རང་རེའི་དྲ་བའི་འཕྲིན།“ཤོག་དྲས་འདྲ་གཟུགས་ཀྱིས་བོད་རིགས་ཀྱི་གཉེན་སྒྲིག་བྱེད་སྟངས་གསོན་ཉམས་དོད་པོའི་ངང་མངོན་པར་བྱས་ཡོད།ད་རེས་ཧ་ཅང་མང་པོ་ཤེས་བྱུང”མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གི་གྲོང་མི་དབྱང་ཧྥ་ཤིའུ་ཡིས་མདའ་བཞི་རྫོང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་ཉམས་ལེན་ཁང་དུ་ལྟ་སྐོར་བྱས་པ་དང་འགྲེལ་བཤད་བརྒྱབ་རྗེས་གསར་འགོད་པ་དང་ཁ་བརྡ་བྱས་པ་དང་།མི་རིགས་མང་པོའི་ཡུལ་སྲོལ་གོམས་གཤིས་དེ་སྔ་ཁོང་གིས་གོ་ཐོས་བྱུང་བ་ཙམ་ལས་ཤེས་རྟོགས་ཞིབ་ཕྲ་དེ་འདྲ་བྱེད་མྱོང་མེད།
ནུབ་མཚོའི་རྒྱང་གླུ·མདའ་བཞི་རྫོང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་ཉམས་ལེན་ཁང་དུ་སྐྱོད་སྐབས་འགྲེལ་བཤད་པ་འབྲུག་མོ་སྐྱིད་ཀྱིས་མཚོ་སྔོན་གྱི་ཡུལ་སྐད་ཐོག་ནས་མདའ་བཞི་རྫོང་གི་མི་རིགས་རེ་རེ་བཞིན་ཕན་ཚུན་རོགས་རེས་དང་ཐུན་མོང་མཉམ་འདྲེས་ཀྱི་གཏམ་རྒྱུད་བཤད་བཞིན་ཡོད།ཁོང་གི་མདུན་དུ་ཡོད་པའི་མང་ཚོགས་མི་ཉུང་བ་ཞིག་གིས་ཏང་ཡོན་གྱི་རྟགས་མ་བཏགས་པ་དང་ད་དུང་མི་འགའ་ཞིག་གིས་ཆེད་མངགས་གྲངས་ཉུང་མི་རིགས་ཀྱི་གྱོན་ཆས་གྱོན་ནས་འགྲེལ་བཤད་ནན་ཏན་ཉན་བཞིན་ཡོད།
“ཨ་ནེ་དེས་སོག་རིགས་ཀྱི་རྒྱན་གོས་གྱོན་གྱི་ཡོད་པས་སོག་རིགས་སྐོར་གླེང་སྐབས་ཚང་མས་ག་ཚོད་ཤེས་ཀྱི་མེད”དེ་ནས་མི་ཞིག་གིས“ང་ཚོའི་རྫོང་ལ་ཧ་ལེ་ཅིན་སོག་རིགས་ཞང་ཡོད་”ཅེས་ལན་བཏབ།
“རེད།ཡིན་ནའང་ང་ཚོ་ཧ་ལེ་ཅིང་སོག་རིགས་ཤང་དུ་ད་དུང་ཧ་ལེ་ཅིང་གྲོང་ཚོའི་དེ་སྔའི་ཏང་ཀྲི་པུའི་ཧྲུའུ་ཅི་ལྷ་མོ་བཀྲ་ཤིས་ཀྱི་ཁྱིམ་ཚང་གི་མཐུན་སྒྲིལ་གཏམ་རྒྱུད་ཡོད”ཅེས་དེ་ལྟར་ཁྱེད་ཀྱིས་ངའི་སྐད་ཆ་ཤོད་རེས་བྱེད་པར་ཡོང་སྐབས་ས་གནས་ས་ཐོག་ཏུ་འགྲེལ་བཤད་བྱེད་པའི་རྣམ་པ་མཐོ་རླབས་འཕྱུར་བཞིན་ཡོད།
མདའ་བཞི་རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་མདའ་བཞི་རྫོང་མི་རིགས་དང་ཆོས་ལུགས་ལས་དོན་ཅུས་ཀྱི་ཅུས་ཀྲང་དཔལ་ལྡན་རྒྱ་མཚོའི་སྨིན་མ་ལྷོད་དུ་ཕྱིན་པ་དང་།ངོ་གདོང་ནས་རིམ་བཞིན་འཛུམ་མདངས་འཕྱུར་བ་དང་སྐད་ཆ་ཡང་མང་དུ་ཕྱིན་ཡོད།
“འགྲེམས་ཁང་ཐོག་མར་བསྐྲུན་སྐབས་ང་ཚོས‘རྡོ་ལ་དཔགས་ནས་ཆུ་བོ་བརྒལ་བ’ཡིན་པས་འཕྲད་པའི་དཀའ་ངལ་མི་ཉུང་བ་ཞིག་ཡོད”དཔེར་ན་འགྲེམས་སྟོན་ཇི་ལྟར་བྱེད་དགོས་མིན་ཐད་དཔལ་ལྡན་རྒྱ་མཚོར་བསམ་བློ་གཏན་ནས་མེད་པས་ཁོང་གིས་དུས་ཐོག་ཏུ་འབྲེལ་ཡོད་རིགས་གཅིག་མཁས་ཅན་ལ་བཀའ་འདྲི་ཞུས་པ་དང་།ལས་རོགས་དང་མཉམ་དུ་ཟི་ལིང་དང་ཁྲི་ཀ་སོགས་སུ་བསྐྱོད་དེ་སློབ་སྦྱོང་གི་ཉམས་མྱོང་ལ་གཟིགས་ཞིབ་གནང་བ་རེད།
དཔལ་ལྡན་རྒྱ་མཚོས་ཚོར་སྣང་ཟབ་མོའི་ངང་མཚོ་སྔོན་ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་མི་རིགས་མཐུན་སྒྲིལ་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ཏེ།‘ཐུན་མོང་བཞི’ཡི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་དུ་བཏང་སྟེ།མི་རིགས་ཁག་རྒྱ་ཁྱབ་ངང་འགྲོ་འོང་དང་།ཕྱོགས་ཡོངས་ནས་སྤེལ་རེས།མཉམ་འདྲེས་གཏིང་ཟབ་བཅས་བྱ་རྒྱུར་སྐུལ་འདེད་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་སྤུས་རྟགས་སྔར་བས་བརྟན་དུ་གཏོང་དགོས་པའི་བློ་སྒོ་ཕྱེ་ཡོད”ཅེས་བཤད།
དཔལ་ལྡན་རྒྱ་མཚོས་མདའ་བཞིའི་མང་ཚོགས་སྐུལ་སློང་བྱས་ནས་ཚང་མ་འགྲེམས་ཁང་ནང་གི་དཔྱད་གཞི་བསྡུ་རུབ་ནང་ཞུགས་རྒྱུའི་འབོད་སྐུལ་བྱས་པ་རེད།མདའ་བཞི་གྱི་མི་རིགས་ཁག་གི་མང་ཚོགས་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ལག་ལེན་སྔོག་འདོན་གཏིང་ཟབ་བྱས་པ་བརྒྱུད་མདའ་བཞི་གྱི་མི་རིགས་ཁག་གི་མང་ཚོགས་མཐུན་སྒྲིལ་གཅིག་གྱུར་དང་།ཕན་ཚུན་ལྟ་རེས་རོགས་རེས།བརྩེ་སེམས་ཟབ་མོ་བཅས་ཀྱི་ལོ་རྒྱུས་ཀྱི་དོན་དངོས་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་ཡོད།
“ང་ཚོས་དངོས་ལྗོངས་ཀྱི་དོན་དངོས་ལ་བརྟེན་ནས་མདའ་བཞི་གྱི་ལོ་རྒྱུས་རིག་གནས་གང་ལེགས་མངོན་པ་བྱས་ཏེ་ལོ་རྒྱུས་ཀྱི་གསོག་འཇོག་དང་རིག་གནས་ཀྱི་གདེང་ཚོད་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ལ་མོས་སེམས་དང་གཏོགས་སེམས་ཆེ་རུ་གཏོང་རྒྱུ་ཡིན”འཚོལ་བསྡུ་བྱས་པའི་དཔྱད་གཞི་ཇེ་མང་དུ་འགྲོ་བ་དང་བསྟུན་ནས་དཔལ་ལྡན་རྒྱ་མཚོས་ཧེ་ཡན་མང་ཚོགས་ཀྱི་མཐུན་སྒྲིལ་འདུ་ཤེས་ལའང་མྱོང་ཚོར་ཟབ་མོ་བྱུང་ཡོད།
“དུད་ཚང་1279ཡི་འབྲོག་པ་6000ལྷག་ཙམ་གྱིས་ཕྱུགས་རིགས་མགོ་གྲངས་ཁྲི་15ལྷག་ཙམ་དེད་ནས་གསེར་དངུལ་ཐང་ནས་ད་ཆའི་བར་སྤོ་བཞིན་ཡོད།དུས་སྐབས་རེ་རེའི་མདའ་བཞི་ལ་མི་རིགས་མཉམ་འདྲེས་ཀྱི་འོད་སྣང་འཕྲོ་བཞིན་ཡོད”ཧེ་ཡན་མི་རིགས་ཁག་གི་སྐོར་གླེང་སྐབས།དཔལ་ལྡན་རྒྱ་མཚོས་ཁོང་མདའ་བཞི་རྫོང་འབྲོག་ལས་གྲོང་ཚོར་བསྐྱོད་ནས་ས་ཡོམ་ཉེན་གཡོལ་གྱི་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་བྱེད་སྐབས་ཀྱི་རྣམ་པ་གླེང་སྐབས“སྐབས་དེ་དུས་འབྲོག་པའི་རྒྱ་སྐད་སྤེལ་རེས་ཀྱི་ཆུ་ཚད་ཧ་ཅང་མཐོ་པོ་ཡོད་པ་མ་ཟད།ཚང་མས་ཤེས་བྱ་གསར་པ་དང་ལེན་བྱེད་པའི་མྱུར་ཚད་ཀྱང་ཧ་ཅང་མགྱོགས་པོ་ཡོད”ཅེས་བཤད།
མདའ་བཞི་རྫོང་གིས་འདི་ལོའི་ཟླ་7ཚེས་31ཉིན་ནུབ་མཚོའི་རྒྱང་གླུ·མདའ་བཞི་རྫོང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཉམས་ལེན་ཁང་སྒོ་ཕྱེ་བའི་མཛད་སྒོ་འཚོགས་པ་རེད།ཉམས་ལེན་ཁང་དུ་ལོ་རྒྱུས་ཀྱི་ཉམས་འགྱུར་ཟབ་མོ་ལྡན་པའི“སྟག་རྟགས་རྡོ་ལྟ་བུ”ཡིན་པ་དང་།ཉམས་ལེན་ཁང་དེ་གོ་རིམ་ཚོམས་ཆེན་དང་འགྲེམས་ཁུལ་གསུམ(མཉམ་གནས་ཀྱི་གཟི་བརྗིད་དང་མཚོ་ཐོག་རྒྱུན་འཛིན་དང་།མཐུན་སྒྲིལ་རོགས་རེས་ལག་གདང་སྦྲེལ་ནས་མདུན་སྐྱོད།འོད་སྟོང་འཕྲོ་བའི་མངོན་མིན་རིག་གནས་ཤུལ་བཞག་གི་མཛེས་སྡུག་མཉམ་མྱོང་།)མཇུག་ཁང་།གཞོན་ནུ་ལོ་ཆུང་གི་མངོན་མིན་རིག་གནས་ཤུལ་བཞག་ལག་ལེན་ལྟེ་གནས་བཅས་ཁག་དྲུག་ལ་དབྱེ་ཡོད་པས་འགྲེལ་བཤད་བྱས་ན་སྐར་མ40དགོས།
ཉམས་ལེན་ཁང་དུ་འགྲེལ་བཤད་པས་ཞི་བདེ་སྡེ་ཁུལ་གྱི་ཏང་ཡོན་རྒན་གྲས་སུ་བསྐྱལ་བ་དང་རྫོང་གཞན་དག་གི་ཏང་ཡོན་ལས་བྱེད་པའི་ལྟ་སྐོར་ཚོགས་པ་བསུས་ཤིང་།མོན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་གི་ཏང་ཡོན་ཡེ་ཧྲེང་ཕུའུ་ཡིས་ལྟ་སྐོར་བྱས་ཚར་རྗེས“ལྟ་སྐོར་བྱེད་རིང་མདའ་བཞི་གྱི་མི་རིགས་ཁག་གི་མཐུན་སྒྲིལ་ཡར་བརྩོན་གྱི་རྣམ་པ་མཐོང་བ་མ་ཟད།མི་རིགས་ཁག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་གལ་ཆེའི་རང་བཞིན་ཡང་མྱོང་ཚོར་ཟབ་མོ་བྱུང”ཞེས་བཤད།
ཉམས་ལེན་ཁང་དངོས་སུ་འཁོར་སྐྱོད་བྱས་རྗེས་མདའ་བཞི་རྫོང་གིས་བསམ་ཕྱོགས་སྔར་བས་ཁ་གསལ་བཟོས་ཏེ་ཉམས་ལེན་ཁང་དེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་ལས་དོན་གྱི་གཡུལ་ས་གཙོ་བོ་ཞིག་ཏུ་བརྩིས་པ་དང་ཆབས་ཅིག་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི་དང་གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་སློབ་གསོའི་རྟེན་གཞིར་བརྟེན་ནས།རྫོང་དང་གྲོང་གསེབ་ནས་གོང་ནས་འོག་བར་དང་།རྒྱུན་རིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་གཏོང་དགོས།
“མཚོ་སྔོན་ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག‘གོ་སྐབས་དམ་འཛིན་དང་དངོས་སྒྲུབ་གནད་ཆེ’དང‘ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་པོ་ཡོང་བ་བྱེད་དགོས་པ’སོགས་ཀྱི་བླང་བྱ་བཏོན་ཡོད་པས་ང་ཚོས་དུས་རབས་གསར་པའི་མི་རིགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་གཞན་གྱི་རྗེས་སུ་དེ་བས་མི་ལུས་པ་བྱས་ནས་གཞན་གྱི་སྔོན་ལ་སྒྲུབ་དགོས”ཅེས་དཔལ་ལྡན་རྒྱ་མཚོས་བཤད།
ལོ་ཙཱ་བ། ལྷ་ཆེན་རྒྱལ།
རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།