ཉེ་སྔོན། ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་ཏ་ཧྭ་བཟོ་ལས་གླིང་ཁུལ་མཚོ་སྔོན་ཐེང་ཞིང་འབྲོག་གསར་སྤེལ་ཚད་ཡོད་ཀུང་སི་ཞིག་ཏུ་བཟོ་པ་བཅུ་ལྷག་ཙམ་གྱིས་དངོས་ཟོག་ཐུམ་རྒྱག་བཞིན་ཡོད་པ་དང་།དེ་ནས་ཡུན་རིང་མ་སོང་བར་སྒམ་དེའི་ནང་ཕ་ཡུལ་གྱི་གནས་ཚུལ་གྱིས་ཁེངས་པའི་མྱུར་སྐྱེལ་རླངས་འཁོར་དེ་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་གཏོང་རྒྱུ་རེད།
“འདི་ལོ་ནི་ཀུང་སི་བཙུགས་ནས་ལོ་4སོང་ཞིང་།མིག་སྔར་ཙོང་ཁའི་ནོར་ལུག་གི་ཤ་དང་།ཙོང་ཁའི་གླ་རྩི།ཤོག་བུའི་སྟར་ཁ།ས་མཐོའི་རྒྱ་བྲ་འབྲས།ས་མཐོའི་ཕྱེ་ཞིབ།ཤ་མོ་སེར་པོ་སོགས་མཚོ་སྔོན་གྱི་ཁྱད་ལྡན་ཐོན་ཟོག་30ལྷག་ཙམ་འཚོང་གི་ཡོད།དེ་ལྟར་བྱས་ན་ཟླ་མཆོད་དུས་ཆེན་ལ་སླེབས་ཀྱི་ཡོད།དེ་རིང་ང་ཚོས་རིན་ཐང་སྒོར་ཁྲི་20ལྷག་ཙམ་རི་བའི་ཞིང་ལས་ཐོན་རྫས་སྤྲོད་རྒྱུ་ཡིན”ཅེས་སྦ་ཞིང་ཞིང་འབྲོག་ཀུང་སིའི་འགན་འཁུར་བ་ཐེང་ཤིན་དབྱི་ཡིས་བཤད།
ཐེང་ཤིན་དབྱི་ནི་ས་གནས་དེར་འཚར་ལོངས་བྱུང་བའི་སྟོང་སྐོར་རྫོང་ཧྲེན་ཀྲུང་ཤང་མའོ་ཀོའུ་གྲོང་ཚོ་ནས་ཡིན་པ་དང་།2017ལོར་ཀྲུང་གོ་ས་གཤིས་སློབ་ཆེན་ནས་ཐོན་པའི་ཁོང་གིས་མཚོ་སྔོན་གྱི“མིང་བྱང”བཅངས་ནས་རྒྱལ་ཡོངས་སུ་ལས་གཏོད་བྱེད་པའི་ཕུགས་འདུན་བཅངས་ནས་ཕ་ཡུལ་དུ་ལོག་པ་རེད།དྲ་རྒྱའི་ཐོག་དངོས་ཟོག་ཉོ་སྒྲུབ་དར་ཁྱབ་ཆེ་བའི་དུས་སྐབས་ཡིན་པས་ཚོར་བ་སྐྱེན་པོའི་ཁོང་གིས་དྲ་ཐོག་ཚོང་དོན་ལས་སྟེགས་དམ་འཛིན་བྱས་ཏེ་2019ལོར“ནང་མིར་གཅེས་སེམས་མང་ཙམ་སྤྲོད་རྒྱུ”ནང་དོན་དུ་བྱས་ནས་སྤུས་རྟགས་“སྲི་ཞུའི་ཚོམས་ཆེན”བཙུགས་པ་དང་འབྲེལ་ཀུང་སིས་མཚོ་སྔོན་གྱི་སྣོད་བཅུད་ཐོན་རྫས་ཁྱབ་གདལ་གཏོང་རྒྱུའི་ཐོ་འགོད་བྱས་ཡོད།
ཁོང་གིས“སློབ་ཆེན་ལོ་རིམ་གསུམ་པ་ནས་བཟུང་ངས་ཙོང་ཡོན་གྱི་ཁྱད་ལྡན་ཐོན་རྫས་འཚོང་གི་ཡོད།དབྱར་དགུན་གྱི་གུང་གསེང་སྐབས་སུ་ངས་ཁྲོམ་གཞུང་ཆེ་ཆུང་གང་སར་ཕ་ཡུལ་གྱི་བྲོ་བ་ཞིམ་པོ་འཚོལ་གྱི་ཡོད།སློབ་གྲྭར་ལོག་སྐབས་བུ་མོས་གྱོན་པ་དང་སློབ་གྲོགས་དབར་གྱི་མཛའ་གྲོགས་འབྲེལ་བ་བྱེད་པའི་ལག་རྟགས་ཆུང་ངུ་ཤ་སྟག་ཡིན།ངའི་ལམ་ཆས་ནང་འདྲེ་ཚེར་མ་དང་།ཚགས་ཤ་སྐམ་པོ།དབྱར་རྩྭ་དགུན་འབུ་སོགས་ཁེངས་འདུག”ཅེས་བཤད།ཐེང་ཤིན་དབྱི་ཡིས་སློབ་གྲྭའི་ནང“ཞིམ་ཞིམ”ལ་བརྟེན་ནས“མཚོ་སྔོན་གྱི་རྟགས་ཅན”བཏོན་ནས“གསེར་གྱི་ལྕགས་སྒོར”བླངས་པ་དང་ཆབས་ཅིག་འགྲུལ་པ་མང་པོ་བསགས་ཡོད།
ལས་གཏོད་ཀྱི་ལམ་བུ་ནི་ཕྱི་ཚུལ་ནས་བཀྲག་མདངས་ལྡན་པ་ཞིག་གཏན་ནས་མིན་པ་དང་།རྒྱབ་ཀྱི་དཀའ་ཚེགས་དང་འགྲན་སློང་ལས་གཏོད་པ་རང་ཉིད་ཀྱིས་ཤེས་ཀྱི་ཡོད།ཁོར་ཡུག་གི་འགྱུར་ལྡོག་དང་།གནས་བབ་གཞན་སྒྱུར།རྣམ་གྲངས་ཀྱི་དུས་འགོའི་མ་འཇོག་དང་དྲིན་ལན་འཇལ་བའི་དུས་འཁོར་རིང་བ།ཕྱིར་ཚོང་གི་འཇུར་མིག་གི་དཀའ་ངལ་སོགས་ནི“ངས་དཀའ་ངལ་ཚང་མ་ཚོད་བགམ་དུ་བརྩིས་ནས་སེམས་ཤུགས་ཡོད་རྒུས་ལས་ཀ་བྱེད་པ་ལས་ངའི་སྤྱོད་ཚུལ་འདོར་རྒྱུ་མིན”ཐེང་ཤིན་དབྱི་ཡིས་དཀའ་ངལ་ཁྱད་བསད་བྱས་ཚེ་གོམ་པ་རེ་རེ་བཞིན་མདུན་དུ་བསྐྱོད་ཚེ་ལས་གཏོད་ཀྱི་ལམ་བུ་དེ་བས་བརྟན་པོ་དང་གྲུབ་འབྲས་ཐོབ་རྒྱུ་ཡིན་པ་ཤེས་ཀྱི་ཡོད་ཅེས་བཤད།
མཐར་དྲག་རྩལ་ལ་མི་སེམས་ཅན་ཞིག་ཡོང་མི་སྲིད།ཀུང་སི་བཙུགས་རྗེས་ཁོང་གིས་ཀོང་ཁུལ་དང་ཧྲེན་ཀྲེན་སོགས་ས་ཁུལ་གྱི་ཁེ་ལས་ཆེ་གྲས་སྤྱི་ཁྱབ་པུའུ་ལ་ཐེངས་མང་འཚམས་འདྲི་བྱས་ནས་མཚོ་སྔོན་གྱི་སྤུས་ལེགས་ཞིང་ལས་ཐོན་རྫས་འགྲེམས་ཚོང་བྱས་པ་དང་།རིམ་བཞིན་མངགས་ཐོ་རག་པ་དང་།སྤྱི་ཁྱབ་པུའུ་ནས་ཡན་ལག་པུའུ་བར་གྱི་མངགས་ཐོའི་གྲངས་འབོར་རིམ་བཞིན་མང་དུ་ཕྱིན་པས།ཁོང་གིས“རི་ཁུལ་དུ་སྦས་པའི”ཀྲེན་རྫས་དེ་དག་དྲ་ཐོག་ནས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་ཕྱིར་ཚོང་བྱས་པ་རེད།མཚོ་སྔོན་གྱི་སྤུས་ལེགས་ཞིང་ལས་ཐོན་རྫས་དྲ་ཐོག་ནས་དགའ་བསུ་ཐོབ་པ་དང་བསྟུན་ནས“བསྙེན་བཀུར་ཁང”གི་སྤུས་རྟགས་ལའང་ཁྲོམ་རའི་ཁས་ལེན་ཐོབ་ཡོད།སྟོང་སྐོར་རྫོང་དུ་ཁྱད་ལྡན་ཐོན་ཟོག་30ལྷག་ཙམ་དྲ་ཐོག་ཏུ་བཏོན་པ་དང་།ཀུང་སིས་ཀྱང་གཞུང་ཁོངས་ཁེ་ལས་ཁག་དང་།ཀྲུང་དབྱང་ཁེ་ལས་དང་དེ་བཞིན་སྒེར་གཉེར་ཁེ་ལས་ཆེ་གྲས་ཁག་སོགས་ལས་མིའི་ཕན་བདེ་དང་ཚོང་ཤག་གིས་ཐུགས་རྗེ་ཆེ་ཞུ་བའི་བྱ་ཐབས་ལ་བརྟེན་ནས་མཚོ་སྔོན་གྱི་ཁྱད་ལྡན་ཐོན་ཟོག་པེ་ཅིང་དང་།ཧྲེན་ཀྲེན།ཨན་ཧུའེ་སོགས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་32ལ་ཁྱབ་པ་དང་མིག་སྔར་ཀུང་སིའི་ཆ་སྙོམས་ཚོང་གཉེར་ཡོང་འབབ་སྒོར་ཁྲི་5ཙམ་ཟིན་ཡོད་པ་རེད།
“མི་གཅིག་ཕྱུག་འགྱུར་ཡོང་རྒྱུ་དེ་གང་ཡང་མིན།མི་ཁག་གཅིག་ཕྱུག་འགྱུར་ཡོང་རྒྱུ་དེ་འཇོན་ཐང་ངོ་མ་ཞིག་ཏུ་བརྩི་གི་ཡོད”བསམ་ཚུལ་དེ་འདྲ་བཅངས་ནས་ཐེང་ཤིན་དབྱི་རང་འགུལ་ངང་ལྷ་ཁང་ལུང་ཤུར་གྲོང་ཚོ་ཨུ་ལྷན་དུ་ཡོང་ནས་གྲོང་ཚོའི“ཨུ་ལྷན་གཉིས”དང་མཉམ་དུ་གྲོས་མོལ་བྱས་ཏེ་གྲོང་གསེབ་དར་རྒྱས་གཏོང་བའི་ཐབས་ལམ་འཚོལ་ཞིབ་བྱས་པ་རེད།2019ལོར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་མ་དངུལ་སྣོན་པ་དང་སྲིད་ཇུས་ཀྱི་རོགས་སྐྱོར་བརྒྱུད་ཁེ་ལས་ཀྱིས་སྐུལ་ཁྲིད་དང་།མཉམ་ལས་ཁང་ཞུགས་པ།ཞིང་དུད་ལ་ཕན་པ་ཐོབ་པ་བཅས་ཀྱི་འཕེལ་རྒྱས་གཏོང་སྟངས་ལ་བརྟེན་ནས་ནོར་ལུག་གཞི་རྟེན་དུ་བྱེད་པའི་ལྗང་མདོག་ནོར་ལུག་གི་ལས་སྣོན་དཔེ་སྟོན་རྟེན་གཞི་བཏོད་དེ“ཏང་རྩ་འཛུགས་དང་།ཁེ་ལས།མཉམ་ལས་ཁང་།ཞིང་པ”བཅས་ཀྱི་ཐོན་ལས་ལམ་སྲོལ་ཞིག་ཆགས་པ་བྱས་ནས་ཞིང་འབྲོག་དུད་ཚང་300ལྷག་ཙམ་ལ་ནོར་ལུག་གསོ་ཚགས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྐུལ་ཁྲིད་བྱས་ནས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1བྱུང་ཡོད་པ་རེད།
“གྲངས་འབོར་ནི་གཉིས་པ་ཡིན་པས་སྤུས་ཚད་བདེ་འཇགས་ནམ་ཡང་ཨང་དང་པོར་འཇོག་དགོས”འདི་ནི་ཐིན་ཞིན་དབྱི་ཡིས་རྒྱུན་དུ་བཤད་པའི་སྐད་ཆ་ཡིན།ཐོན་རྫས་ཀྱི་སྤུས་ཀ་འགན་ལེན་བྱ་ཆེད།མོས་ཉོས་པའི་ནོར་ལུག་གི་ཤ་ལ་རེ་བ་ནན་མོ་བཏོན་ཡོད་དེ།ཚིལ་མང་ཤ་ཉུང་བའི་ལུག་ཤ་མི་དགོས་པ་དང་།གསར་དུ་བཤུས་པའི་ཚགས་ཤ་མི་དགོས་པར།ཉིན་དེར་བཀོད་སྒྲིག་མ་བྱས་ཀྱང་ཁོ་མོའི་ཡིད་མི་ཚིམ་པའི་ཐོན་རྫས་སྤྲོད་མི་སྲིད།སློབ་ཆེན་ནས་ཆེད་ལས་མི་སྣ་གདན་དྲངས་ཏེ་ནོར་ལུག་གསོ་ཚགས་ཀྱི་ཤེས་བྱ་སློབ་ཁྲིད་བྱེད་པ་དང་།ཆུང་བ་ཐུམ་སྒྲིལ་སྒམ་དང་རྒྱུ་ཆ་སྡེབ་སྦྱོར་སོགས་ཐོན་རྫས་ཇུས་འགོད་བྱེད་པའི་བར་ཐེང་ཤིན་དབྱི་ཚང་མ་དེའི་ནང་ཞུགས་ཡོད་པ་རེད།
རྒྱུས་དངུལ་གྱི་སྐྱི་མོ་དང་།ཚིལ་ལྷག་གཅོད་པ།ཤ་རྡོག་ཆེ་ཆུང་འབྲི་བ་སོགས་ནོར་ལུག་གི་ཤ་ཐོན་སྐྱེད་འཁོར་ཁང་ནང་།“ཏིང་ཀྲི་གླང་”གི་རྣམ་པ་ཞིག་འཁྲབ་བཞིན་ཡོད་པ་རེད།བཟོ་པ་རྣམས་ཀྱིས་གཙང་མར་གྱོན་པའི་ཞྭ་མོ་དང་ཁ་རས་ཀྱིས་“ཀླད་པའི”དང“རུས་པ་ཆུང་ཆུང”“རྒྱུས་པ”སོགས་གཏུབ་ཟིན་པའི་ཤ་རྡོག་ལ་སྟོང་སངས་ཀྱིས་ཤོག་བྱང་སྦྱར་ཡོད།“ང་ཚོས་བགོ་བཤའ་དང་ཐུམ་སྒྲིལ་ཞིབ་ཚགས་བྱས་ནས་ཁུག་མ་ཚང་མར་ཤོག་བྱང་སྦྱར་ནས་ནོར་ལུག་གི་གནས་ས་དང་གཡོས་སྦྱོར་བྱེད་སྟངས་འཚམ་པོ་ཡོད་པ་དང་།སྐུ་མགྲོན་གྱིས་ལྟོ་ཆས་བཟོ་རྒྱུར་སྟབས་བདེ་བསྐྲུན་ཡོད”ཞེས་འཁོར་ཁང་གི་ཀྲུའུ་རེན་ལི་ཧུང་མའེ་ཡིས་བཤད།
འདི་ལོ་ལོ་30ལྷག་ཙམ་ལ་སླེབས་པའི་ལི་ཧུང་མེ་ནི་མའོ་ཀོའུ་གྲོང་ཚོའི་གྲོང་མི་ཡིན་པ་དང་བཟའ་ཟླ་ཕྱི་ཕྱོགས་ལས་ཀ་བྱེད་ཀྱི་ཡོད་པ་དང་ཕྲུ་གུ་གཉིས་སློབ་གྲྭར་འགྲོ་གི་ཡོད།“དེ་སྔ་ངས་ལས་ཀ་ཙག་ཙིག་བྱས་ནས་ཁྱིམ་གྱི་འཚོ་བའི་ཁ་གསབ་རྒྱག་རྒྱུ་ལས་ཐབས་གཞན་མེད།ན་ནིང་ང་ཀུང་སིར་ལས་ཀ་བྱེད་པར་ཡོང་བ་ཡིན།ད་ཆ་ཟླ་རེར་ཡོང་འབབ་སྒོར་4000ཡོད་པ་དང་།ཡོང་འབབ་བརྟན་པོ་ཡོད་ལ་སྐྱིད་པོ་ཡོད་པས་ཁྱིམ་གྱི་སྒོ་འགྲམ་དུ་ཡོང་འབབ་གསོག་ཐུབ་པས་ངའི་བློ་ཡིད་ཚིམ་པོ་འདུག”ལི་ཧུང་མེ་ཡི་མིག་ནང་དུ་འཛུམ་མདངས་ཀྱིས་ཁེངས།
“ང་ཚོས་སྔོན་ལ་དབུལ་སྒྲོལ་དུད་ཚང་ཁེ་ལས་སུ་ལས་ཀ་བྱེད་པར་བསྡུ་ལེན་བྱས་པ་དང་ཐོན་སྐྱེད་བྱེད་མང་བའི་དུས་ཚིགས་སུ་ལས་མི་60ལྷག་ཙམ་གདན་ཞུ་བྱས་ནས་ལོ་རེར་མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་2.6བྱུང་ཡོད།2019ལོ་ནས་བཟུང་ཀུང་སིས་ལོ་ལྟར་སྔོ་གཟན་སྤྱི་ཆིང་66.7བཏབ་ཡོད།ད་ཆ་ང་ཚོས་ད་དུང་རང་ཉིད་ཀྱི་ཁྱིམ་ཚང་འབྲོག་རར་འབྲི་གཡག་600ལྷག་ཙམ་གསོ་ཚགས་བྱས་ནས་ས་གནས་དེ་གའི་གྲོང་མིར་ལས་གནས་མི་ཉུང་བ་ཞིག་མཁོ་འདོན་བྱས་ཡོད”ཞེས་ཐེང་ཤིན་དབྱིས་བཤད།
འདི་ལོ་ཧྲེན་ཀྲུང་ཤང་གིས་ཤར་ནུབ་རྒྱུད་ཀྱི་མཉམ་ལས་ཆ་སྒྲིག་རོགས་སྐྱོར་མ་དངུལ་སྒོར་ཁྲི་50རང་འགུལ་ངང་བརྩོན་ལེན་བྱས་ཏེ་ཁེ་ལས་ཀྱི་དགོས་མཁོ་ལྟར་བོགས་གཏོང་གཡར་སའི་བཟོ་ཁང་ཚད་ལྡན་ཅན་གྱི་སྒྱུར་བཀོད་བྱས་པ་རེད།ད་ཆ་ཁེ་ལས་ཏ་ཧྭ་བཟོ་ལས་གླིང་དུ་བཅའ་སྡོད་བྱས་པས་ཐོན་སྐྱེད་བྱ་ཡུལ་སླར་ཡང་རྒྱ་ཆེར་ཕྱིན་པ་དང་།ཁེ་ལས་ཀྱི་བཟོ་ཁང་གསར་པས་ཀྱང་རླངས་སྒུལ་ཚ་སྣོན་རང་འགུལ་ངང་སླེལ་པའི་ཚྭ་སྦྱངས་སླ་ང་དང་།ཆུ་མཉམ་ལུམས་ཀྱིས་ཤ་མོ་གསོད་པ་སོགས་ལས་སྣོན་སྒྲིག་ཆས་གསར་དུ་བསྣན་ནས་དྲ་སྦྲེལ་གྲངས་གཞིའི་ཞབས་ཞུའི་ལྟེ་གནས་དང་གཅིག་འཐུས་རྣམ་པའི་འགྲེམས་ཁང་སོགས་བསྐྲུན་རྒྱུ་རེད།
ཁོང་གིས“ན་ནིང་ཀུང་སིས་ཞིང་ལས་ཐོན་རྫས་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་1049ལེགས་སྒྲུབ་བྱས་ཡོད།འདི་ལོ་ངས་དྲ་ཐོག་ཕྱིར་ཚོང་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་ནས་གྲངས་འཛིན་ཅན་གྱི་ཚད་ལྡན་ལས་སྣོན་རླངས་འཁོར་འཛུགས་སྐྲུན་བྱས་ཏེ་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན”ཞེས་བཤད།
མེ་ཏོག་གཅིག་ལ་མེ་ཏོག་བཞད་པ་དང་མེ་ཏོག་བརྒྱ་བཞད་པ་ལྟ་བུའི་མཛེས་ལྗོངས་མངོན།ཐེང་ཤིན་དབྱི་དང་ཕ་ཡུལ་གྱི“ཕྱོགས་གཉིས་སུ་བསྐྱོད་པ”ནི་སྟོང་སྐོར་རྫོང་གིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བསྡུས་རིས་ཤིག་རེད།ད་ཆ་དུས་རབས་གསར་པའི་གཞོན་ནུ་ཤེས་ལྡན་པ་དེ་བས་མང་བས་བསམ་ཕྱོགས་དང་མཐོང་རྒྱ་ཡངས་པོར་བརྟེན་ནས་ཕ་ཡུལ་དུ་ལོག་ནས་ལག་རྩལ་གསར་པ་དེ“ཡུལ་ཐོན་ཁུངས”ནང་སྤྱད་དེ་ཞིང་ལས་ཐོན་ལས་སྦྲེལ་ཐག་དང་རིན་ཐང་སྦྲེལ་ཐག་སྣུར་སྲིང་བྱས་ཏེ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་པ་བརྒྱུད་རང་ཉིད་དང་ཉེ་འགྲམ་གྱི་མིའི་ལས་དབང་ལ་འགྱུར་ལྡོག་བཏང་ནས་དུས་རབས་གསར་པའི་ཞིང་ལས་འཕེལ་རྒྱས་ལ་ནུས་ཤུགས་བསྣན་ཏེ་གྲོང་ཚོ་ཞིག་ལ་ཕྱུག་འགྱུར་གྱི་ལམ་བུ་བཏོད་དེ་དར་རྒྱས་ཀྱི་ལམ་བུ་བཏོད་ཡོད།
ལོ་ཙཱ་བ། ལྷ་ཆེན་རྒྱལ།