[ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་པ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་ལས་འགུལ་སྤེལ་བ] སྐོར་སྦྱོང་སྐོར་སྐྱོད་དང་འགན་འཁྲི་འཁུར་ནས་བྱས་རྗེས་གསར་པ་འཇོག་དགོས།

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྤེལ་དུས། : 2023-10-17

རང་རེའི་དྲ་བའི་འཕྲིན། “དུས་འགོའི་འཁྲབ་སྟོན་གཏམ་བཤད་དང་མཉམ་འབྲེལ་སློབ་སྦྱོང་མཉམ་འབྲེལ་ཐོག་གཏམ་བཤད་བྱས་པ་བརྒྱུད་ང་ཚོས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཚན་པ་87ནང་ནས་ཕུལ་བྱུང་སྒྲོག་འགྲེལ་པ་27བདམས་ཏེ་སྒྲོག་འགྲེལ་ཚོགས་པ་བཙུགས་ཏེ་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་འབྲེལ་གཏུག་ཚོགས་ཆུང་5རུ་བསྐྱོད་དེ་སྐོར་སྐྱོད་སློབ་སྦྱོང་དང་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་ལས་གནས་ལ་གཞི་ཚུགས་ཏེ་ལེགས་སྐྱེས་ཕུལ་བ་དང་། ཉེ་སྔོན། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་ཡུལ་དུ་ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ངོ་སྤྲོད་བྱས་པ་རེད།

ཟླ་8པ་ནས་བཟུང་ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་ཆེད།ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་འཁྲབ་སྟོན་གཏམ་བཤད་དང་།སློབ་སྦྱོང་མཉམ་ཁྲིད།སྐོར་སྐྱོད་འཆད་ཁྲིད་བཅས་ཁག་གསུམ་ཚུད་པའི“འགན་འཁྲི་འཁུར་བ་དང་།བྱས་རྗེས་འཇོག་པ”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་།ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བར་བྱ་དགོས།

——སློབ་སྦྱོང་བྱེད་རིང“མཚོ་སྔོན་ཤེས་རྟོགས་ཐུབ་པའི”ངོས་འཛིན་སྔར་བས་གཏིང་ཟབ་ཏུ་གཏོང་དགོས།

ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཞིང་ཆེན་ཐད་གཏོགས་ཚན་པ་ཁག་གིས་གཞི་རིམ་ཏང་རྩ་འཛུགས་ཀྱི་“འབྲེལ་ཟམ་”དང“དམག་འཐབ་མཁར་རྫོང་གི”ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་གཅིག་གྱུར་གྱིས།  ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་དཔེ་མཚོན་གྱི་སྟོབས་ཤུགས་བསྡུ་ལེན་དང་།    མྱོང་ཚོར་བགྲོ་གླེང་དང་སློབ་སྦྱོང་།    མདུན་སྐྱོད་ཀྱི་སྒུལ་ཤུགས་གོང་བུར་འགྲིལ་བ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་ཐབས་ལམ་སྔར་བས་གསལ་འབྱེད་དང་།    བསམ་བློའི་ངོས་འཛིན་གཙང་སེལ།    སྤྱོད་ཚུལ་ལེགས་གཏོང་བཅས་བྱེད་དགོས།    

གླེང་རིན་ཡོད་པ་ཞིག་ནི་ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་གཞོན་ནུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་མཐོར་གཏོང་འདུ་འགོད་ལ་དམ་འཛིན་ཡག་པོ་བྱས་ཏེ་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་ཤུགས་ཆེ་རུ་གཏོང་རྒྱུ་དེ་འགོ་འཛུགས་སར་བྱེད་པ་དང་ཚན་པ་ལས་བརྒལ་བའི་མཉམ་འབྲེལ་སློབ་སྦྱོང་དང་སྤེལ་རེས་བྱ་རྒྱུ་དེ་ཤུགས་རྒྱག་སར་བྱེད་པ།ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་། གཞོན་ནུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ཚོགས་ཆུང་གི་དཔེ་སྟོན་སློབ་ཚན་སྐོར་སྐྱོད་སློབ་ཁང་ལ་བརྟེན་ནས“མཚོ་སྔོན་ལ་རྒྱུས་མངའ་ཡོད་པ་དང་།    མཚོ་སྔོན་ལ་དགའ་བ།    མཚོ་སྔོན་དར་རྒྱས་གཏོང་བ”བཅས་ཀྱི“ང་ཚོ་ཚང་མ་མཚོ་སྔོན་བ་ཡིན་པ”དང་།    “གཞོན་ནུ་ཚོའི་གྲས་སུ་ཚུད་རྒྱུར་བརྩོན་པ”སོགས་བརྗོད་བྱ་གཙོ་བོར་སློབ་སྦྱོང་དང་སྤེལ་རེས་བྱས་ནས་ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་འགྲེལ་བཤད་རྒྱག་པ་དང་།    སློབ་ཁང་གི་རང་འགུལ་དབང་ཆ་གཞོན་ནུ་ཚོར་སྤྲོད་པ།    ཚན་པ་ཁག་གི་གཞོན་ནུ་ཚོས་འཆད་ཁྲིད་སྟེགས་བུའི་ཐོག་ཁྲིད་པ།    ཇི་ལྟར་བྱས་ནས་ལྟེ་བར་དམིགས་པ་དང་།    ཇི་ལྟར་བྱས་ནས་གཞོན་ནུ་ཚོས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་ཀའི་རིན་ཐང་མངོན་པར་བྱེད་པ་སོགས་ཀྱི་གནད་དོན་ལ་དབྱེ་ཞིབ་བྱེད་པ”བཅས་བྱེད་དགོས།

“ང་ཚོས་གཞོན་ནུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་མཉམ་འབྲེལ་སློབ་སྦྱོང་སྤེལ་རེས་སྒུལ་ཤུགས་སུ་བྱས་ཏེ་ཚོགས་འདུ་ཡོངས་ཀྱི་དགོངས་དོན་སློབ་སྦྱོང་བྱས་པའི་ཕན་འབྲས་དེ་ལས་ཀའི་གྲུབ་འབྲས་དངོས་སུ་བསྒྱུར་བ་དང་།‘སྒྲུབ་འདོད་པའི་གསལ་ཐོ’ལ་བསྒྱུར་བ།མི་དམངས་ལ་མཁོ་བའི་བྱ་གཞག་ཐད་འབད་བརྩོན་ངོ་མ་བྱེད་པ་དང་།རང་ཉིད་ཀྱི་ལས་གནས་ཐོག་དཀའ་སྤྱད་འབད་བརྩོན་བྱེད་པ།དཀའ་ཉེན་ཆེ་བའི་ཐད་འབད་བརྩོན་ཆེན་པོ་བྱེད་པ་བཅས་བྱས་ཏེ་དངོས་འཛིན་དངོས་སྒྲུབ་ཀྱིས་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན”ཅེས་མཚོ་སྔོན་སྣུམ་ཞིང་སློབ་གསོ་དོ་དམ་ལྟེ་གནས་ཀྱི་ན་གཞོན་དགེ་རྒན་ཧྥེང་ཝུན་ཤིའུ་ཡིས་བཤད།

“མཚོ་སྔོན་ལ་དགའ་ཞེན”བྱེད་པའི་རྨང་གཞི་སྔར་བས་གསལ་པོ་བཟོ་དགོས།

“ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཚན་རིག་དང་མཐུན་པའི་སྒོ་ནས་ཡིག་རྒྱུགས་ལེན་པའི་ལམ་བུ་གསར་པ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་།འབད་འཐབ་དམིགས་ཚད།ལས་ཀའི་གཙོ་གནད་བཅས་འཆར་འགོད་བྱས་ཡོད།ཁ་ཚ་དགོས་གཏུག་གི་ལས་ཀ་ནི་བྱ་སྤྱོད་མགྱོགས་མྱུར་སྤེལ་ནས་སྙིང་སྟོབས་ཆེར་བསྐྱེད་དང་།དངོས་སྒྲུབ་གནད་འཛིན།མཐོ་འཛེགས་རྒྱང་ལྟ།ཏན་ཏན་ཏིག་ཏིག་བཅས་མཐའ་འཁྱོངས་ཀྱིས་མཚོ་སྔོན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་བྱ་བ་ཏན་ཏིག་བསྒྲུབས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་ཇུས་འགོད་གནང་བའི་བརྗིད་ཆེའི་བརྗིད་ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་བཤད།

ཞིང་ཆེན་ཐད་གཏོགས་ལས་ཁུངས་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་གྲལ་དང་པོར་གནས་ཡོད་པ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་དང་ཞིང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི“ཐོག་མའི་སྤྱི་ལེ་གཅིག”ཏུ་གནས་ཡོད།ད་ཐེངས་ཀྱི་སྐོར་སྐྱོད་འཆད་ཁྲིད་བྱེད་སྒོའི་ནང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ལས་གནས་ལ་གཞི་ཚུགས་ནས་འགན་འཁྲི་སྒྲུབ་པ་དང་འགན་འཁྲི་འཁུར་བའི་དངོས་སྒྲུབ་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད།

མི་སེར་ཚོས་སྒོ་འགྲམ་དུ་སྤུས་ལེགས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱ་ཆེད།ཞིང་ཆེན་སྨན་རྩིས་ཁང་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་ལྷ་ཤུལ་གྲོང་རྡལ་ལྟེ་བའི་འཕྲོད་བསྟེན་ཁང་སོགས་ཐག་རིང་ཞིང་འབྲོག་ཁུལ་དུ“དྲ་སྦྲེལ་སྨན་རྩིས་ཁང”བཙུགས་ནས་དྲ་སྦྲེལ་དང་བོད་ལུགས་གསོ་རིག་དང་ཟུང་འབྲེལ་ནུས་ལྡན་བྱས་ཏེ་དྲ་ཐོག་ནས་ཨང་ཐོ་འགོད་པ་དང་།དྲ་ཐོག་ནས་ནད་དཔྱད།སྨན་ཐོ་འགོད་པ(རྒྱ་བོད་སྐད་གཉིས)དང་སྨན་རྫས་སྡེབ་སྐྱེལ་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོའི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཚང་མས་སྲོལ་རྒྱུན་གྱི་བོད་སྨན་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱས་ཡོད།

ཞིང་ཆེན་རང་བྱུང་ཐོན་ཁུངས་རྟེན་རྫས་བཤམས་མཛོད་ཁང་གིས་གསར་གཏོད་བྱེད་ཕོད་པ་དང་དངོས་སྒྲུབ་སྤྱོད་ཚུལ་གྱི་ཚོགས་པ་ཡག་པོ་ཞིག་བསྐྲུན་ནས་དཀའ་སྤྱད་བརྩོན་ཞིབ་དང་།ཡག་ཐོག་ཡག་བརྩེགས།གཟེར་འདེབས་པའི་སྙིང་སྟོབས་དར་སྤེལ་བཅས་བྱས་ཏེ་ཁྱབ་ཁོངས་མི་འདྲ་བའི་ཤེས་བྱར་སློབ་སྦྱོང་ཧུར་ཐག་བྱས་ནས་དབང་གྲགས་ཆེ་ཤོས་ཀྱི་ཚན་ཞིབ་གྲུབ་འབྲས་ཚན་རིག་ཁྱབ་གདལ་གཏོང་རྒྱུ་རེད།སྔ་རྗེས་སུ་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་དང་།ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་པ།ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་།ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་ཕོ་ཉ་ཚོགས་པ་སོགས་ཚོགས་པ་གལ་ཆེན་གྱི་ལྟ་སྐོར་སྣེ་ལེན་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པ་དང་།རིམ་རྩིས་བྱས་ན་ཚོགས་པ་2187འགྲེམས་སྟོན་ཁང་དུ་ལྟ་སྐོར་བྱེད་པར་ཡོང་བར་མི་གྲངས་བསྡོམས་འབོར་མི་ཐེངས་ཁྲི་12ལས་བརྒལ་ནས་མཚོ་སྔོན་དྲིལ་བསྒྲགས་འགྲེམས་སྟོན་དང་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་བརྒྱུད་བསྒྲགས་བྱ་ཆེད་ལེགས་སྐྱེས་ཕུལ་ཡོད།

“མཚོ་སྔོན་དར་རྒྱས་གཏོང་བའི”སྟོབས་ཤུགས་སྔར་བས་གཅིག་སྒྲིལ་བྱེད་དགོས།

ད་ཐེངས་ཀྱི་སྐོར་སྐྱོད་སློབ་སྦྱོང་དང་སྐོར་སྐྱོད་གཏམ་བཤད་བྱེད་སྒོའི་ནང་ཞིང་ཆེན་ཐད་གཏོགས་ཚན་པ་ཁག་གིས་ཚང་འཛོམས་གྲོས་ཚོགས་ཀྱི“འགན་འཁྲི་འཁུར་བ་དང་དངོས་སྒྲུབ་དང་བྱས་རྗེས་འཇོག་པའི”བསམ་ཕྱོགས་དང་བྱེད་ཐབས་གཞིར་བཟུང་།ཉམས་ལེན་འབད་སྒྲུབ་དང་གོང་གིས་འོག་ལ་སྣེ་ཁྲིད་བྱེད་པའི་སྟོན་ཕྱོགས་གསལ་པོ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་རང་རྟོགས་ངང་མདུན་སྐྱོད་དང་མིག་དཔེ་སྟོན་ཡོད།

ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་སྐོར་གྱི་ཞིང་ཨུད་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་གཙོ་གནད་ལས་དོན་ལ་བརྩིས་ནས་སྐུལ་འདེད་གཏོང་རྒྱུ་རེད།“གཅིག་རེ་དྲུག”གི་བླང་བྱའི་ལས་འབོར་དོན་འཁྱོལ་བྱ་རྒྱུ་དེ་ཞིབ་ཕྲའི་ལས་འགན་ཁག་45ལ་བགོས་ནས་ལས་ཀའི་རྩིས་ཁྲ་བཟོ་བ་དང་ཆེད་མི་བཀོད་སྒྲིག་བྱས་ནས་འགན་འཁུར་དུ་བཅུག་སྟེ་ལས་དོན་ཚང་མར་བཀོད་སྒྲིག་ཡོད་པ་དང་།བླང་བྱ་ཡོད་པ།ལྟ་སྐུལ་ཡོད་པ།དོན་འཁྱོལ་ཡོད་པ།ཕན་འབྲས་ཐོན་པ་བཅས་ཀྱི་འགན་ལེན་བྱ་རྒྱུ་རེད།ལྟ་སྦྱོང་ཚོགས་འདུ་དང་སྤེལ་རེས་ཚོགས་འདུ་སོགས་ཀྱི་རྣམ་པ་བརྒྱུད་ཕྱོགས་བསྡུས་ཀྱིས་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐད་ཀར་མངོན་པ་དང་།ཕྱོགས་ཡོངས་ནས་ཁྱད་ཆོས་དང་བཀྲག་མདངས་འཚེར་ས་མངོན་པར་བྱས་ཏེ“གཅིག་དྲུག”གི་བླང་བྱ་དོན་འཁྱོལ་ཏན་ཏིག་དང་།ཕན་འབྲས་ནུས་ལྡན།སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་དགོས།

ཞིང་ཆེན་དབང་པོ་སྐྱོན་ཅན་གྱི་དྲག་སྐྱེད་ཞབས་ཞུ་ལྟེ་གནས་ཀྱི་རྣ་ཤེས་ཉམས་པའི་བྱིས་པའི་དྲག་སྐྱེད་ལས་དོན་པས་ངང་རྒྱུད་རིང་པོ་དང་གཅེས་སེམས་ལ་བརྟེན་ནས་དབང་པོ་སྐྱོན་ཅན་གྱི་དྲག་སྐྱེད་ལས་དོན་ཡག་པོ་སྒྲུབ་པ་དང་།རྣ་ཤེས་ཉམས་པའི་བྱིས་པའི“ཉན་གྱི་འཛམ་གླིང”དུ་བསྐྱོད་དེ“བཤད་པའི་འབྱུང་འགྱུར”གྲུབ་འབྲས་ཐོབ་པ་བྱས་ཏེ་དབང་པོ་སྐྱོན་ཅན་གྱི་དྲག་སྐྱེད་ལས་དོན་ཁྲོད་ལས་ཀ་བྱེད་འདོད་པ་དང་།ལས་ཀ་བྱེད་ཕོད་པ།ལས་ཀ་བྱེད་ཤེས་པ་བཅས་ཀྱི་འབད་འཐབ་པ་ཞིག་བྱེད་དགོས།

ཞིང་ཆེན་འབྲུ་རིགས་ཅུས་ཀྱིས་འབྲུ་རིགས་སྤུས་ཚད་ཀྱི་འགག་སྒོ་ནན་པོ་སྲུང་བ་དང་།འབྲུ་རིགས་ཀྱི་སྤུས་ཚད་དང་སྤུས་ཚད་ནན་པོ་སྲུང་བ།ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་འཁོར་རྒྱུག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་སེམས་ཤུགས་ཡོད་རྒུ་བཏོན་ནས་འགན་འཁྲི་དང་འགན་འཁྲི་འཁུར་ཕོད་པ་དང་།བདེ་འཇགས་དང་བརྟན་ལྷིང་མཉམ་གནས་བྱེད་པ།འབྲུ་རིགས་མིའི་ཐོག་མའི་བསམ་འདུན་བརྟན་སྲུང་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས་སྲུང་འཛིང་རགས་”བསྐྲུན་ཡོད།

དུང་བརྡ་བཏང་ནས་མདུན་སྐྱོད་བྱེད་པའི་དུས་ལ་བབས་པ་རེད།“ཞིང་ཆེན་ཐད་གཏོགས་ཚན་པ་ཁག་གིས་ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་བསམ་ཕྱོགས་དང་།ཁ་ཕྱོགས།ཤུགས་རྒྱག་ས་བཅས་གཞིར་བཟུང་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གཡུལ་ས་གཙོ་བོར་སྤྲོ་སེམས་འཕེལ་བ་དང་ནུས་པ་མངོན་པར་བྱས་ཏེ་རྒྱུན་ཆད་མེད་པར་བྱ་བ་དངོས་སྒྲུབ་པ་དང་ལས་དོན་སྒྲུབ་པ་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་རྣམ་པ་དེ་བས་ལེགས་པ་གཏོད་རྒྱུ་ཡིན”ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་བཤད།

ལོ་ཙཱ་བ། ལྷ་ཆེན་རྒྱལ། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།