རང་རེའི་དྲ་བའི་འཕྲིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་ལག་ལེན་བསྟར་ཚུན།མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཡིས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས《ཁུལ་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་རིགས་པའི་གཞུང་ལུགས་སློབ་སྦྱོང་བཀོད་སྒྲིག་ཇུས་གཞི》གཤམ་སྤེལ་བྱས་པ་དང་།རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་དེ“སློབ་སྦྱོང་བཞི་མཉམ་སྤེལ”མཐའ་འཁྱོངས་བྱ་རྒྱུ་ཁ་གསལ་བཟོས་པ།རིམ་ཁག་ཏང་ཡོན་ལས་བྱེད་པས་བརྩེ་སེམས་བཅངས་ནས་སློབ་སྦྱོང་དང་འགན་འཁྲི་འཁུར་ནས་སློབ་སྦྱོང་བྱ་དགོས།
གཅིག་སྡུད་ཞིབ་འཇུག་སློབ་སྦྱོང་།ཁུལ་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གིས་ཁུལ་ཨུད་ཏང་གི་སློབ་གྲྭར་དུས་ཡུན་ཉིན་བདུན་གྱི་བཀག་སྡོམ་རྣམ་པའི་དཔེ་ཀློག་འཛིན་གྲྭ་གཉེར་བ་དང་ཁུལ་རིམ་པ་གཞོན་པའི་འགོ་ཁྲིད་ལས་བྱེད་པ་དང་དེ་བཞིན་ཁུལ་ཐད་གཏོགས་སྡེ་ཚན་ཁག་གི་འགན་འཁུར་བ་གཙོ་བོ་80ཡིས་སེམས་ཤུགས་གཅིག་སྒྲིལ་གྱིས《ཞི་ཅིན་ཕིང་གི་གསུང་རྩོམ་འདེམས་ཀློག》སོགས་གཙོ་གནད་ལེ་ཚན་སློབ་སྦྱོང་བྱས་ཏེ་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ངོས་འཛིན་གླེང་བ་དང་།མྱོང་ཚོར་གླེང་བ།བསམ་ཕྱོགས་གླེང་བ།བྱེད་ཐབས་གླེང་བ་བཅས་བྱས་ཡོད།ཁུལ་ཨུད་ཧྲུའུ་ཅི་སྐུ་ངོ་མས་སློབ་སྦྱོང་ཇུས་གཞི་ཞིབ་བཤེར་གཏན་འབེབས་དང་།གཅིག་སྡུད་སློབ་སྦྱོང་གཙོ་སྐྱོང་།སྣེ་ཁྲིད་དེ་བགྲོ་གླེང་གཏམ་བཤད་བཅས་བྱས་ནས་ཆེད་དོན་བགྲོ་གླེང་ཐེངས་4དང་།ཆེད་དོན་ཟུར་ཁྲིད་ཐེངས་5ཚོགས་ཆུང་ཁག་བགོས་ཀྱིས་རང་སྦྱོང་ཐེངས་12བཅས་བྱས་པ་རེད།ཁུལ་ཐད་གཏོགས་སྡེ་ཚན་གྱི་ཚན་ཁག་གི་ཁོངས་མི་ཅུང་ཉུང་བའི་དོན་དངོས་ལ་དམིགས་ནས་རྫོང་རིམ་པ་གཞོན་པའི་འགོ་ཁྲིད་ལས་བྱེད་པ་173སྒྲིག་འཛུགས་བྱས་ཏེ་མཉམ་འབྲེལ་དཔེ་ཀློག་འཛིན་གྲྭ་12གཅིག་གྱུར་འཆར་འགོད་ཀྱིས་བཙུགས་པ་དང་ལས་བྱེད་པ་12ལྟ་སྐུལ་པའི་འགན་འཁུར་རྒྱུར་མངགས་ནས་དཔེ་ཀློག་འཛིན་གྲྭའི་སྒྲིག་ཁྲིམས་ལྟ་སྐུལ་ལ་དམ་འཛིན་ཡག་པོ་བྱས་ཡོད།དཔེ་ཀློག་འཛིན་གྲྭ་ཡོངས་ལ་ཁྱབ་པ་དང་ཆད་ལུས་མི་ཡོང་བའི་འགན་ལེན་བྱ་ཆེད།ནད་གཞིའི་རྐྱེན་གྱིས་སློབ་ཚན་ཆད་མཁན་70ལ་གསབ་ཁྲིད་ཇུས་གཞི་བཟོས་པ་དང་གཅིག་སྡུད་གསབ་ཁྲིད་བྱས་ཡོད།
ཚན་ཁག་གིས་སློབ་སྦྱོང་བྱེད་པ། ཁུལ་དང་རྫོང་གིས་རིམ་པ་དབྱེ་ནས་སློབ་སྦྱོང་འཆར་གཞི་བཟོས་པ་དང་རིམ་ཁག་ཏང་སྲིད་འགོ་ཁྲིད་གཙོ་བོ་དང་སྡེ་ཚན་ཏང་ཙུའུ(ཏང་ཨུད)ཧྲུའུ་ཅིས་སྣེ་ཁྲིད་སློབ་སྦྱོང་དང་ཆེད་དོན་ཞིབ་བསྡུར་མཐའ་འཁྱོངས་བྱས་ཡོད།ཁུལ་དང་རྫོང་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་སློབ་སྦྱོང་ཐེངས་8བྱས་པ་དང་།ཆེད་དོན་བགྲོ་གླེང་ཐེངས་17བྱས་པ།གྲོས་བསྡུར་མི་གྲངས་146ཟིན་པ།ཁུལ་ཐད་གཏོགས་སྡེ་ཚན་གྱི་འགོ་ཁྲིད་ཚན་ཁག་གིས་གཅིག་སྡུད་སློབ་སྦྱོང་ཐེངས་236སྒྲིག་འཛུགས་བྱས་ཡོད།གཞི་རིམ་ཏང་རྩ་འཛུགས་ཀྱིས་“ཚོགས་འདུ་གསུམ་དང་སློབ་ཚན་གཅིག་”སོགས་ཀྱི་རྣམ་པའི་ཐོག་ནས་གཏན་འབེབས་ཀྱི་རྣམ་གྲངས་གཏིང་ཟབ་དང་ཞིབ་ཚགས་ངང་ཀློག་པ་དང་།སློབ་སྦྱོང་གི་གྲུབ་འབྲས་སྤེལ་རེས་བྱས་ཏེ་མི་སྒེར་གྱི་སློབ་སྦྱོང་མྱོང་ཚོར་སྙན་སེང་ཞུ་དགོས།ཁུལ་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་1272ཀྱིས་གཅིག་སྡུད་སློབ་སྦྱོང་ཐེངས་2585བྱས་པ་རེད།
སྒོ་རྩར་སློབ་སྦྱོང་བྱེད་པར་སྐྱེལ་བ། རྫོང་ཁག་གིས“རྩ་འཛུགས་ཀྱིས་ཏང་ཡོན་འཚོལ་བ་དང་།ཏང་ཡོན་གྱིས་རྩ་འཛུགས་འཚོལ་བ།ཏང་ཡོན་གྱིས་ཏང་ཡོན་འཚོལ་བ”བཅས་ཀྱི་རྗེས་སྙེག་གྲལ་བཤེར་ལམ་སྲོལ་དོན་འཁྱོལ་བྱས་ཏེ་ཕྱོགས་མིའི་ཏང་ཡོན་གྱི“དྲ་ཐོག”གི་སློབ་སྦྱོང་ཚོགས་པ་23བཙུགས་པ་དང་ཕྱོགས་མིའི་ཏང་ཡོན་993སྒྲིག་འཛུགས་བྱས་ནས་སློབ་སྦྱོང་ནང་ཞུགས་ཡོད་པ་རེད།“སྒོ་རྩར་སློབ་སྦྱོང་སྐྱེལ་བ”མི་ཐེངས་113དང་།“སློབ་སྦྱོང་རུ་ཁག་ཆུང་ཆུང་སྐྱེལ་བ”དང་ཏང་ཡོན་རྒན་གྲས་ཚོ་དང་སྙིང་གཏམ་ཤོད་རེས་བྱས་ཏེ།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ཐུན་མོང་ཐོག་སློབ་སྦྱོང་དང་སྤེལ་རེས་བྱས་པ་དང་།དོན་དངོས་དང་ཟུང་འབྲེལ་བྱས་ནས་གོ་བདེ་ཤེས་སླའི་སྐད་ཡིག་སྤྱད་དེ་ཏང་ཡོན་རྒན་གྲས་ལ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་འགྲེལ་བཤད་བརྒྱབ་པ་རེད།ཤང་དང་གྲོང་རྡལ་ཏང་ཨུད་ཚན་ཁག་གི་ཁོངས་མི་དང་ཏང་ཀྲི་པུའུ་ཨུ་ཡོན་གྱིས་གཙོ་གནད་ཏང་ཡོན་ལ་ཆ་སྒྲིག་འབྲེལ་གཏུག་བྱེད་པའི་ལས་ཀའི་ལམ་སྲོལ་བཙུགས་ནས་སློབ་སྦྱོང་ཐེངས་120བྱས་པ་དང་ཏང་ཡོན་རྒན་གྲས་དང་བྱམས་བརྩེའི་སྤེལ་རེས་བྱས་ཏེ་ཏང་ཡོན་རྒན་གྲས་ཀྱི་“སེམས་བདེ”དེ་བས་བློ་བདེ་པོ་བྱུང་བ་དང་དུས་མཚུངས་མི་རིགས་ཡི་གེའི་པར་གཞིའི་སློབ་སྦྱོང་དཔྱད་གཞི་8257སྤྲད་པ་རེད།
གཞི་རྟེན་གྱིས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ།རིམ་ཁག་ཏང་ཡོན་ལས་བྱེད་པས་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་གྲོང་ཚོ་དང་།སྡེ་ཁུལ།ཁེ་ལས་སོགས་སུ་འཚམས་འདྲིའི་རོགས་སྐྱོར་དང་།སྲིད་ཇུས་སྒྲོག་འགྲེལ།གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་སོགས་ཀྱི་སྒྲོག་འགྲེལ་དང་རོགས་སྐྱོར་བྱེད་སྒོ་སྣ་ཚོགས་ཧུར་ཐག་སྤེལ་བ་རེད།ཏང་རྩ་འཛུགས་རིམ་པ་ཁག་གིས་དྲིལ་བསྒྲགས་ལས་གནས་དང་བདེ་སྐྱོང་ལས་གནས་སོགས་ཏང་ཡོན་གདོང་ལེན་ལས་གནས་བཀོད་སྒྲིག་བྱས་ཏེ།“ལས་གནས་ཐོག་གཞི་ཚུགས་ནས་ལེགས་སྐྱེས་འབུལ་བ”དང་།“ངའི་ལས་གནས་སུ་ངས་འགན་འཁུར་བ།ངས་ལས་གནས་སུ་བློ་བདེ་པོ་ཡོང་བ་བྱེད་དགོས”སོགས་ལག་ལེན་བྱེད་སྒོ་ཐེངས་568སྤེལ་ཡོད།ཁུལ་ཨུད་རྩ་འཛུགས་པུས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་།ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པ།དེ་བཞིན་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་དུས་བདེའི་ཧའེ་ནན་འཛུགས་སྐྲུན་བྱེད་རིང་གི་སྔོན་ཐོན་དཔེ་མཚོན་སྔོག་འདོན་གཏིང་ཟབ་བྱས་ཏེ།《ཏང་གི་སློབ་ཚན་ཁྲིད་པ》དང་།《མིག་དཔེའི་སྟོབས་ཤུགས།》《ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་པ།གྲོང་གསེབ་དར་རྒྱས་གཏོང་བའི》ཆེད་དོན་ཏང་གི་སློབ་ཚན། ཉེ་འགྲམ་གྱི་མིག་དཔེའི་དཔེ་སྟོན་ལ་བརྟེན་ནས་རིམ་ཁག་ཏང་ཡོན་ལས་བྱེད་པས་རང་འགུལ་ངང་བསམ་བློ་སློབ་སྦྱོང་དང་། ཏང་གཤིས་ཤུགས་ཆེར་གཏོང་བ། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་པ་གཏོད་པ་བཅས་ཀྱི་སྣེ་ཁྲིད་བྱེད་དགོས།
ལོ་ཙཱ་བ། ལྷ་ཆེན་རྒྱལ།
རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།