རང་རེའི་དྲ་བའི་འཕྲིན། ཀྲུང་གུང་མཚོ་སྔོན་ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་རྗེས་ཞིང་ཆེན་སྲིད་གྲོས་ཀྱིས་འཕྲལ་དུ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་ནན་ཏན་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཞིང་ཆེན་སྲིད་གྲོས་ཀྱི་ལོ་འཁོར་ལས་དོན་གྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་སློབ་སྦྱོང་གི་ནང་དོན་ནང་བཅུག་སྟེ་མི་དམངས་སྲིད་གྲོས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་སློབ་སྦྱོང་གཏིང་ཟབ་བྱ་དགོས།
སློབ་སྦྱོང་ལ་མཐོང་ཆེན་དང་།བསམ་བློའི་ངོས་འཛིན་ཟབ་སྤེལ་བྱེད་པ།
ཤེས་མཁན་གྱིས་ལག་ལེན་བྱེད་འགོ་ཚུགས་པ་དང་།སློབ་སྦྱོང་དམ་འཛིན་བྱ་རྒྱུ་ནི་དོན་འཁྱོལ་དམ་འཛིན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན།
“སློབ་སྦྱོང་ལྔ་”ཡི་བྱེད་སྟངས་དང་།“སློབ་སྦྱོང་གཉིས་དང་རྒྱ་སྐྱེད་གཉིས་”“ཁྱབ་པ་གཉིས་”ཀྱི་སློབ་སྦྱོང་ལམ་སྲོལ་སོགས་ཞིང་ཆེན་སྲིད་གྲོས་ཀྱིས་སློབ་སྦྱོང་བྱེད་སྟངས་ཕུན་སུམ་ཚོགས་པོ་གསར་གཏོད་བྱས་པས།ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་སྔར་བས་གཏིང་ཟབ་དང་ཁྱོན་ཡོངས་སུ་ཕྱིན་ཡོད།
བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ་དང་ཟུང་འབྲེལ་བྱས་ཏེ་ཞིང་ཆེན་སྲིད་གྲོས་ཀྱིས“ལྟེ་བའི་ཚོགས་ཆུང་དང་ལས་ཁུངས་ཀྱི་ཏང་ཙུའུ+ཆེད་དོན་ཨུ་ལྷན་གྱི་ཡན་ལག་ཏང་ཙུའུ+ཏང་ཀྲི་པུའུ་དང་ཏང་ཡོན་མི་སྒེར་བཅས་ཟུང་དུ་འབྲེལ་བའི་མཉམ་སྦྱོང་མ་ལག་བཙུགས་ནས་འགོ་ཁྲིད་ཀྱིས་སློབ་སྦྱོང་དང་།མི་སྒེར་གྱི་རང་སྦྱོང་།མཉམ་སྡེབ་ཞིབ་འཇུག་སློབ་སྦྱོང་།རིགས་གཅིག་མཁས་ཅན་སློབ་ཁྲིད།ཀྲི་པུའུ་ཡིས་མཉམ་དུ་སློབ་སྦྱོང་བཅས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཀྱིས་སྤྱད་དེ་ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དེའི་ནང་ཁྱབ་པ་བྱས་ཏེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་ནས་རིམ་དབྱེ་སྐུལ་འདེད་དང་།“སློབ་སྦྱོང་གཉིས་དང་རྒྱ་སྐྱེད་གཉིས”དང“ཁྱབ་པ་གཉིས”ཀྱི་སློབ་སྦྱོང་ལམ་སྲོལ་ནི་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཏང་ཙུའུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཀྱི་ཁོངས་མི་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ནང་ཞུགས་པ་མ་ཟད།ལས་ཁུངས་ཏང་ཙུའུ་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་སྒྲིག་འཛུགས་བྱས་ནས་སློབ་སྦྱོང་ནང་དོན་ཐད་སློབ་སྦྱོང་གཉིས་བྱེད་ཐུབ་པ་བྱུང་ཡོད།ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཁྱབ་ཁོངས་ལས་ཁུངས་ཏང་ཙུའུ་དང་ཆེད་དོན་ཨུ་ལྷན་གྱི་ཡན་ལག་ཏང་ཙུའུ་ཡི་ཁོངས་མིར་རྒྱ་བསྐྱེད་བཏང་བས་ཐིང་རིམ་པའི་འགོ་ཁྲིད་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་ཡོད།ལས་ཁུངས་ཏང་ཙུའུ་ལྟེ་བའི་ཚོགས་ཆུང་གིས་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཁྲུའུ་ཡི་འགན་འཁུར་བ་སློབ་སྦྱོང་ཁྱབ་ཁོངས་ནང་བཅུག་ནས་ལས་བྱེད་པ་ཚང་མར་ཁྱབ་པ་བྱས་ཡོད།
ཉེ་སྔོན། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ཏང་ཙུའུ་ཡིས“ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་པོ་ཡོང་བ་བྱེད་དགོས”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་།ལས་ཁུངས་ཀྱི་ཏང་ཙུའི་ཁོངས་མི་དང་ཏང་ཀྲི་པུའི་ཧྲུའུ་ཅི་ཁག་གཅིག་གིས“ངོས་འཛིན་གསལ་པོ་མེད་པ་བཞི”དང“ང་ནི་རིགས་གང་གི་ལས་བྱེད་པ་ཡིན་པར་བསམ་བློ་གཏོང་དགོས”ཞེས་པའི་ཆེད་དོན་ལ་དམིགས་ནས་བགྲོ་གླེང་སྤེལ་རེས་བྱས་པ་རེད།ཞིབ་བསྡུར་དང་སྤེལ་རེས་བྱས་པ་བརྒྱུད་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་བསམ་བློའི་ཐད་ཀྱི་ནོར་འཁྲུལ་སྔར་བས་ལེགས་བཅོས་བྱས་ཏེ་བསམ་བློ་དང་སེམས་ཤུགས་དེ་ལས་ཀ་བྱེད་འདོད་པ་དང་།ལས་ཀ་བྱེད་ཕོད་པ།ལས་ཀ་བྱེད་ཤེས་པ་བཅས་ཀྱི་ཐོག་ཏུ་སྤྱད་དེ་ཏང་ཡོན་ལས་བྱེད་པས་འགན་འཁུར་ཕོད་པ་དང་ལས་ཀ་བྱེད་མཁས་པོ་བྱེད་པར་སྒྲིག་འཛུགས་དང་སྣེ་ཁྲིད་བྱས་ཏེ་སྲིད་གྲོས་ཀྱི་བྱ་གཞག་སྤུར་ལེགས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བྱས།
“ཞིང་ཨུད་ཚང་འཛོམས་གྲོས་ཚོགས་ཀྱིས་ང་ཚོར་དངོས་སྒྲུབ་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་པ་དང་།དངོས་སྒྲུབ་ཀྱི་གཙོ་གནད་ཁ་གསལ་བཟོས་པ།དངོས་སྒྲུབ་ཀྱི་སྒུལ་ཤུགས་འཕེལ་བ་བཅས་བྱས་ཡོད།ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་ནང་དོན་དང་ངོ་བོར་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཡང་དག་ལེན་པ་དང་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ནང་རང་འགུལ་ངང་ཞུགས་པ་དང་།དངོས་སྒྲུབ་དང་བྱས་རྗེས་འཇོག་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་རྩོམ་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས”ཞིང་ཆེན་སྲིད་གྲོས་དཔལ་འབྱོར་ཨུ་ལྷན་གཞུང་དོན་ཁང་གི་ཀྲུའུ་རེན་ཀྲའོ་ཁྲང་ཧྲེང་གིས་སྲིད་གྲོས་ལས་ཁུངས་ཀྱི་ལས་དོན་མི་སྣ་ཞིག་ཡིན་པའི་ངོས་ནས་ཆབ་སྲིད་ཀྱི་ལངས་གནས་སྔར་བས་མཐོ་རུ་གཏོང་བ་དང་།བདེན་འཚོལ་དངོས་སྒྲུབ་ཀྱི་གཤིས་རྒྱུད་སྦྱོང་བརྡར།དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་དར་སྤེལ་བཅས་བྱས་ཏེ“སྒྲུབ་འདོད་པ་དང་།སྒྲུབ་ཕོད་པ།སྒྲུབ་ཤེས་པའི”ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་ཆེ་རུ་གཏོང་རྒྱུ་དགོས།
“ཞིང་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ལེན་རིང་ང་ཚོས་ཆེད་དོན་སློབ་སྦྱོང་དང་བགྲོ་གླེང་བྱས་པ་དང་།ཏང་ཡོན་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་སློབ་སྦྱོང་དང་སྣེ་ཁྲིད་གཏམ་བཤད་བྱས་པ།ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་སྤེལ་རེས་དང་ཞིབ་བསྡུར་ནན་ཏན་བྱ་རྒྱུར་སྣེ་ཁྲིད་དང་སྐུལ་ཁྲིད་བྱས་པས་ཁྲུའུ་རིམ་པ་ཡན་གྱི་སློབ་མའི་ཞིབ་བསྡུར་གཏམ་བཤད་ཀྱི‘ཁྱོན་ཡོངས་ལ་ཁྱབ་པ’མངོན་འགྱུར་བྱུང་ཡོད།གཞོན་ནུ་ཚོར་དམིགས་ནས་ང་ཚོས་གཞོན་ནུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ཞིབ་བསྡུར་སྒྲིག་འཛུགས་བྱས་པ་བརྒྱུད་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་འགན་འཁུར་ཕོད་པ་དང་།ལས་དོན་སྒྲུབ་མཁས་པ།ཞིང་ཆེན་སྲིད་གྲོས་ལས་ཁུངས་ཏང་ཨུད་ཀྱི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་པའོ་ཀོང་ལིན་གྱིས་ངོ་སྤྲོད་བྱས།
འགན་འཁྲི་འཁུར་ཕོད་པ་དང་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ།
“ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་རང་རྟོགས་ངང་བརྟེན་ནས་སེམས་ནུས་བླ་སྲོག་གཏོད་པ་དང་།ལག་ལེན་ལ་མཛུབ་ཁྲིད།ལས་དོན་ལ་སྐུལ་འདེད་བཅས་བྱས་ཏེ‘གཏན་འཁེལ་གཉིས’ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གོ་བ་གཏིང་ཟབ་ལེན་པ་དང་།‘སྲུང་སྐྱོང་གཉིས’མཐའ་གཅིག་ཏུ་བྱེད་ཐུབ་པ་བྱེད་དགོས།རང་ཉིད་ལ་བླང་བྱ་ནན་པོ་འདོན་པ་དང་།གཉེན་ཉེ་དང་ཉེ་འགྲམ་གྱི་ལས་དོན་མི་སྣར་དོ་དམ་ཡག་པོ་བྱེད་དགོས་ལ།འགན་འཁྲི་ནན་པོ་འཁུར་བ་དང་།འགན་འཁྲི་འཁུར་ཕོད་པ།འགན་འཁྲི་གཙང་སྒྲུབ་ནན་ཏན་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་གསལ་བཤད་ཀྱང་བྱེད་དགོས”སློབ་སྦྱོང་དང་ཞིབ་བསྡུར་བྱས་པ་བརྒྱུད་ཞིང་ཆེན་སྲིད་གྲོས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ཧུའུ་ཞའོ་ཧྥུང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྔར་བས་ངོས་འཛིན་གཏིང་ཟབ་བྱུང་ཡོད།
རིགས་པའི་གཞུང་ལུགས་སྟོབས་ཆེ་ན་ཁ་ཕྱོགས་གསལ།ཞིང་ཆེན་སྲིད་གྲོས་ཀྱིས“གྲོས་གཞི་དང་པོའི”ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱ་རྒྱུ་དང་ཟུང་འབྲེལ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་བླང་བྱ་གལ་ཆེན་དང་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་ཁྲོད་ནས་ཆོས་ཉིད་རྟོགས་པ་དང་།ཁ་ཕྱོགས་གསལ་སྟོན།བྱེད་ཐབས་སློབ་སྦྱོང་།བློ་གྲོས་འཕེལ་བ་བཅས་བྱས་ཏེ་ཆབ་སྲིད་ཀྱི་ནུས་པ་དང་།བསམ་གཞིགས་ནུས་པ།ལག་ལེན་ནུས་པ་བཅས་ཆེ་རུ་བཏང་ཡོད།ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས།“ལས་ཁུངས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པ་མ་ཟད།ང་ཚོས་གཞི་རིམ་སྲིད་གྲོས་ཀྱི་ལས་དོན་ལ་འབྲེལ་གཏུག་དང་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།མི་དམངས་སྲིད་གྲོས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་བྱེད་ཁྱོན་ཆེ་རུ་གཏོང་བ།སྲིད་གྲོས་ཨུ་ཡོན་དང་གཞི་རིམ་སྲིད་གྲོས་རྩ་འཛུགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བཅས་བྱ་རྒྱུ་ཡིན།ང་ཚོས་ད་དུང་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་སོགས་འཚོགས་པ་བརྒྱུད་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ལས་དོན་གྱི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་ཧུར་ཐག་གཏོང་རྒྱུ་ཡིན”ཅེས་ཞིང་ཆེན་སྲིད་གྲོས་གཞུང་དོན་ཐིང་དྲུང་ཡིག་ཁྲུའི་ཁྲུའུ་ཀྲང་ཀུའོ་ཧྲོའུ་ཅུན་གྱིས་བཤད།
ལས་ཁུངས་ཀྱི་ཏང་ལེགས་སྐྱོང་བྱ་རྒྱུ་ནི་ལས་ཁུངས་ལེགས་སྐྱོང་བྱེད་པའི་རྩ་བའི་འགན་ལེན་ཡིན།ཏང་འཛུགས་སྐྱོང་དང་།ཏང་སྲོལ་སྲིད་གཙང་།འདུ་ཤེས་འཛིན་སྟངས་བཅས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་།སྤྱོད་ཚུལ་གྱི་མངོན་གསལ་དོད་པའི་གནད་དོན་དག་ཐེར་ལ་དམ་འཛིན་ནན་པོ་བྱེད་པ།“ཏང་འཛུགས་སྐྱོང་དང་འགན་འཁྲི་སྒྲུབ་པའི”སྤུས་རྟགས་རྒྱུན་མཐུད་ངང་གཏོད་པ།ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་གཏིང་ཟབ་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།སྤུར་ལེགས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྲིད་གྲོས་ཀྱི་ལས་དོན་ཁག་སྤུར་ལེགས་འཕེལ་རྒྱས་འགན་འཁྲི་སྒྲུབ་པའི་ལས་དོན་གྱི་བླང་བྱ་གསར་པར་དམ་པོར་དམིགས་ནས་《ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》དང་།《ཞིང་ཆེན་སྲིད་གྲོས་རྩ་འཛུགས་ཀྱིས་ཆེད་དོན་ཞིབ་འཇུག་ལས་དོན་སྤེལ་ཐབས》《ཞིང་ཆེན་སྲིད་གྲོས་ཀྱིས་གཟིགས་ཞིབ་དང་རྟོག་ཞིབ་དང་བརྟག་ཞིབ་བྱེད་པའི་འབྲེལ་ཡོད་རྩ་འཛུགས་མཐུན་སྦྱོར་ལས་ཀའི་བྱ་ཐབས》སོགས་ལམ་ལུགས་རང་བཞིན་གྱི་ཡིག་ཆ་མང་པོ་གཏན་འབེབས་བྱེད་བཞིན་ཡོད།
ལས་དོན་སྒྲུབ་པར་མཁས་ཤིང་འགན་འཁྲི་སྒྲུབ་པའི་ཕན་འབྲས་ཆེ་རུ་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན།འགན་འཁྲི་འཁུར་བ་དང་དམ་པ་དོན་གཉེར་བྱེད་པར་དང་ཐོག་མིག་སྔའི་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས།ཞིང་ཆེན་སྲིད་གྲོས་ཀྱིས་མཚོ་སྔོན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དང་ཞིང་ཨུད་ཀྱི་བཀོད་སྒྲིག་ལ་དམ་པོར་དམིགས་ནས་སྤུར་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་དང་།ཞིང་ཆེན་གྱི་གནས་ཚུལ་ངེས་གནས་ལ་གཞི་ཚུགས་པ།“རྒྱལ་ཁབ་ཆེ་ཤོས”ཀྱི་ཆབ་སྲིད་འགན་འཁྲི་བརྟན་པོ་འཁུར་བ།ཟུང་འབྲེལ་བྱེད་གནས་དང་འཇུག་སྒོ་གནད་ལ་འཁེལ་བར་འཚོལ་བ།གྲོས་མོལ་སྲིད་གླེང་སྒྲིག་འཛུགས་ཞིབ་ཚགས་བཅས་བྱས་ཏེ་བརྟག་ཞིབ་གྲུབ་འབྲས་དེ་སྤུར་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་གི་གནད་དོན་ཐག་གཅོད་ལ་དངོས་ཡོད་ཕན་འབྲས་བླངས།
སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད། མཚོ་སྔོན་གྱི་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུར་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ནས་ཆེད་དོན་སྲིད་མོལ་རང་བཞིན་གྱི་རྒྱུན་ལས་ཨུ་ལྷན་འཚོགས་པ་དང་།ཚོགས་འདུ་ལས་གྲུབ་པའི《སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་གནས་ཚུལ་སྐོར་གྱི་སྙན་ཞུ》ལ་ཞིང་ཆེན་ཏང་ཨུའི་ཁས་ལེན་ཐོབ་ཡོད།“རྨ་ཆུའི་ཆུ་བོ་མཚོ་སྔོན་དུ་ཡོང་བ་སྟེ།རྨ་ཆུའི་རྒྱུད་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས)སྲིད་གྲོས་ཀྱི་ཡིག་རིས་སྤུས་ལེགས་མཉམ་འགྲེམས་”བྱེད་སྒོ་གྲུབ་འབྲས་ཐོབ་པའི་ངང་སྤེལ་ནས་རིམ་པ་དེ་བས་མཐོ་བ་དང་ཁྱབ་ཁོངས་དེ་བས་ཆེ་བའི་ཐོག་ནས་མཚོ་སྔོན་གྱི་རྨ་ཆུ་རྒྱུག་ཁུལ་གྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་མངོན་པར་བྱས་པ་དང་།མཚོ་སྔོན་གྱི་རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ནུས་ལྡན་ངང་མངོན་ཡོད།སྤུར་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད།ཚྭ་མཚེའུ་ཐོན་ལས་ཀྱི་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་དང་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་སྔར་བས་ཆེ་རུ་གཏོང་རྒྱུར་དམིགས་ནས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་སྣ་མང་ནུས་གསོག་མ་ལག་འཛུགས་སྐྱོང་མགྱོགས་སུ་གཏོང་རྒྱུ་སོགས་ཀྱི་གྲོས་གཞིར་དམིགས་ནས་ཆེད་དོན་གྲོས་མོལ་བྱས་ཡོད།གཉེར་བའི་ནུབ་བྱང་ཞིང་ཆེན(རང་སྐྱོང་ལྗོངས)ལྔས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་གྱི་མཉམ་འབྲེལ་ཚོགས་འདུ་ཐེངས་བཞི་པར་གཞོགས་འདེགས་བྱས་ནས་མཚོ་སྔོན་གྱི་སྤུར་ལེགས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་མཚོ་སྔོན་རྒྱལ་ཁབ་ཀྱི་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་ནང་དེ་བས་ལེགས་པའི་ངང་ཞུགས་རྒྱུར་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་བཏོན་ཡོད།མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ཐད།“ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལག་ལེན་ཅན་དང་།ཞིབ་ཕྲ།གཟུགས་བརྙན་ཅན་བཅས་བརྟན་དུ་གཏོང་བའི”ཨུ་ཡོན་གྱི་འགན་འཁྲི་སྒྲུབ་པའི་བྱེད་སྒོ་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་སྔར་བས་ཡག་པོ་སྐྲུན་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད།དམངས་འཚོ་ལེགས་གཏོང་དང་འགན་ལེན་ལ་སྐུལ་འདེད་གཏོང་བའི་ཐད་དམངས་གཙོའི་ལྟ་སྐུལ་དང་།ཟླ་གཉིས་གྲོས་མོལ།ཁ་གཏད་གྲོས་མོལ་སོགས་ཀྱི་རྣམ་པ་ཕྱོགས་བསྡུས་སྤྱད་དེ་ལུས་གསོའི་གསོ་རིག་རྟེན་གཞི་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་།མཐོ་རིམ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་ཞུགས་ལས་དོན་ལ་སྐུལ་འདེད་གཏོང་བ།སྡེ་ལས་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ་སོགས་དམངས་ཀྱི་ཅི་འདོད་བསམ་པ་དང་འཕྲད་པའི་གནད་དོན་ཐག་གཅོད་བྱ་དགོས།
“ང་ཚོས་མི་དམངས་སྲིད་གྲོས་ལས་དོན་གྱི་ལས་འགན་གསར་པ་དང་ལས་འགན་གསར་པར་དམིགས་པ་དང་ཞིང་ཨུད་ཚང་འཛོམས་གྲོས་ཚོགས་ཀྱིས་བཀོད་སྒྲིག་བྱས་པའི་ལས་འགན་གཞིར་བཟུང་སློབ་སྦྱོང་ནན་ཏན་དང་།གོ་བ་གཏིང་ཟབ་ལེན་པ།འགན་འཁྲིར་ཤུགས་སྣོན།དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ་གྲོས་མོལ་སྲིད་གླེང་གཙོ་གནད་དུ་བྱས་པའི་ལས་དོན་ཁག་དམ་འཛིན་ཏན་ཏིག་དང་ཕན་འབྲས་ཐོན་པར་དམ་འཛིན་བྱས་ནས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྲིད་གྲོས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་ཞིང་ཆེན་སྲིད་གྲོས་གཞུང་དོན་ཐིང་གི་ཀྲུའུ་རེན་གཞོན་པ་ཏེང་ཧྲེང་ཕུང་གིས་བཤད།
ལོ་ཙཱ་བ། ལྷ་ཆེན་རྒྱལ།
རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།