[ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་པ། གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་དུ་ཡོད།]“རྐང་པར་འདམ་བག་གིས་ཁེངས”ཚེ་ད་གཟོད་ཡུལ་མི་ཚོས་སེམས་ཁྲལ་བྱེད་པའི་བྱ་བ་དངོས་སུ་སྒྲུབ་ཐུབ།

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། རྩོམ་པ་པོ། : ལྷ་ཆེན་རྒྱལ། སྤེལ་དུས། : 2023-10-08

རང་རེའི་དྲ་བའི་འཕྲིན། སྟོན་དུས་སུ་གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་17.1ཙམ་ཡོད་པའི་མཚོ་ཉིན་གྲོང་རྡལ་དུ་བཅར་འདྲི་བྱེད་པར་བསྐྱོད་པ་ཡིན།

གཞུང་ལམ་དྲང་མོ་ཞིག་བརྒྱུད་དེ་མཚོ་ཉིན་གྲོང་རྡལ་དེ་ཐག་མི་རིང་བའི་ས་རྒྱུད་དུ་གནས་པ་དང་།མཛེས་ཤིང་གྲལ་འགྲིག་པའི་ཡུལ་མིའི་སྡོད་ཁང་དུ་སྔོ་ལྗང་སྣ་ཚོགས་ཁྱབ་ཡོད་པ་དང་།གྲོང་ཚོའི་དབར་གྱི་གཞུང་ལམ་ཕན་ཚུན་འབྲེལ་བ་ཡོད་པ།ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པ་བཅས་ཀྱི་ཐོག་ནས་གྲོང་རྡལ་ཁུལ་ཧྲིལ་པོས་གྲོང་གསེབ་དར་རྒྱས་གཏོང་བའི་དུང་བརྡ་ཁྲོད་ཉིན་རེ་བཞིན་དར་རྒྱས་འགྲོ་བཞིན་ཡོད།

གཞུང་ལམ་གྱི་མཐའ་རུ་སླེབས་རྗེས་གཡོན་ཕྱོགས་སུ་འཁོར་ནས་མཚོ་དཀར་གྲོང་རྡལ་མི་དམངས་སྲིད་གཞུང་དུ་འབྱོར།གཞུང་ལས་ཐོག་ཁང་དུ་སྐྱོད་སྐབས་ཏང་ཡོན་ལས་བྱེད་པས་བྲེལ་འཚུབ་ངང་ལས་ཀ་བྱེད་བཞིན་ཡོད་པ་དང་།ལ་ལས་ཚོགས་འདུ་འཚོག་པ་དང་།ལ་ལས་ཡིག་ཆ་ཐག་གཅོད་བྱེད་པ།འགའ་ཞིག་གཤམ་སྐྱོད་བྱེད་རྩིས་ཡོད་པ་སོགས་བྱེད་ཀྱི་ཡོད།“ཤང་གྲོང་གི་ལས་དོན་ནི་རྙོག་འཛིང་ཆེ་བའི་གློག་སྐུད་ལྟ་བུ་ཡིན་པས་རེ་རེ་བཞིན་དུ་བརྟག་དཔྱད་ཞིབ་ཚགས་དང་བརྟན་པོ་བྱེད་དགོས་པ་དང་།བྲེལ་བ་ཆེ་བ་ནི་རྒྱུན་རྣམ་ཅན་ཞིག་རེད”གཞུང་ལས་ཐོག་ཁང་ནང་གསར་འགོད་པར་གྲོང་ཚོར་རྣམ་གྲངས་འཕེལ་རིམ་ལ་ལྟ་ཞིབ་བྱེད་པར་འགྲོ་རྩིས་ཡོད་པའི་ཀྲེན་ཀྲང་གཞོན་པ་མཱ་ཧའེ་ཕུང་དང་འཕྲད།

ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ནན་བཤད་བྱས་དོན།ས་མཐོའི་དམིགས་བསལ་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་།དོན་དངོས་དང་ཟུང་འབྲེལ་དང་དགེ་སྤེལ་སྐྱོན་སྤང་བྱས་ཏེ་ཐོན་ལས་ཀྱི་ས་ཁུལ་བཞིའི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དགོས།

“ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུ་དམ་འཛིན་བྱེད་བཞིན་ཡོད་པས།དངོས་འཛིན་དངོས་སྒྲུབ་བྱ་རྒྱུ་ནས་འགོ་བཙུགས་ཏེ།ང་ཚོ་གཞི་རིམ་ལས་བྱེད་པ་ཡང་རྗེས་ལུས་ཐེབས་མི་རུང་བ་སྨོས་ཅི་དགོས།”མིག་སྔར་མཚོ་ཉིན་གྲོང་རྡལ་གྱིས“གྲོང་གསེབ་དར་རྒྱས་དང་ཐོན་ལས་སྔོན་ལ་སྐྱོད”ཅེས་པ་དམ་འཛིན་བྱ་གཞིར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ཁག་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་དང་ཀྲེན་ཀྲང་གཞོན་པ་ཡིན་པའི་མཱ་ཧའེ་ཕུང་གིས་གྲོང་རྡལ་གྱི་གྲོང་གསེབ་དར་རྒྱས་ཀྱི་རྣམ་གྲངས་ཁག་ལ་སྐུལ་འདེད་གཏོང་བའི་ལས་དོན་གྱི་འགན་འཁུར་གྱི་ཡོད།

“ཧྲུའུ་ཅི་ཁྲེན་ལགས།ཁྱེད་གྲོང་ཚོར་མེད”མཱ་ཧའེ་ཕུང་གིས་ཤིན་ཡོན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཁྲེན་ཡུང་པའོ་ཡི་ཁ་པར་ཐོག་ནས་ཆུ་ཐོན་གསོ་ཚགས་ཀྱི་གནས་ཚུལ་འདྲི་རྩད་སྟབས་བདེ་བྱས་པ་དང་རླངས་འཁོར་བསྡད་དེ་གྲོང་ཚོ་ཨུ་ལྷན་དུ་བསྐྱོད།

“སྔོན་ལ་ཁྱེད་ལ་གཏམ་བཟང་ཞིག་ཤོད་དང་།ཁྱེད་ཚོའི་གྲོང་ཚོའི་རྣམ་གྲངས་ཚོགས་འདུར་ཕེབས་ཡོད།དེ་རིང་གྲོང་མི་དང་འབྲེལ་གཏུག་བྱེད་དགོས་པ་དང་།ངེས་པར་དུ་རྣམ་གྲངས་དེ་ཏན་ཏིག་ངང་བསྒྲུབས་ནས་ཚང་མ་བློ་ཡིད་ཚིམ་པོ་ཡོང་བ་བྱེད་དགོས”ཁྲེན་ཡུང་པའོ་ལ་རྣམ་གྲངས་ཀྱི་རྨང་གཞིའི་སྐོར་བཤད་རྗེས་ཚོགས་ཁང་ནང་གི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད།

མཱ་ཧའེ་ཕུང་གིས་བཤད་པའི་རྣམ་གྲངས་དེ་ནི་མཚོ་གཏིང་གྲོང་རྡལ་གྱིས“ཐོན་ལས་དང་པོའི་ཐོན་ལས་གསུམ་པ་ཟུང་འབྲེལ་བྱེད་པའི”བྱེད་སྟངས་ཐོག་ནས་གྲོང་ཚོ་ཁག་གིས་མ་དངུལ་སྒོར་ཁྲི་260གྲབས་གསོག་བྱས་ནས་ཉ་འཛིན་དང་།བཟའ་བཏུང་།ཡུལ་སྐོར་ལྟ་སྐོར་བཅས་གཞི་གཅིག་ཏུ་བྱས་པའི“ཤང་གི་ཞིང་ཡུལ་སྐོར་”ཕྱོགས་བསྡུས་ཞིང་རའི་སྤྲོ་གསེང་ཉ་འཛིན་གླིང་དུ་ཆུ་ཐོན་གསོ་ཚགས་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བ་བྱས་ཡོད།

“དེ་སྔ་གྲོང་ཚོ་ཁག་རང་ཉིད་ཀྱིས་རང་ཉིད་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ཡིན་པས་གཞི་ཁྱོན་ཆུང་བས་བཤད་རྒྱུ་མེད་ལ་ཉེན་ཁ་ཡང་ཆེན་པོ་ཡོད”ཅེས་གྲོང་མི་ཚོ་དང་མཉམ་དུ་ཚོགས་འདུའི་སྒྲོག་ཙེའི་མདུན་དུ་བསྡད་དེ་མཱ་ཧའེ་ཕུང་གིས་ཚང་མའི་གནད་དོན་ལ་རེ་རེ་བཞིན་ལན་བཏབ་ནས་ཚང་མའི་སེམས་ཁྲལ་རེ་རེ་བཞིན་བསལ་བ་རེད།“རྐང་པ་ས་ལ་མ་འབྱར་ན།སེམས་ལ་གདེང་ཚོད་མེད་པ་ཡོང་གི་རེད”མཱ་ཧའེ་ཕུང་གིས་གལ་ཏེ་ངོ་ཐུག་གདོང་འཕྲད་ཀྱིས་གླེང་མོལ་དེ་འདྲ་མ་བྱས་ཚེ་གྲོང་མིའི་བསམ་ཚུལ་དངོས་ཐོས་དཀའ་བ་དང་དུས་མཇུག་གི་རྣམ་གྲངས་ཀྱི་འཕེལ་རིམ་དེ་བས་གླེང་ཐབས་བྲལ།

ཉི་འོད་རབ་ཏུ་འཕྲོས་ཤིང་སྤྲིན་དཀར་གཡོ་བ།གྲོང་མིའི་བསམ་འཆར་འདྲི་རྩད་བྱས་རྗེས་མཱ་ཧའེ་ཕུང་དང་ཁྲེན་ཡུང་པའོ་གཉིས་གྲོང་ཚོའི་རིག་ནུས་དྲོད་ཚད་ཚོད་འཛིན་མྱུག་གསོ་གསོ་ཚགས་རླངས་འཁོར་དུ་ཡོང་ནས་ཧུང་ཙོང་ཉ་གསོ་སྤེལ་གནས་ཚུལ་ལ་གཟིགས་ཞིབ་བྱས།མིག་མདུན་དུ་ངར་ལྕགས་ཀྱི་གྲུབ་ཆ་ལས་གྲུབ་པའི་རྒྱ་ཆེ་བའི་བཟོ་ཁང་ཆེ་གྲས་ཤིག་དང་།འཚག་རྒྱག་མ་ལག་དང་།གསོ་རླུང་སྣོན་མ་ལགདྲ་ཐོག་ལྟ་སྐུལ་ཚོད་འཛིན་བརྒྱུད་གཏོང་མ་ལག་སོགས་དེང་རབས་ཅན་གྱི་སྒྲིག་བཀོད་རྩེར་སོན་གྱི་རླུང་ཁམས་ཆེན་པོ་རབ་དང་རིམ་པ་ཡོད་པ་དང་།ཧུང་ཙོང་ཉ་སྒོར་དབྱིབས་ཀྱི་ཉ་སྣོད་ནང་རྐྱལ་བ་དང་།བཟོ་པས་རྫིང་བུའི་ནང་ཉ་རྫས་བླུགས་ཡོད་པས་རྫིང་བུའི་ནང་ཉ་ཕྲུག་སྐྱེ་འཚར་ཡག་པོ་བྱུང་ཡོད།

“དེ་སྔ་ང་ཚོའི་མཚེའུ་དེ་ནི་དྲི་ངན་བྲོ་བའི་དོང་ཞིག་རེད།ད་ཆ་ཁྱེད་ཀྱིས་ལྟོས་དང་།ཆུ་དྭངས་ཤིང་གཙང་བས་མཛེས་སྡུག་ལྡན་པར་གྱུར་ཡོད”ཁྲེན་ཡུང་པའོ་ཡིས“ད་ཆ་གཞི་ཁྱོན་འདི་འདྲ་ཞིག་གཏོད་ཐུབ་པ་ནི་ཚང་མས་མཉམ་དུ་བསྒྲུབས་པའི་གྲུབ་འབྲས་ཤིག་རེད།ཡུལ་མི་ཚོ་སྤྲོ་གསེང་གཏོང་སྐབས་དེ་གར་སྐོར་བ་གཅིག་བརྒྱབ་ནས་རྩེད་ཆོག་པ་དང་ཧ་ཅང་ཡག་པོ་འདུགའདི་ལོ་ད་དུང་ཡུལ་སྐོར་བ་དང་གྲོང་མི་མང་པོའི་ཡིད་དབང་བཀུག་ཡོད”ཅེས་བཤད།

དྲོད་ཁང་ཆེ་མོ་བསྐྲུན་པ་དང་སྒོར་རྫིང་བརྩིགས་ནས་ཤིན་ཡོན་གྲོང་ཚོས“ཚྭ་མེད་ཆུའི་ཉ་གསུམ”ཞེས་འབོད་པའི་ཧུང་ཙོང་ཉ་གསོས་ནས་ཚན་རིག་དང་མཐུན་ཞིང་ནུས་ཆེའི་འབབ་འཕར་གྱི་ཕྱུག་འགྱུར་ཉམས་མྱོང་གསོག་འཇོག་བྱས་ཏེ་གྲོང་གསེབ་དར་རྒྱས་གཏོང་བའི་“དཔྱིད་ཆུ་བོ་”སྐུལ་སློང་བྱས་ཡོད།གྲུབ་འབྲས་དེ་དག་གི་རྒྱབ་ཏུ་མཱ་ཧའེ་ཕུང་དང་འདྲ་བར་ཏན་ཏན་ཏིག་ཏིག་གི་མཚོ་གྲོང་རྡལ་གྱི་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས“དངོས་དངོས”གཙོ་བོར་བཟུང་ནས“ལས”མཐའ་འཁྱོལ་བའི་བྱ་སྤྱོད་ལ་ལྷོད་གཡེང་མི་བྱེད་པ་ཞིག་རེད།

“བྲེལ་བ་ཆེ་བ་ནི་མཚོ་ཉིན་གྲོང་རྡལ་གྱི་ཏང་ཡོན་ལས་བྱེད་པ་ཚང་མའི་ལས་ཀའི་རྒྱུན་རྣམ་ཞིག་རེད།ཚང་མས་ལས་ཀ་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་གྲོང་མི་ཚོས་སེམས་ཁུར་བྱེད་པའི་བྱ་བ་དངོས་སྒྲུབ་བཞིན་ཡོད”མཱ་ཧའེ་ཕུང་གིས“ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པར་བྱ་བ་དངོས་ཏན་ཏིག་སྒྲུབ་དགོས།ང་ཚོས་མང་ཙམ་བསྐྱོད་ཚེ་གྲོང་རྡལ་གྱི་ཐོན་ལས་རྣམ་གྲངས་དོན་འཁྱོལ་མགྱོགས་ཙམ་ཐུབ་པ་དང་གྲོང་མི་ཚོར་ཡང་སྔ་ཙམ་ཕན་པ་ཐོབ་རྒྱུ་རེད”ཅེས་བཤད།

ས་སྲོས་སུ་མཚམས་སྤྲིན་གྲོང་ཚོར་འཕྲོས་ནས་ལྷིང་འཇགས་དང་མཛེས་སྡུག་ལྡན་པ་ཞིག་རེད།མཱ་ཧའེ་ཕུང་སླར་ཡང་ཞིང་ནང་དང་མུ་ཁར་བསྐྱོད་དེ་ལོ་ཏོག་སྐྱེ་ཚུལ་ཤེས་རྟོགས་བྱེད་ཀྱི་ཡོད།ཁོང་གིས“འདམ་བག་གིས་ཁེངས་ཚེ་ཡུལ་མི་ཚོས་སེམས་ཁྲལ་བྱེད་པའི་བྱ་བ་གཞི་ནས་ཏན་ཏིག་སྒྲུབ་ཐུབ”ཅེས་བཤད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།