་ཅུས་ཀྲང་ཀྲང་ཆི་ཧྥུང་གིས་བཤད།

ལེགས་ཆ་འདོན་སྤེལ་བྱས་ནས་ཕྱི་ཕྱོགས་ཉོ་ཚོང་གི་འཕར་གཞི་གསར་པ་དེ་བས་ལེགས་པའི་སྒོ་ནས་སྐྱེད་སྲིང་བྱེད་དགོས།

ཟླ་6ཚེས་6ཉིན་གྱི་སྔ་དྲོའི་ཆུ་ཚོད་9པར་ཀྲུང་གོ་དང་ལོ་སི།ཐེ་ལན་བཅས་ཀྱི་ཆེད་སྤྱོད་རླངས་འཁོར་བརྒྱུད་དེ་ཡོང་བ་དང་བསྟུན་ནས།མཚོ་སྔོན་ཏིང་ཧྲི་ས་གཏེར་ཚད་ཡོད་ཀུང་སི་དང་མཚོ་བྱང་དར་རྒྱས་ཚོང་དོན་ཚད་ཡོད་འགན་འཁྲི་ཀུང་སིས“ཁེ་ལས་ལ་རོགས་སྐྱོར་བྱེད་པའི་དཔྱིད་རླུང་བྱ་སྤྱོད”ཀྱི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་འོག་སྒོར་ཁྲི་200རི་བའི་ཤིང་འབྲས་ནང་འདྲེན་བྱས་པའི་རྒྱལ་སྤྱིའི་དོས་སྒམ་སྐྱེལ་འདྲེན་རླངས་འཁོར་ཐོག་མ་དེ་མཚོ་སྔོན་གྱི་དར་གོས་ལམ་བུའི་རྒྱལ་སྤྱིའི་ཟོག་འགྲེམས་གྲོང་དུ་བདེ་བླག་ངང་འབྱོར་ནས་མཚོ་བྱང་ཁུལ་གྱི་དཔལ་འབྱོར་ཁེ་ལས་ཀྱི་སྔོན་ཐོན་གཙང་པོ་བཏོད་ཡོད།

མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་མཚོ་སྔོན་ཞིང་ཆེན་ཉིང་རྡུལ་བཟོ་ལས་ས་གཤིས་ཅུས་ཀྱིས་ཁོངས་གཏོགས་ཀྱི་ཁེ་ལས་མཚོ་སྔོན་ཏེན་ཧྲི་ས་གཏེར་ཚད་ཡོད་ཀུང་སིར་མཛུབ་ཁྲིད་བྱས་ཏེ་མཚོ་བྱང་དར་རྒྱས་ཚོང་དོན་ཚད་ཡོད་འགན་འཁྲི་ཀུང་སི་དང་མཉམ་ལས་གྲོས་མཐུན་བཞག་པ་རེད།མཚོ་སྔོན་ཞིང་ཆེན་ཉིང་རྡུལ་བཟོ་ལས་ས་གཤིས་ཅུས་ཀྱིས་ཕྱི་ཕྱོགས་ཚོང་དོན་ལས་སྟེགས་དང་།ལག་རྩལ་ཐོབ་ཐང་།ཆེད་ལས་ཤེས་ལྡན་མི་སྣ་སོགས་ཐད་ཀྱི་ཅུས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་མཚོ་བྱང་དར་རྒྱས་ཚོང་དོན་ཚད་ཡོད་འགན་འཁྲི་ཀུང་སིས་ཚོང་དོན་འཁོར་རྒྱུག་སོགས་ཐད་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཕྱོགས་གཉིས་པོས་ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་གྱི་ཞིང་ཞོར་ཐོན་རྫས་ནང་འདྲེན་ཕྱིར་ཚོང་དང་དེ་བཞིན་ཞིང་དབང་ཞིབ་བཤེར་ཚད་ལེན་སོགས་ཀྱི་ལས་སྒོའི་ཐད་མཉམ་ལས་གཏིང་ཟབ་བྱས་ནས་ཤིང་འབྲས་དང་།ཞིང་ཞོར་ཐོན་རྫས།འབྲུ་སྣུམ་སོགས་ཕྱི་ཕྱོགས་ཚོང་དོན་གཉེར་སྐྱོང་བྱེད་སྒོ་ཐུན་མོང་ཐོག་སྤེལ་བ་རེད།

ཟླ་9ཚེས་6ཉིན་མཚོ་བྱང་དར་རྒྱས་ཚོང་དོན་ཚད་ཡོད་འགན་འཁྲི་ཀུང་སིས་ཐེ་ལན་ནས་ནང་འདྲེན་བྱས་པའི་ཤིང་འབྲས་རང་ཚུགས་ངང་ལེགས་སྒྲུབ་བྱས་ཏེ་མཚོ་བྱང་ཁུལ་རུ་འབྱོར་བ་རེད།མིག་སྔར་ཀུང་སི་དེས་ཐེ་ལན་ནས་ནང་འདྲེན་བྱས་པའི་ཤིང་འབྲས་ཁག་བཞིའི་ཉོ་ཚོང་དངུལ་འབོར་སྒོར་ཁྲི་218.6རང་ཚུགས་ངང་ལེགས་གྲུབ་བྱུང་ཡོད།གཞན་ཡང་ཕྱོགས་གཉིས་པོས་སྒོར་ཁྲི་1000གི“མཉམ་ལས་གཉེར་སྐྱོང་གན་རྒྱའི་”ཕྱིར་གཏོང་ནང་འདྲེན་གྱི་གྲོས་མཐུན་བཞག་ཡོད།

དར་རྒྱས་ཆེ་བའི་ཉོ་ཚོང་ཀུང་སི་2006ལོར་བཙུགས་པ་དང་།དེ་གོང་ཕྱིར་གཏོང་ནང་འདྲེན་གྱི་ལས་སྒོ་གཏན་ནས་མེད།ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བརྟན་པོའི་ངང་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་ཆེད།མཚོ་བྱང་ཁུལ་གྱི་བཟོ་ལས་དང་ཡིད་རྟོན་ཚོང་དོན་སྡེ་ཚན་གྱིས་བརྟག་ཞིབ་ཐེངས་མང་བྱས་ཏེ་ཐོན་ཁུངས་འཚོལ་ཞིབ་དང་།འཕར་སྣོན་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན།ཕྱིར་གཏོང་ནང་འདྲེན་ཁེ་ལས་སྐྱེད་སྲིང་བཅས་བྱས།

“ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག2021ལོར་ང་ཚོར་ཕྱིར་གཏོང་ནང་འདྲེན་གྱི་ཐོབ་ཐང་ཐོབ་ནས་ཁེ་ལས་ཀྱིས་ཕྱིར་གཏོང་ནང་འདྲེན་གྱི་བྱེད་སྒོའི་ཁྲོད་ངོ་འཕྲད་གྲོས་མོལ་བྱེད་དཀའ་བ་དང་།ཚོང་ཟོག་འཐེན་པའི་ཐབས་ལམ་འཚོལ་བ།ནང་འདྲེན་འགག་སྒྲོལ་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་ཁེ་ལས་ལ་ཕྱི་ཕྱོགས་ཚོང་དོན་གྱི་འབྲེལ་ཟམ་བཙུགས་ནས་ང་ཚོའི་དཔལ་འབྱོར་གྱི་ཕན་འབྲས་ཆེ་རུ་གཏོང་བའི་ཡིད་ཆེས་ཆེ་རུ་ཕྱིན་ཡོད”ཅེས་དར་རྒྱས་ཚོང་དོན་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཧྥང་མིན་གྱིས་བཤད།

དེ་ནི་མཚོ་བྱང་ཁུལ་གྱིས་མཚོ་སྔོན་ཡུས་ཧུང་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་དང་།མཚོ་སྔོན་གླིང་སྣེའི་རྒྱུ་ཆ་གསར་པའི་ཚན་རྩལ་ཚད་ཡོད་ཀུང་སི།རྒྱ་མདོ་རྫོང་ཅ་ལེན་ཉ་ལས་ཚན་རྩལ་ཚད་ཡོད་ཀུང་སི་བཅས་ཀྱི་རྗེས་སུ་ཕྱིར་གཏོང་ནང་འདྲེན་ལས་སྒོ་མངོན་འགྱུར་བྱུང་བའི་ཁེ་ལས་བཞི་པ་དེ་ཡིན་པ་དང་།མཚོ་བྱང་དང་ཨེ་ཤེ་ཡ་ཤར་ལྷོའི་ཚོང་དོན་ལས་སྟེགས་ཐོག་མར་བསྐྲུན་ཡོད་པ་རེད།

ཁྲོམ་ར་རྒྱ་ཆེར་བཏང་ནས“རྒྱུད་གཅིག་ལམ་གཅིག”དང་མཉམ་འདྲེས་གཏིང་ཟབ་བྱེད་པ།

མཚོ་བྱང་ཁུལ་དུ་གྲགས་ཅན་ཐོན་རྫས་མང་པོ་ཡོད་པ་དང“མདོ་ལ་རིང་མོའི་བོད་ལུག”“མདོ་ལ་རིང་མོའི་ཤ་མོ”རྒྱ་མདོ་སྦྲང་རྩིའི་ཐོན་རྫས་སོགས་ལྗང་མདོག་སྐྱེ་ལྡན་ཞིང་ལས་ཐོན་རྫས་ལ་འཛད་སྤྱོད་པས་དགའ་པོ་བྱེད་ཀྱི་ཡོད།

“རྒྱལ་ཁབ་ཕྱི་ནང་གི་ཁྲོམ་ར་རྒྱ་ཆེར་གཏོང་བ་དང་ཕྱིར་གཏོང་ལ་ཤུགས་སྣོན་རྒྱག་ཆེད།མཚོ་བྱང་ཁུལ་བཟོ་ལས་དང་ཆ་འཕྲིན་སྡེ་ཚན་གྱིས་ཁེ་ལས་ཀྱི་དགོས་མཁོར་དམིགས་ནས་ཁེ་ལས་ལ་ཁྲོམ་ར་ཅན་གྱི་མཉམ་ལས་བྱ་རྒྱུར་ཁྲིད་སྟོན་བྱས་པ་དང་འབྲེལ་རྒྱ་མདོ་གྱི་ལེ་དབར་བརྒྱའི་ཧྭ་མཚོ་སྦྲང་ལས་རིགས་ཚད་ཡོད་ཀུང་སི་དང་།མཚོ་སྔོན་ཅི་ཧྲང་ཆི་སྐྱེ་དངོས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སི།མཚོ་སྔོན་རུའེ་ཧུའེ་ཞིང་འབྲོག་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སི་བཅས་ལ་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་ཐོབ་ཐང་གཉེར་རོགས་བྱས་པ་དང་།དུས་འགོའི་འགྲོ་ལུགས་ཚང་མ་གཉེར་ཟིན་པས་ཕྱི་རྒྱལ་དུ་མངགས་ཐོ་གསར་པ་ཞིག་འབྱོར་རྗེས་ཕྱིར་ཀྲང་ཆི་ཧྥུང་གིས་ཡིད་ཆེས་ཀྱིས་ཁེངས།

མཚོ་བྱང་ཁུལ་བཟོ་ལས་དང་ཆ་འཕྲིན་ཅུས་ཀྱིས་ཁུལ་ཨུད་དང་ཁུལ་སྲིད་གཞུང་གི“ཕྱི་ཕྱོགས་ཚོང་དོན་གྱི་དཔལ་འབྱོར་གཞི་རྩའི་འཆར་གཞི་བརྟན་པོ་ཡོང་བ་དང་ཚོང་དོན་དཔལ་འབྱོར་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”ལས་ཀའི་བླང་བྱ་གཞིར་བཟུང་།“རྒྱུད་གཅིག་ལམ་གཅིག”ནང་ཧུར་ཐག་ཞུགས་པ་དང་།ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ཕྱི་ཕྱོགས་ཚོང་དོན་གྱི་གསོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། “ཁེ་ལས་ཀྱི་དྲོ་སྐྱིད་སྦྱིན་པའི་དཔྱིད་རླུང་བྱ་སྤྱོད”དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འདྲེན་ཡུལ་གཏོད་རྒྱུ་དང་ཟུང་འབྲེལ་གྱིས་ལྗོངས་འཛུགས་སྐྲུན་ལ་སྣེ་ཁྲིད་བྱ་རྒྱུ་གོ་སྐབས་སུ་བྱས་ནས་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱི་འབྲེལ་གཏུག་རོགས་སྐྱོར་ལས་དོན་གྱི་ལམ་སྲོལ་འདོན་སྤེལ་བྱས་ཏེ་ཞབས་ཞུའི་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་བ་བརྒྱུད་ཕྱི་ཕྱོགས་ཚོང་དོན་གྱི་གཉེར་སྐྱོང་གཙོ་གཟུགས་ཀྱི་གསོན་ཤུགས་རྒྱུན་མཐུད་ངང་འཕེལ་བར་བྱས་ནས་ཕྱི་ཕྱོགས་ཚོང་དོན་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་བཏང་ཡོད།    

འདི་ལོའི་ཟླ་དང་པོ་ནས་དགུ་པའི་བར་མཚོ་བྱང་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་དངུལ་འབོར་སྒོར་ཁྲི་335ཟིན་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱས་ཡོད།

“ང་ཚོས་འགན་ལེན་ནུས་པ་མུ་མཐུད་ཆེ་རུ་བཏང་ནས་འགག་སྒོ་དང་།དངུལ་རྩ།ཁྲལ་དོན་སོགས་སྡེ་ཚན་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁེ་ལས་ལ་འགག་སྒྲོལ་དང་།ཁྲལ་སློག་ཡིད་རྟོན་འགན་ལེན་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པ་དང་།ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱིས་རྒྱལ་སྤྱིའི་ཁྲོམ་ར་གསར་འབྱེད་ཧུར་ཐག་བྱ་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་པ།ཚོང་དོན་ཤར་གཏོང་ཐུབ་རྒྱུར་སྐུལ་འདེད་གཏོང་བ།ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་གཙོ་བོའི་ལྟ་ཞིབ་ཚད་ལེན་ཞབས་ཞུའི་ལམ་སྲོལ་འཛུགས་པ།‘གཅིག་གཏད་གཅིག’གི་དཀའ་སེལ་རོགས་སྐྱོར་བྱེད་པ།རྒྱུན་རྣམ་ཅན་གྱི་འཚམས་འདྲི་བྱེད་པ།ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱི་དཀའ་ངལ་སེལ་བ་བཅས་བྱས་ནས་མཚོ་བྱང་གི་སྤུས་ལེགས་ཅེས་ཀྲང་ཆི་ཧྥུང་གིས་བཤད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།