རང་རེའི་དྲ་བའི་འཕྲིན།“ཁྱེད་སྤུན་ཟླ་གཉིས་ཁྱིམ་ཚང་གཅིག་གི་མི་ཡིན་པས། འདི་འདྲའི་འུར་བརྒྱབ་ན་དོན་སྙིང་ཡོད་དམ”དོ་བདག་གིས་སྐད་ཆ་བཤད་པར་མ་སྒུག་པར། བར་འདུམ་པས་ལག་པ་བྲང་ཁར་རྡེབ་པའི་ལག་བརྡ་ཞིག་བསྟན་བྱུང་།“སྒོར་བརྒྱ་ཕྲག་འགའ་འདི་ངས་སྟེར། ཁྱོད་ཚོས་འུར་མ་རྒྱག”།
དོ་བདག་ཧོན་ཐོར་ནས་སྐར་ཆ་འགའ་འགོར་རྗེས།“ཡང་མིན་ན། སུས་ལས་ཀ་ག་ཚོད་བྱས་ཀྱང་སུས་ཉུང་ན།ངེད་གཉིས་ཀྱིས་སྒོར་མོ་འདི་ཆ་སྙོམས་བྱས་ནས་བགོ་ཆོག”ཅེས་བཤད།དེ་ལྟར་སྤུན་ཟླ་མཉམ་དུ་ཚོང་རྒྱག་པ་ལས་བྱུང་བའི་དཔལ་འབྱོར་རྩོད་གཞི་འདུམ་འགྲིག་པས་རང་འགུལ་ངང་དོན་དག་སྒྲུབ་རྗེས་བདེ་བླག་ངང་ཐག་གཅོད་བྱས་པ་རེད།
ལོ་60ལ་སླེབས་པའི་ལམ་མཐོང་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུར་ལམ་རྫོང་ཤང་རི་ཏེ་གྲོང་རྡལ་ཏུང་ཧྲན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་མི་དམངས་འདུམ་འགྲིག་པ་གཅིག་ལྕོགས་རེད།2011ལོར་ཁོང་མི་དམངས་འདུམ་འགྲིག་པའི་གཟི་བརྗིད་ལྡན་ལ་འགན་འཁྲི་ལྕི་བའི་དཔུང་ཁག་འདིའི་ནང་ཞུགས་པ་དང་ལོ་དེར་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་འདུམ་འགྲིག་བཅའ་ཁྲིམས》དངོས་སུ་ལག་བསྟར་བྱས་པའི་ལོ་དང་པོ་དེ་རེད།
གྲོང་མིའི་འགལ་ཟླ་དང་རྩོད་གཞི་སེལ་བའི“འགོག་སྲུང་འཛིང་རགས་དང་པོ”ཞིག་ཡིན་པའི་ངོས་ནས་ལོ་10ལྷག་ཙམ་རིང་།བློ་རྩེ་གཅིག་སྒྲིམ་གྱིས་“ཁྱིམ་ཚང་སྟོང་གི་མདུད་པ”སེལ་བ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་མང་ཚོགས་ཀྱི་ཡིད་ཆེས་དང་བསྔགས་བརྗོད་ཐོབ་པ་དང་།འགལ་བ་དང་རྩོད་གཞི་སྣ་ཚོགས་བརྒྱ་ཙམ་བདེ་བླག་ངང་འདུམ་འགྲིག་བྱས་པ།འདུམ་འགྲིག་ལེགས་གྲུབ་བྱུང་ཚད་95%ཡན་ཟིན་པ་མ་ཟད།2016ལོའི་མཚོ་ནུབ་ཁུལ་ཡི“མི་རིགས་མཐུན་སྒྲིལ་དཔེ་བཟང་མི་སྒེར”དང་།2017ལོའི“ཤང་ཏེ་གྲོང་རྡལ་གྱི་ཕུལ་བྱུང་འདུམ་འགྲིག་ཨུ་ཡོན”2020ལོར“རྒྱལ་ཡོངས་ཀྱི་དཔེ་བཟང་མི་དམངས་འདུམ་འགྲིག་པའི”མཚན་སྙན་ཐོབ་པ།
མང་ཚོགས་དོན་དག་དོན་ཆུང་མིན།
ཏུང་ཧྲན་གྲོང་ཚོའི་ཧྲེ་གསུམ་པའི་བཟའ་ཟླ་གཉིས་ཀྱིས་མཉམ་དུ་ལོ་དགུ་འཚོ་བ་བསྐྱལ་བ་དང་བུ་མོ་གཅིག་གསོ་སྐྱོང་བྱས་ཡོད།2017ལོར་ཕྱི་ཕྱོགས་སུ་ལས་ཀ་བྱེད་མཁན་གྱི་བཟའ་ཟླའི་གཟུགས་པོ་མི་བདེ་བའི་ཚོར་སྣང་བྱུང་ནས་ཟི་ལིང་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་པར་བསྐྱོད་དེ་བརྟག་དཔྱད་བྱས་པ་བརྒྱུད་གཅིན་དུག་ནད་ཕོག་པ་གཏན་འཁེལ་བྱས་པ་རེད།གློ་བུར་དུ་བྱུང་བའི་རྐྱེན་གྱིས་ཁྱིམ་གྱི་གསོག་དངུལ་ཚང་མ་སྤྱད་ཚར་བ་དང་རྗེས་མཐུད་སྨན་བཅོས་འགྲོ་གྲོན་མང་པོ་ཞིག་གིས་བཟའ་ཟླའི་ཁུར་པོ་ལྕི་པོ་འཁུར་ནས་ཁ་རོག་གེར་བཟའ་ཟླ་དང་ཁ་བྲལ་ཏེ་ཤང་རི་ཏེ་གྲོང་རྡལ་དུ་ལོག་པ་རེད།
“ནད་ཡམས”ཀྱི་མདུན་དུ་བཟའ་ཟླས་ཕ་མ་དང་གཉེན་ཉེ་དང་གྲོགས་པོ་ཚོར་དངུལ་གཡར་ནས་མུ་མཐུད་སྨན་བཅོས་བྱེད་དགོས་ཀྱི་ཡོད།2018ལོར་བཟའ་ཟླ་ཏུང་ཧྲན་གྲོང་ཚོའི་མི་དམངས་འདུམ་འགྲིག་ཨུ་ལྷན་དུ་བསྐྱོད་དེ་ཨུ་ཡོན་ལྷན་ཁང་ལ་འདུམ་འགྲིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།ཁང་པའི་ནང་བར་འདུམ་བྱེད་སྐབས་ངོ་ཐུག་མ་ཐག་པའི་བཟའ་ཟླ་གཉིས་ཀྱིས་སེམས་འགུལ་ཐེབས་པ་དང་།ཁ་ལྕེ་ཡང་ཡང་བརྒྱབ་རྗེས་རྣམ་པ་རེ་ཞིག་ཚོད་འཛིན་བྱེད་མ་ཐུབ།གནས་ཚུལ་ལ་བལྟས་ནས་མི་འགྲིག་པ་མཐོང་ནས་མྱུར་དུ་ཁོ་གཉིས་འདུམ་འགྲིག་ཁང་ནས་རེ་རེ་བཞིན་བར་འདུམ་བྱས།མཐར་ཆུང་མས་རང་ཉིད་ཀྱི་ནོར་འཁྲུལ་ངོས་ཟིན་ནས་སྨན་བཅོས་ཀྱི་འགྲོ་གྲོན་ཁ་ཤས་འཁུར་རྒྱུར་འཐད་པ་བྱུང་།
ཡུན་རིང་མ་འགོར་བར་ཁྱོ་ག་ནད་ཀྱིས་མནར་ནས་ཚེ་ལས་འདས་པ་དང་།བཟའ་ཟླས་དེ་སྔོན་སྨན་བཅོས་ཀྱི་འགྲོ་གྲོན་ཁ་ཤས་སྤྲོད་རྒྱུ་ཁས་བླངས་ཀྱང་མ་སྤྲད་པར་བརྟེན།ཁྱོ་གའི་ཕ་མ་གཉིས་ཡང་བསྐྱར་འདུམ་འགྲིག་ཨུ་ཡོན་ལྷན་ཁང་དུ་སོང་ནས་གནས་ཚུལ་ཞུས་ཏེ་དེ་སྔོན་ཁས་བླངས་པའི་སྨན་བཅོས་ཀྱི་འགྲོ་གྲོན་སྤྲོད་དགོས་པའི་རེ་བ་བཏོན།
“མི་ཤི་ཡང་དོམ་སྟེར་དགོས”ཞེས་ཤོད་ཀྱི་ཡོད།ཁས་ལེན་བྱས་པའི་བྱ་བ་ཡིན་ཕྱིན་ངེས་པར་དུ་སྒྲུབ་ཐུབ་པ་བྱེད་དགོས་པ་དང་།མི་ཞིག་བྱེད་པར་ཡིད་ཆེས་དང་སྙན་གྲགས་ལ་སྣང་ཆེན་བྱེད་དགོས།སྐད་ཆ་མང་པོ་ཞིག་མཐོང་རྗེས་ཆུང་མར་ངོ་ཚ་ཆེན་པོ་སྐྱེས་སུ་བཅུག་ནས་འཕྲལ་མར་སྒྱུག་མོ་ཁྲིད་དེ་དངུལ་ཁང་དུ་སོང་།
“འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་གི་ལས་དོན་རྙོག་འཛིང་ཆེ་ལ་རྙོག་འཛིང་ཆེ་བ་དང་།རྟག་ཏུ་ཁྱིམ་བདག་ཐུང་ལ་ཕྲག་པར་ཉི་ཟླ་ཕྲག་ཏུ་འཁུར་བའི”གནས་ཚུལ་ཐོན་གྱི་ཡོད།ཏའོ་ཅན་གྱིས་གྲོང་གསེབ་ཏུ་འགལ་བ་དང་རྩོད་གཞི་མང་པོ་ཞིག་ནི་དོན་དག་ཆུང་ཆུང་ཞིག་ཡིན་མོད།འོན་ཀྱང་དོན་དག་ཆུང་ཆུང་མང་པོ་ཞིག་གསོག་འཇོག་བྱས་ཚེ་སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་ལ་གནོད་པའི་བདེ་འཇགས་ལ་གནོད་པའི་རྒྱུ་རྐྱེན་དུ་འགྱུར་སྲིད།དེ་བས་ཁོས་དུས་རྒྱུན་གྱི་བར་འདུམ་བྱ་བའི་ཁྲོད་དུ།“མང་ཚོགས་ལ་དོན་དག་ཆུང་ཆུང་མེད་པའི”རྣམ་འགྱུར་བཟུང་ནས།དུས་ཚོད་དང་སེམས་ཤུགས་མང་པོ་བཀོལ་ནས་འགལ་བ་དང་རྩོད་གཞི་རེ་རེ་ཐག་གཅོད་བྱས།
བྱ་བ་རྙོག་དྲ་ཆེན་པོ་མེད་ཀྱང་སེམས་ཤུགས་འདོན་དགོས།
འདུམ་འགྲིག་ལས་དོན་སྤེལ་བ་ནས་བཟུང་།མི་དམངས་འདུམ་འགྲིག་པ་ནི་གྲོང་གསེབ་ཀྱི་སྤྱི་ཚོགས་འབྲེལ་བའི་“བརྟན་ལྷིང་རྫས་”ཡིན་པ་དང་།དོན་གཉེར་བྱེད་པ་ནི་དོན་དག་ག་ཚོད་འདུམ་འགྲིག་བྱས་པ་མིན་པར་དོན་དངོས་རང་བཞིན་གྱིས་གནད་དོན་ག་ཚོད་ཐག་གཅོད་བྱས་ཡོད།
འདི་ལོའི་ཟླ་5པའི་ཟླ་སྟོད་དུ་གྲོང་མི་ཀྲང་ཐོན་ཁ་བས་རང་ཁྱིམ་གྱི་ཞིང་ནང་དུ་ཆུ་གཏོང་སྐབས་ས་ཞིང་གི་ཆུ་འདོན་སར་ཐག་གཅོད་ཡག་པོ་མ་བྱས་པའི་རྐྱེན་གྱིས་གྲོང་མི་མགོན་པོ་ཚེ་བརྟན་གྱིས་བཏབ་པའི་ནས་ཞིང་རྣམས་བསྣུབས་པ་དང་རྒྱ་ཁྱོན་སྤྱི་ཆིང་གཅིག་ཙམ་བསྣུབས་པས་གྱོང་གུན་ངེས་ཅན་ཞིག་བཟོས་ཡོད།
ཆུས་བསྣུབས་པའི་རྨོ་ཞིང་ལ་གུན་གསབ་བྱེད་ཐབས་བྲལ་བས་བསྐྱར་དུ་འདེབས་དགོས་པས་མགོན་པོ་ཚེ་བརྟན་གྱིས་གྲོང་ཚོའི་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གིས་བར་འདུམ་བྱས་ཏེ་རྡོ་རྗེ་ཁ་བ་ལ་དཔལ་འབྱོར་གྱི་སྐྱིན་ཚབ་སྤྲོད་དགོས་པའི་རེ་བ་བཏོན།
དོན་དག་རྙོག་འཛིང་ཆེན་པོ་མེད།གནས་ཚུལ་དངོས་ཤེས་རྗེས་ལས་རོགས་དང་མཉམ་དུ་མགོན་པོ་ཚེ་བརྟན་གྱི་ཁྱིམ་དུ་བསྐྱོད་དེ་གྱོང་གུན་ཕོག་པའི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་དཔྱད་དཔོག་ཐེངས་མང་བྱས་པ་བརྒྱུད་ཀྲང་ཐོན་ཁ་བས་མགོན་པོ་ཚེ་བརྟན་ལ་གྱོང་གུན་སྒོར་2000འཇལ་དགོས་པའི་ངོས་འཛིན་བྱས་པ་རེད།
“ངས་བར་འདུམ་བྱས་པའི་འབྲས་བུ་དང་ལེན་བྱ་རྒྱུ་ཡིན”ཀྲང་ཐོན་དབྱི་པུའུ་ཡིས་འདུམ་འགྲིག་བྱས་འབྲས་ལུགས་མཐུན་ཡིན་པས་འདུམ་འགྲིག་པས་བསམ་འཆར་མགྱོགས་པོ་བྱུང་ཡོད།ད་ཐེངས་ཀྱི་འདུམ་འགྲིག་གིས་ཕྱོགས་གཉིས་པོའི་འགལ་བ་རིམ་སྤོར་གྱི་ཉེན་ཁ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་དམའ་རུ་བཏང་ཡོད།མགོན་པོ་ཚེ་བརྟན་གྱིས་ཀྱང་བར་འདུམ་བྱས་འབྲས་ལ་ཧ་ཅང་ཡིད་ཚིམ་པོ་བྱུང་སྟེ“དོན་རྐྱེན་བྱུང་རྗེས་བར་འདུམ་བསླབ་བྱ་བྱས་པ་བརྒྱུད་ང་ཚོས་ཕྱོགས་གཉིས་པོའི་ལངས་ཕྱོགས་ལ་བསམ་ཤེས་བྱེད་ཀྱི་ཡོད།ད་ཆ་ཁྱིམ་མཚེས་དབར་གྱི་འབྲེལ་བ་དེ་སྔོན་ལས་ཀྱང་སྙིང་ཉེ་བར་གྱུར་ཡོད”།
ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་མི་རིགས་མཐུན་སྒྲིལ་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་།ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་གནད་དུ་བྱེད་པ།མི་རིགས་མཐུན་སྒྲིལ་གྱི་སྤུས་རྟགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ།རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་བརྟན་པོ་མཐའ་གཅིག་ཏུ་བརྟན་དུ་གཏོང་བ་བཅས་བྱེད་དགོས་ཞེས་བཏོན་ཡོད།
“མི་རིགས་མཐུན་སྒྲིལ་གཏོད་པའི་ལས་དོན་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས་ང་ཚོས་ངེས་པར་དུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྲོང་ཚོ་ཡོངས་ཀྱི་ལས་དོན་གྱི་ཕྱོགས་ཁག་ཏུ་དོན་འཁྱོལ་བྱེད་དགོས”ཞེས་གསུངས་པ་རེད།
འགལ་བ་དང་རྩོད་གཞི་སྡེ་བའི་ར་བའི་ནང་ནས་སེལ།
“དོན་དག་ཆུང་ངུ་སྤྱི་ཚོགས་ནས་ཐོན་མི་དགོས་པ་དང་།དོན་ཆེན་གྲོང་ཚོ་ནས་མི་ཐོན་པ”“གོང་གིས་སྲིད་གཞུང་ལ་སེམས་ཁྲལ་བྱེད་པ་དང་འོག་གྲོང་མིའི་དཀའ་ངལ་སེལ་བ”“མངོན་མེད་རྐྱེན་ངན་མཐིལ་རྟོགས་བྱེད་པ་ནི་གྲོང་མི་དང་ཅི་འཕྲོས་མོལ་འཕྲོས་བྱེད་པ་ཞིག་ཡིན་ལ་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་སློབ་གསོའི་གོ་སྐབས་བཟང་པོ་ཞིག་ཀྱང་རེད”སོགས་མཐོང་མྱོང་བའི་ཟིན་བྲིས་དེབ་ཐོག་སྐད་ཆ་དེ་འདྲ་རེ་རེ་བཞིན་བཀོད་ཡོད་པ་རེད།
ཁོང་གིས་ཚད་ལྡན་གྱི་མི་དམངས་འདུམ་འགྲིག་པ་ཞིག་ཡིན་པའི་ངོས་ནས་དེ་དག་ཚང་མ་འཛོམས་དགོས་པའི་ཆེས་གཞི་རྩའི་ཚད་གཞི་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།ལོ་མང་རིང་ཁོང་གིས་འགལ་ཟླ་དང་རྩོད་གཞིའི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱ་རྒྱུ་དེ་ལས་ཀའི་གཙོ་གནད་དུ་བརྩིས་ནས་ལས་རོགས་དང་རྒྱུན་གཏན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ཐེངས་གཅིག་བྱེད་སྐབས་ཐག་མི་རིང་བའི་སར་གྲོང་མི་ཧན་ཧྲེང་ཡུན་དང་མ་ཨ་ཚེ་ཡ་བཟའ་ཚོ་གཉིས་ཀྱིས་ཁ་རྩོད་བྱེད་པའི་སྐད་སྒྲ་ཐོས་བྱུང་།
མྱུར་དུ་རྒྱུགས་ནས་འགྲོ་བ་མཐོང་ནས་མིག་ཟུང་མཆི་མས་ཁེངས་པའི་མཱ་ཨ་ཚེ་ཡ་ལ་དོན་དག་ཅི་ཞིག་བྱུང་བ་དྲིས།རྒྱུས་ལོན་བྱས་པ་ལྟར་ན།མ་གཞི་ཁྱོ་ག་ཧན་ཧྲེང་ཡུན་གྱིས་ཁོ་མོར་བཟའ་ཚང་ཁ་བྲལ་རྒྱུའི་རེ་བ་བཏོན།མིག་མདངས་བརྟན་པའི་ཧན་ཡུན་ཧྲེང་ལ་ལྟ་བཞིན་སྐབས་ཤིག་རིང་དཀའ་ངལ་བྱུང་བ་རེད།
ཁོས་མ་ཨ་ཚེ་ཡ་ལ་སེམས་གསོ་བྱེད་ཞོར་དུ་ཧན་ཧྲེང་ཡུན་མདུན་དུ་བོས་ཏེ།སེམས་འགུལ་ཐེབས་པ་དང་བག་ཕེབས་ཀྱི་སྒོ་ནས“ཁྱོད་གཉིས་ཀྱི་བུ་ཚང་མ་དེ་འདྲ་ཆེན་པོ་ཡོད།བཟའ་ཚང་ཁ་བྲལ་ན་ཁྱོད་ཚོར་ཕན་པ་ཅི་ཞིག་ཡོད།ཁྱོད་ཀྱིས་བསམ་བློ་ཡག་པོ་ཞིག་གཏོང་རོགས།ཁྱིམ་ཚང་དང་ཕྲུ་གུའི་ཆེད་དུ་འཚོ་བ་ཡག་པོ་སྐྱེལ་དགོས”ཞེས་བཤད།
ལོ་མང་རིང་འགལ་བ་དང་རྩོད་གཞི་འདུམ་འགྲིག་ཐེངས་རེ་བྱས་པ་བརྒྱུད་གྲོང་མིའི་རྩོད་གཞི་འདུམ་འགྲིག་བྱེད་པ་ནི་གཏུག་བཤེར་བྱེད་པ་མིན་པ་དང་།ནག་པོའི་ཐོག་ནས་སྡོམ་ཚིག་འཇོག་མི་རུང་བར།དོ་བདག་ཕྱོགས་གཉིས་ཀྱི་ལངས་ཕྱོགས་སུ་ལངས་ནས་གནད་དོན་ལ་བསམ་གཞིགས་བྱེད་དགོས་པ་དང་།འདུམ་འགྲིག་བྱེད་རིང་མང་ཚོགས་ལ་སེམས་གསོ་གཏོང་བ་དང་མང་ཚོགས་ཀྱི་ཡིད་ཆེས་ཐོབ་ཐབས་བྱས་ན་གཞི་ནས་དོན་ཆེན་ཆུང་དུ་གཏོང་བ་དང་དོན་ཆུང་དུ་གཏོང་ཐུབ་པ་ཤེས་དགོས།
འདུམ་འགྲིག་ལས་དོན་ཡག་པོ་སྒྲུབ་པར་ཉམས་མྱོང་གང་དག་ཡོད་མེད་འདྲི་སྐབས།དགོད་བཞིན་དུ“གང་ས་གང་དུ་ཡོན་ཏན་ལ་དོ་སྣང་བྱས་ནས་འདུམ་འགྲིག་ལས་དོན་ཡག་པོ་སྒྲུབ་འདོད་ན།ཁེངས་སྐྱུང་ངང་རྒན་རབས་པར་བཀའ་འདྲི་ཞུ་བ་དང་།གྲོང་ཚོའི་རྒན་རབས་པ་དང་འབྲེལ་གཏུག་མང་ཙམ་བྱེད་དགོས་པ་དང་།དུས་མཚུངས་དྲོད་ཚད་འཁྱེར་ནས་མང་ཚོགས་ལ་ཞབས་འདེགས་ཞུ་དགོས་པ་དང་།ཆུ་དཀར་ཡོལ་གང་རེ་བྱས་ནས་ཁྲིམས་ལྟར་འདུམ་འགྲིག་བྱས་ཏེ་བཅའ་ཁྲིམས་ཀྱི་མཐའ་ཚད་བརྟན་སྲུང་བྱེད་དགོས།
ལོ་ཙཱ་བ། ལྷ་ཆེན་རྒྱལ།
རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།