[ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་དགོས།] དམངས་ཀྱི་སེམས་ཁྲལ་བྱེད་པའི་གནད་དོན་ཐག་གཅོད་བྱས་ཏེ་ལྷག་བསམ་ཟོལ་མེད་ཀྱིས་དར་རྒྱས་ལ་སྐུལ་འདེད་གཏོང་དགོས།

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྤེལ་དུས། : 2023-10-31

རང་རེའི་དྲ་བའི་འཕྲིན།“ལས་ཀ་ཡོད་ན་ཧྲུའུ་ཅི་ལི་འཚོལ་གྱི་ཡོད”ལོ་གཉིས་རིང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་ཅང་ཡོན་གྲོང་ཚོའི་གྲོང་མིར་དཀའ་ངལ་འཕྲད་སྐབས་བསམ་བློ་དང་པོ་ནི་ལི་ཀྲི་པིན་རེད།གང་ལགས་ཤེ་ན།གྲོང་ཚོའི་ནང་ལས་ལ་བརྩོན་པ་ཆེ་བས་བོད་སྐད་ཤོད་མི་ཤེས་པའི་ཧྲུའུ་ཅི་དང་པོ་དང་གྲོང་མི་ཚོས་ཁྱིམ་ཚང་གཅིག་ལྟར་རྒྱུས་མངའ་ཆེན་པོ་ཡོད།

གྲོང་ཚོའི་གདང་ལའི་ནོར་ནག་དང་།བོད་ལུག་ཞིབ་ཚགས་ལས་སྣོན་རྟེན་གཞི།འབྲི་ཆུའི་ཆུ་འགོའི་བོད་ཁྱིམ་དམངས་སྲོལ་རྒྱུན་འཛིན་རྟེན་གཞི་བཅས་སྔ་རྗེས་སུ་སྒོ་བྱང་བཀལ་ནས་སྤྱོད་འགོ་ཚུགས་པ་དང་།ཟ་ཁང་དང་།ཇ་ཁང་།གྱོན་ཆས་ཚོང་ཁང་།རྒྱན་ཆ་ཚོང་ཁང་།མགྲོན་ཁང་སོགས་ཀྱི་ཚོང་ཁང་མང་དུ་ཕྱིན་པ་དང་།མི་སྡོད་ཁོར་ཡུག་དང་སྣོད་བཅུད་ཁོར་ཡུག་ཇེ་ལེགས་སུ་འགྲོ་བཞིན་ཡོད།

“གྲོང་ཚོར་བཅའ་སྡོད་ལས་དོན་ནི་ཏན་ཏན་ཏིག་ཏིག་དང་ཏན་ཏན་ཏིག་ཏིག་ངང་ཡུལ་མི་ཚོར་ནུས་པས་ལྕོགས་ཚོད་ཀྱིས་ལས་ཀ་བསྒྲུབས་ནས་ཚང་མ་བློ་ཡིད་ཚིམ་པོ་ཡོང་བ་བྱ་རྒྱུ་དེ་རེད”ཅེས་ལོ་གཉིས་རིང་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་མྱོང་ཚོར་གླེང་སྐབས་ལི་ཀྲི་པིན་གྱིས་དེ་ལྟར་བཤད།

2021ལོའི་ཟླ་7པར་གྲོང་ཚོར་ལས་ཀ་བྱེད་པར་སླེབས་མ་ཐག་པའི་གནས་ཚུལ་ལ་ཕྱིར་དྲན་བྱེད་སྐབས་ལི་ཀྲི་པིན་གྱིས་སྐབས་དེ་དུས་གཞི་རིམ་གྱི་ལས་དོན་དང་འབྲེལ་བ་བྱེད་མ་མྱོང་བའི་དབང་གིས་གྲོང་ཚོར་བཅའ་སྡོད་ལས་དོན་ཇི་ལྟར་སྤེལ་རྒྱུའི་ཐད་གོ་རིམ་མེད་པས་ལས་དོན་དེའི་འགན་འཁྲི་ལྕི་པོ་ཡོད་པ་ཤེས་ཀྱི་ཡོད་པས་ངེས་པར་དུ་སེམས་ཤུགས་ཡོད་ཚད་བཏོན་ནས་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་བཤད།

“གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་ཡིན་པའི་ངོས་ནས་གང་ཞིག་བྱེད་དགོས་པ་དང་།གང་ཞིག་བྱེད་དགོས་པ།ཇི་ལྟར་བྱེད་དགོས་པ་བཅས་ནི་སྐབས་དེ་དུས་བསམ་གཞིག་བྱེད་མང་ཤོས་ཀྱི་གནད་དོན་ཞིག་རེད”ཅེས་ལི་ཀྲེ་པིན་གྱིས་བཤད།

གྲོང་ཚོའི་གནས་ཚུལ་ཤེས་རྟོགས་གང་ཐུབ་བྱ་ཆེད།ལི་ཀྲི་པིན་གྱིས་ལས་འགན་བཞེས་རྗེས་གྲོང་ཚོའི་གནས་ཚུལ་ཁོང་དུ་ཆུད་པ་བྱ་རྒྱུ་དེ་གྲོང་ཚོར་བསྐྱོད་དེ་ལས་དོན་སྤེལ་བའི་འཇུག་སྒོ་དང་པོར་བརྩིས་ནས་རང་འགུལ་ངང་གྲོང་རྡལ་གྱི་པའོ་གྲོང་ཚོའི་འགོ་ཁྲིད་དང་གྲོང་ཚོ“ཨུ་ལྷན་གཉིས”ལ་གྲོང་ཚོའི་གནས་ཚུལ་ཤེས་རྟོགས་བྱས་པ་དང་འབྲེལ་ཟླ་བ་གསུམ་གྱི་དུས་ཚོད་སྤྱད་དེ་གྲོང་ཚོ་ཡོངས་ཀྱི་དུད་ཚང་221ལ་བཅར་འདྲི་བྱས་ནས་ཁོང་ཚོའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་དང་དངོས་ཡོད་དཀའ་ངལ་ཤེས་རྟོགས་བྱས་ཏེ་འབྲི་ཆུའི་གྲོང་ཚོ་འཛུགས་སྐྲུན་འཕེལ་རྒྱས་ཐད་ཀྱི་བསམ་འཆར་དང་གྲོས་འགོ་ཟིན་ཐོར་བཀོད་པ་རེད།

“སྐབས་དེ་དུས་ཧྲུའུ་ཅི་ལི་ལགས་རྟག་ཏུ་གྲོང་མིའི་ཁྱིམ་དུ་བསྐྱོད་དེ་གྲོང་ཚོའི་གནས་ཚུལ་ཤེས་རྟོགས་བྱེད་ཀྱི་ཡོད”ཅེས་གྲོང་ཚོའི་ཏང་ཡོན་རྒན་གྲས་ཀུན་དགའ་རྣམ་རྒྱལ་གྱིས་བཤད།

བཅར་འདྲི་ཟམ་མི་ཆད་པར་བྱས་པ་བརྒྱུད་ལི་ཀྲི་པིན་གྱིས་གྲོང་ཚོའི་གནས་ཚུལ་མགྱོགས་མྱུར་ཁོང་དུ་ཆུད་པ་དང་དེ་རྗེས་ཀྱི་གྲོང་ཚོར་བཅའ་སྡོད་རོགས་སྐྱོར་ལས་དོན་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།དེ་དང་ཆབས་ཅིག་འགྲོ་འོང་ཡང་ཡང་བྱེད་པའི་ཁྲོད་གྲོང་མི་ཚོས་ཆ་རྒྱུས་མེད་པའི་ཕྱི་ནས་ཡོང་བའི་མི་དེར་རིམ་བཞིན་རྒྱུས་མངའ་ཡོད་པ་རེད།

ཇི་ལྟར་བྱས་ན་གྲོང་མི་ཕྱུག་འགྱུར་ཡོང་བའི་སྣེ་ཁྲིད་བྱེད་ཐུབ་བམ།ཇི་ལྟར་བྱས་ན་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་ཐུབ་བམ།གྲོང་ཚོ་ཡོངས་ཀྱི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་རྗེས་ལི་ཀྲི་པིན་དང་གྲོང་ཚོའི“ཨུ་ལྷན་གཉིས”དང་མཉམ་དུ་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་ཞིབ་འཇུག་ནན་ཏན་བྱས་ཏེ་མཐར་རྒྱལ་ཁབ་ཀྱི་སྲིད་ཇུས་དང་འབྲི་ཆུའི་ཆུ་འགོའི་གྲོང་ཚོའི་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ་ལྗང་མདོག་སྐྱེ་ལྡན་ནོར་ལུག་གི་ཤ་ལས་སྣོན་ཕྱིར་ཚོང་དང་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་གཏན་འཁེལ་བྱས་པ་རེད།

གྲོང་ཚོའི་ནོར་ལུག་གི་ཤ་ལས་སྣོན་ཐོན་ལས་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་ལི་ཀྲི་པིན་གྱིས་སྣེ་ཁྲིད་དེ་གདང་ལ་གྲོང་རྡལ་གྱི་འབྲོག་ལས་གྲོང་ཚོ་གཞན་དག་དང་འབྲི་ཆུའི་ཆུ་འགོ་གྲོང་ཚོ་དང་ཉོ་སྒྲུབ་གྲོས་མཐུན་བཞག་ནས་ནོར་ནག་དང་བོད་ལུག་བཤས་གཏོང་བའི་ཕྱིར་ཚོང་གནད་དོན་ཐག་གཅོད་བྱས་པས་ལེགས་ཆ་གསབ་རེས་དང་ཚོགས་པ་འཕེལ་རྒྱས་བཏང་ནས་ཐུན་མོང་ཐོག་ཕྱུག་འགྱུར་བྱུང་ཡོད།

“རི་སྟེང་གི་ནོར་ལུག་གི་ཤ་ཉོ་སྒྲུབ་བྱས་ནས་གྲོང་ཚོའི་ནང་གི་ནོར་ལུག་གི་ཤ་ལས་སྣོན་འཁོར་ཁང་དུ་ལས་སྣོན་བྱས་རྗེས་ཕྱི་ཕྱོགས་སུ་ཕྱིར་ཚོང་བྱས་པས།ཕྱོགས་གཅིག་ནས་གྲོང་མིའི་ལས་ཞུགས་ཀྱི་གནད་དོན་དང་གྲོང་ཚོའི་མཉམ་སྡེབ་འཕེལ་རྒྱས་ཀྱི་གནད་དོན་ཐག་གཅོད་ཐུབ་པ་དང་།ཕྱོགས་གཞན་ཞིག་ནས་གདང་ལ་གྲོང་རྡལ་གྱི་གྲོང་ཚོ་གཞན་དག་གི་ནོར་ལུག་ཕྱིར་ཚོང་གི་དཀའ་གནད་ཐག་གཅོད་ཐུབ་ཡོད།དེ་ལྟར་བྱས་ཚེ་ང་ཚོའི་གྲོང་ཚོའི་ཐོན་ལས་འཕེལ་རྒྱས་ཕྱིན་པ་མ་ཟད།ད་དུང་གྲོང་ཚོ་གཞན་དག་དྲུག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་ཡོད”ཅེས་ལི་ཀྲེ་པིན་གྱིས་བཤད།

ཚགས་ཤ་དང་ལུག་ཤའི་ཚོང་ལམ་དེ་བས་ལེགས་པའི་སྒོ་ནས་གཏོད་ཆེད།ལི་ཀྲི་པིན་དང་ལས་རོགས་ཚོས་དྲ་ཐོག་དང་དྲ་ཕྱི་ནས་དུས་གཅིག་ཏུ་ཕྱིར་ཚོང་བྱེད་པའི་ཐབས་ཇུས་སྤྱད་དེ་མཚོ་བོད་སྤུས་ལེགས་ཀྱི་དྲ་ཐོག་ཚོང་དོན་ལས་སྟེགས་དང་འབྲེལ་མཐུད་བྱས་ནས་མཉམ་ལས་གྲོས་མཐུན་བཞག་སྟེ་སྐྱེ་ལྡན་ནོར་ལུག་གི་ཤ་དྲ་ཐོག་ནས་ནང་སར་ཕྱིར་ཚོང་བྱས་པ་རེད།ན་ནིང་གྲོང་ཚོའི་མཉམ་སྡེབ་མ་དངུལ་སྒོར་ཁྲི་100ལྷག་ཙམ་བཏང་ནས་ནོར་ལུག་གི་ཤ་སྤྱི་རྒྱ་ཁྲི་3ལྷག་ཙམ་ཉོ་སྒྲུབ་བྱས་པར་ཁེ་སྤོགས་སྒོར་ཁྲི་20ལྷག་ཙམ་ཐོབ་ནས་གྲོང་མིའི་ངར་ཤུགས་ལ་སྐུལ་མ་ཆེན་པོ་ཐེབས་པ་མ་ཟད།འབྲི་ཆུའི་ཆུ་འགོའི་གྲོང་ཚོའི་ཞིང་འབྲོག་ཐོན་རྫས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་སྤུས་རྟགས་ཀྱི་ཕན་འབྲས་ཀྱང་ཆེ་རུ་ཕྱིན་ཡོད་པ་རེད།ཁོང་གིས་ད་དུང་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་ལྟེ་གནས་དང་ནོར་ལུག་གི་ཤ་ལས་སྣོན་རླངས་འཁོར་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་བརྩོན་ལེན་ཧུར་ཐག་བྱས་ཏེ་གདང་ལའི་ནོར་ནག་དང་བོད་ལུག་ལས་སྣོན་ཞིབ་ཚགས་བྱེད་པའི་ཆུ་ཚད་དང་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་བཏང་ཡོད།

དེ་དང་ཆབས་ཅིག་ལི་ཀྲི་པིན་དང་ལས་རོགས་ཚོས་ད་དུང་ལས་གཏོད་ཕུགས་འདུན་ཡོད་པའི་གྲོང་མིར་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཇུས་འགོད་ཧུར་ཐག་བྱས་ཏེ་གཟིགས་སྐྱོང་ཁ་གསབ་ཁག་རེ་ཞུ་བྱས་པ་དང་འབྲེལ་ཡོད་གཉེར་སྐྱོང་ལག་ཁྱེར་དང་འགྲོ་ལུགས་གཉེར་རོགས་བྱས་ནས་གྲོང་མིའི་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བ་བྱས་ཡོད།ད་ཆ་གྲོང་མི་ཉི་ཤར་ཁྱིམ་གྱི་གྱོན་ཆས་ཚོང་ཁང་དང་།སྐལ་བཟང་ཁྱིམ་གྱི་ཟ་ཁང་།ཨོ་རྒྱན་མེ་ཏོག་ཁྱིམ་བཅས་ཀྱི་མགྲོན་ཁང་གྲོང་ཚོར་ཁྱད་ལྡན་ཡུལ་སྐོར་ཐོན་ལས་ཁྲོམ་གཞུང་ཞིག་ལས་གཉེར་བྱས་པས་གྲོང་མིའི་ཡོང་འབབ་མང་དུ་ཕྱིན་པ་མ་ཟད།ད་དུང་འབྲི་ཆུའི་ཆུ་འགོའི་གྲོང་ཚོའི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ལ་གསོན་ཤུགས་ཀྱང་སྦྱིན་ཡོད།

“ཚོང་ཁང་འཛུགས་སྐབས་ཧྲུའུ་ཅི་ལི་ལགས་ཀྱིས་ང་ཚོ་མདུན་དུ་བསྐྱོད་རྗེས་རོགས་རམ་མང་པོ་གནང་བ་དང་ཁོང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཅེས་བཤད།

གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་དོན་འཁྱོལ་བྱུང་ཡོད་མོད།འོན་ཀྱང་ད་དུང་དཀའ་ངལ་ཡོད་པའི་མང་ཚོགས་ཁག་གཅིག་ལ་རོགས་སྐྱོར་དང་རོགས་སྐྱོབ་བྱེད་དགོས་ཀྱི་ཡོད།དེར་བརྟེན་ལི་ཀྲི་པིན་གྱིས་རྒྱུན་གཏན་གྱི་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད་དམངས་ཕན་སྲིད་ཇུས་ཁག་བྱང་ཆུབ་པར་ཁོང་དུ་ཆུད་པ་དང་འབྲེལ་སྲིད་ཇུས་ཡག་པོ་དེ་དག་ཞིབ་ཕྲའི་ལས་དོན་ཁྲོད་དོན་འཁྱོལ་བྱས་ཡོད།ཁོང་གིས་གྲོང་ཚོ་ཡོངས་དྲ་མིག་ཚོགས་ཆུང་བཞིར་དབྱེ་ནས་གཏོང་ཡོང་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ་དུད་ཚང་ལྔའི་ཡོང་འབབ་ཅུང་དམའ་བ་དང་འགྲོ་སོང་ཅུང་ཆེ་བའི་ཁྱིམ་ཚང་གཙོ་གནད་དོ་ཁུར་བྱ་ཡུལ་དུ་བརྩིས་ནས་དེར་གནས་སྐབས་རོགས་སྐྱོབ་དང་མ་མཐའི་འཚོ་བའི་འགན་ལེན་ཁྱོན་སྒོར་ཁྲི་8ལྷག་ཙམ་རེ་ཞུ་བྱེད་རོགས་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་བྱས་པ་རེད།

“གྲོང་ཚོར་བཅའ་སྡོད་ལས་དོན་ནི་རང་གནས་སུ་སྡོད་པ་ཙམ་མ་ཟད་དེ་བས་སེམས་ལ་བརྟན་པོ་འཆང་དགོས”ལི་ཀྲེ་པིན་གྱིས་ལྷག་བསམ་ཟོལ་མེད་ངང་གྲོང་མི་དང་གྲོགས་པོ་བསྒྲིགས་ནས་ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ལ་དཀའ་ངལ་དང་གནད་དོན་ཐག་གཅོད་བྱེད་རོགས་བྱ་རྒྱུ་ནི་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེན་ཡིན་པ་གསལ་པོ་ཤེས་ཀྱི་ཡོད།

གྲོང་ཚོར་བཅའ་སྡོད་བྱེད་རིང་།གྲོང་ཚོའི་ནང་གི་ནད་གཞི་ཚབས་ཆེན་གཉིས་ཀྱི་འགྱུར་མེད་འགྲོ་གྲོན་གྱི་ཁྱིམ་ཚང་གི་དཔལ་འབྱོར་ཁུར་པོ་ལྕི་པོ་ཡོད་པར་དམིགས་ནས་ལི་ཀྲི་པིན་གྱིས་དམངས་སྲིད་ཅུས་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་ཁོང་ཚོར་ནད་ཆེན་རོགས་སྐྱོབ་སོགས་རྒྱལ་ཁབ་ཀྱི་འགན་ལེན་སྲིད་ཇུས་རེ་ཞུ་བྱས་པའི་རྨང་གཞིའི་ཐོག་ད་དུང་ཁོང་ཚོར་ཞལ་འདེབས་སྒོར་ཁྲི་5.7བརྒྱབ་པར་གྲོང་ཚོའི་མིའི་གདེང་འཇོག་བཟང་པོ་ཐོབ་ཡོད།

ནད་གཞིས་རྐྱེན་པས་རོགས་སྐྱོར་ཐོབ་པའི་གྲོང་མི་བློ་བཟང་རྒྱ་མཚོས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ“ང་ལ་ནད་ཕོག་རིང་ཧྲུའུ་ཅི་ལི་དང་ཨུ་ཡོན་ཚོས་ང་ལ་ནད་གཞི་ཆེན་པོའི་རོགས་སྐྱོབ་རེ་ཞུ་བྱས་པ་དང་ཞལ་འདེབས་ཧུར་ཐག་བརྒྱབ་པས་ང་དཀའ་གནད་ལས་སྒྲོལ་ཐུབ་པ་བྱུང་བ་ནི་ཁོང་ཚོས་ང་ལ་འཚོ་བའི་ཡིད་ཆེས་སྦྱིན་པ་ཞིག་རེད”ཅེས་བཤད།

གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་རིང་ལི་ཀྲི་པིན་གྱིས་རྒྱལ་ཁབ་ཀྱི་གཙང་གསུམ་ཆུ་འགོའི་སྣོད་བཅུད་ཕྱུགས་བཀག་བྱ་དགའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་ནན་པོ་བྱས་ཏེ་སྔོ་འགྱུར་དང་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱ་སྤྱོད་སྤེལ་བ་དང་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་རྒྱུན་རྣམ་ཅན་གྱི་ལམ་སྲོལ་བཙུགས་པ་དང་འབྲེལ་གྲོང་སྡོད་ལས་དོན་རུ་ཁག་གི་སྣེ་ཁྲིད་དེ་མངགས་གཏོང་ཚན་པར་མ་དངུལ་སྒོར་ཁྲི་10ལྷག་ཙམ་བཏང་ནས་གྲོང་ཚོའི་རྒན་གསོ་ཁང་གི་སྒོ་མདུན་དང་།ནོར་ལུག་རྒྱགས་གསོའི་རྟེན་གཞི།གྲོང་ཚོའི་འགྲོ་ལམ།

ཟླ་6པའི་ཟླ་མཇུག་ཏུ་ལི་ཀྲི་པིན་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གྲོང་ཚོར་བཅའ་སྡོད་ལས་བྱེད་པར་བདམས་པ་རེད།མཚན་སྙན་གྱི་མདུན་དུ་ཁོང་གིས་ཁེངས་སྐྱུང་ངང་“ངས་བསྒྲུབ་དགོས་པའི་བྱ་བ་ཙམ་བསྒྲུབས་པ་ཡིན”ཞེས་བཤད།

ཟླ་7པ་ནས་8པའི་བར་གསར་དུ་མངགས་གཏོང་བྱས་པའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གྲོང་ཚོར་འབྱོར་ཐོ་འགོད་པར་བསྐྱོད་པ་དང་།ལི་ཀྲི་པིན་གྱིས་ལས་གནས་བརྟན་སྲུང་བྱས་ཏེ“རྒན་པས་གསར་པ་ཁྲིད”ཅེས་པའི་ངང་རྒྱུད་རིང་པོའི་སྒོ་ནས་ཁོང་ཚོར་ལས་ཀའི་བསམ་ཕྱོགས་གསལ་པོ་བཟོ་རོགས་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་ནང་མགྱོགས་མྱུར་ཞུགས་པ་རེད།

“གྲོང་ཚོ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་ཡིན་པར་ང་ཡིད་ཆེས་ཡོད།གྲོང་མིའི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་ངེས་རེད”གྲོང་ཚོར་བཅའ་སྡོད་ལས་འགན་ལེགས་སྒྲུབ་བྱས་ནས་དེ་སྔའི་ཚན་པར་མ་ལོག་གོང་ལི་ཀྲི་པིན་གྱིས་འབྲི་ཆུའི་ཆུ་འགོ་གྲོང་ཚོར་སྨོན་འདུན་ཟབ་མོ་ཞུས་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།