[ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་པ། གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་དུ་ཡོད།]“ལམ་འབྱེད་གདོང་ལེན”པ་ཡག་པོ་བྱས་ནས་རོང་འབྲོག་མང་ཚོགས་ལ་ཕན་ཁེ་བསྐྲུན་པ།

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། རྩོམ་པ་པོ། : ལྷ་ཆེན་རྒྱལ། སྤེལ་དུས། : 2023-10-08

རང་རེའི་དྲ་བའི་འཕྲིན། “ཟོག་ཤའི་ཐུག་པ་ཚ་པོ་ཞིག་འཐུང་བ་དང་ཞོར་དུ་ས་གནས་དེ་གའི་འདྲེ་ཚེར་མ་དང་ལི་གྲོ་སོགས་ཁྱད་ལྡན་ཐོན་རྫས་ཉོས་ནས་ནང་མིར་སྐྱེལ་གྱི་ཡོད།ལོ་ལྟར་ཕྱི་རོལ་དུ་རླངས་འཁོར་གཏོང་མཁན་གྱི་ངོས་ནས་བརྗོད་ན།ལམ་བར་དུ་ཕྱོགས་བསྡུས་ཞབས་ཞུའི་ཁུལ་དེ་འདྲ་མང་པོ་ཡོད་པ་དེ་ནི་དངོས་གནས་ཡག་པོ་ཞིག་མ་རེད”།

ཟླ་8ཚེས་30ཉིན་གྱི་ཉིན་གུང་པའོ་ཅི་ནས་ན་གོར་མོར་སྐྱོད་པའི་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་ལིའུ་དབྱིས་རླངས་འཁོར་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་པ་ལུང་ཤང་གི་རྒྱལ་ལམ་109ཟོག་འགྲེམས་དཔལ་འབྱོར་ཞབས་ཞུ་ཁུལ་དུ་བཏང་ནས་ཟ་མ་ཟ་བ་དང་དངོས་ཟོག་ཉོ་སྒྲུབ་བྱས་ཏེ་ངལ་གསོ་ཅུང་ཙམ་བརྒྱབ་རྗེས་མུ་མཐུད་ལམ་དུ་བསྐྱོད་རྩིས་ཡོད་པ་རེད།

“ཟ་ཁང་དང་།འགྲུལ་ཁང་།དཔེ་དེབ།ལུས་སྦྱོང་ཁང་སོགས་ཞབས་ཞུའི་ཁུལ་གྱི་སྒྲིག་བཀོད་ཧ་ཅང་ཆ་ཚང་པོ་ཡོད།ཐེངས་དང་པོ་ཡོང་བ་ནས་བཟུང་།དེ་རྗེས་རླངས་འཁོར་གཏོང་ཐེངས་རེ་རེར་ངས་དེ་གར་ངལ་གསོ་དང་ཁ་གསབ་བྱེད་ཀྱི་ཡོད”ཅེས་རྟག་ཏུ་ཐག་རིང་ཟོག་འདྲེན་བྱེད་མཁན་ཟི་ལིང་གི་ཁ་ལོ་བ་མཱ་ཞང་གིས་གསར་འགོད་པར་བཤད།

དེ་སྔ་བྲག་ལུང་ཤང་ཐོ་ཐོ་གྲོང་ཚོ་དང་སན་ཧོ་གྲོང་ཚོ་སོགས་གྲོང་ཚོར་རང་རང་སོ་སོས་དམག་འཐབ་བྱས་ནས་སྲོལ་རྒྱུན་གྱི་ནོར་ལུག་གསོ་ཚགས་ཐོན་ལས་ལ་བརྟེན་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་ཡང་ཡོང་འབབ་ཡག་པོ་བྱུང་མེད།

2021ལོར་བྲག་ལུང་ཤང་གིས་རྒྱལ་ལམ་109བརྒྱུད་དོན་དངོས་གནས་ཚུལ་ལ་གཞིགས་ནས“ལམ་འགྱུར་དཔལ་འབྱོར”འཕེལ་རྒྱས་ཀྱི་གོ་སྐབས་གནད་ལ་འཁེལ་བར་འཚོལ་བ་དང་།ཇུས་འགོད་ཞིབ་ཚགས་དང་།བཀོད་སྒྲིག་ཞིབ་ཚགས།དམངས་འདོད་ཉན་པ་བཅས་ཀྱི་རྨང་གཞིའི་ཐོག་ཐོ་ཐོ་གྲོང་ཚོ་དང་།སན་ཧོ་གྲོང་ཚོ།ཆིང་ཆོན་གྲོང་ཚོ།གཡག་རི་ཧ་ཐུའུ་གྲོང་ཚོའི་མཉམ་སྡེབ་འཕེལ་རྒྱས་མ་དངུལ་མ་འཇོག་བྱས་ནས་བྲག་ལུང་ཤང་གི་རྒྱལ་ལམ་109དེ་ནས་བཟུང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར“མྱུར་བགྲོད་ལམ་བུའི”ཐོག་བསྐྱོད་ཡོད།

ཐོ་ཐོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཧུང་པའོ་ཡིས“མིག་སྔར་ཞབས་ཞུའི་ཁུལ་དུ་གྲོང་ཚོར་ཚོང་ཁང་10དང་མགྲོན་ཁང་གཅིག་ཡོད་པ་ཚང་མ་བོགས་མར་བཏང་བ་དང་སྔོན་རྩིས་རགས་ཙམ་བྱས་པ་བརྒྱུད་འདི་ལོ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྒོར་ཁྲི་100ཟིན་རྒྱུ་རེད”ཅེས་བཤད།

“ཚོང་ཁང་ལས་འགོ་བཙུགས་པ་ནས་བཟུང་ཟླ་རེར་ཡོང་འབབ་སྒོར་7000ལྷག་ཙམ་ཡོང་གི་ཡོད”ཞབས་ཞུ་ཁུལ་གཉེར་སྐྱོང་བྱེད་འགོ་ཚུགས་རྗེས་བྲག་ལུང་ཤང་གཡག་རི་ཧ་ཐུའུ་གྲོང་ཚོའི་གྲོང་མི་ལུའུ་ཕུང་ལིན་གྱིས་དེ་གར་ཕྱོགས་བསྡུས་ཚོང་ཁང་ཞིག་བཙུགས་ནས“སྦྱིན་བདག་ཆུང་ཆུང”བྱས་ཏེ་ཚོང་སྒྲོམ་ཐོག་ཞོར་ཟས་དང་།བཏུང་བྱ།ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས།དེ་བཞིན་འཚོ་བའི་མཁོ་ཆས་སོགས་ཚོང་ཟོག་གྲལ་སྟར་འགྲིག་པོས་བསྒྲིགས་ནས་འགྲོ་འོང་བྱེད་མཁན་འགྲུལ་པ་རྒྱུན་ཆད་མེད་པར་ཕར་འགྲོ་ཚུར་འོང་བྱས་ནས་ཚོང་ཟོག་ཉོ་གི་ཡོད།

ལུའུ་ཕུང་ལིན་གྱི་ཚོང་ཁང་དང་ཐག་རིང་པོ་མེད་པས“ཅིང་ཡོན་མའེ་ཡན་གྱི་ཤ་བརྔོས་མ”ཞེས་པའི་ཟ་ཁང་ཞིག་ཡིན་པ་དང་།སྦྱིན་བདག་མཱ་ཡན་ནི་ཀན་སུའུ་ཧའེ་ཧྲི་དབན་ནས་ཡིན་པ་དང་།“བཅའ་སྡོད་བྱས་ནས་ཟླ་5ཡང་མ་སོང་བར་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་བྱུང་ཡོད།ཞབས་ཞུ་ཁུལ་དུ་ཡོང་མཁན་རླངས་འཁོར་ཇེ་མང་དུ་འགྲོ་བཞིན་ཡོད་ལ་ཚོང་ཡང་ཇེ་ལེགས་སུ་འགྲོ་བཞིན་ཡོད”།

ཞབས་ཞུ་ཁུལ་བསྐྲུན་རྗེས་ས་གནས་དེ་གའི་མང་ཚོགས་ཕྱུག་འགྱུར་འབབ་འཕར་འགན་ལེན་བྱ་ཆེད།བྲག་ལུང་ཤང་གིས་ཞབས་ཞུ་ཁུལ་གྱི་ཚོང་ཁང་ས་གནས་དེ་གའི་མང་ཚོགས་ལ་སྔོན་ལ་བོགས་མར་གཏོང་རྒྱུའི་བསམ་གཞིག་བྱས་པ་རེད།དེ་དང་ཆབས་ཅིག་ཞབས་ཞུ་ཁུལ་གྱི་ཡུན་རིང་འཕེལ་རྒྱས་དང་འཛད་སྤྱོད་ཀྱི་གདམ་ག་མང་པོ་ཞིག་ལ་བསམ་གཞིག་བྱས་ཏེ་བྲག་ལུང་ཤང་གིས་གྲོང་ཚོའི“ཇ་ཁང”འཚོལ་བ་དང་ཤང་ཕྱི་རོལ་དུ་བསྐྱོད་དེ“ཐབ་ཚང་ཡག་པོ”འཚོལ་བར་བསྐྱོད་དེ་ས་གནས་དེ་གའི་འཇོན་ཐང་ཅན་དེ་གར་བཞག་ནས་ཕྱི་རོལ་གྱི་འཇོན་ཐང་ཅན་ནང་འདྲེན་བྱས་ཏེ་ཞབས་ཞུ་ཁུལ་གྱི་ཚོང་ཁང་དང་།གསོལ་མགྲོན་ཁང་གི་འཚོང་བའི་རིགས།ཞབས་ཞུའི་སྤུས་ཚད་བཅས་ཟམ་མི་ཆད་པར་ལེགས་སུ་བཏང་ཡོད།

“ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་།སྲ་བརྟན་སྦྲེལ་མཐུད་ཀྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ།གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ།ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད”བྲག་ལུང་ཤང་གི་ཤང་ཀྲང་གཞོན་པ་པའེ་ཀྲེ་ཆང་གིས“ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་བླང་བྱ་དེས་ཤང་གི་ཏང་ཡོན་ལས་བྱེད་པ་ཡོངས་ཀྱི་ཡིད་ཆེས་ཆེ་རུ་ཕྱིན་ཡོད།ང་ཚོས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་ཁྲོད་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་འཚོལ་ཞིབ་ཧུར་ཐག་བྱས་ཡོད།ཟོག་འགྲེམས་དཔལ་འབྱོར་ཞབས་ཞུའི་ཁུལ་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུ་དེ་ཐོན་ལས་དང་།ཤེས་ལྡན་མི་སྣ།རིག་གནས།རྩ་འཛུགས་སོགས་ལ་བརྟེན་ནས་སྤྱི་འདོམས་འཕེལ་རྒྱས་གཏོང་བའི་སྒྲིག་གཞི་དང་མཁར་ཤང་མཉམ་འདྲེས་འཕེལ་རྒྱས་ཀྱི་ཞིབ་ཕྲའི་རྣམ་པ་མངོན་ཡོད།

འབྱུང་འགྱུར་གྱི་འཕེལ་རྒྱས་སྐོར་གླེང་སྐབས།པའེ་ཀྲེ་ཆང་གིས་འབའ་ལུང་ཤང་གིས“ལུའུ་ཡན་དཔལ་འབྱོར”འཕེལ་རྒྱས་ལ་མུ་མཐུད་དམིགས་ནས་རླངས་འཁོར་ཉམས་གསོ་དང་ཆུ་སྣོན་སོགས་གཞི་གཅིག་ཏུ་འདུས་པའི་བྲག་ལུང་ཤང་གི་རྒྱལ་ལམ་109ཟོག་འགྲེམས་དཔལ་འབྱོར་ཞབས་ཞུ་ཁུལ་གྱི་དུས་ཐེངས་གཉིས་པའི་རྣམ་གྲངས་བསྐྲུན་ནས་ཞབས་ཞུའི་ཁུལ་ནང་ཏང་འཛུགས་སྐྱོང་གི་ཁྲོམ་གཞུང་གཅིག་རིམ་བཞིན་བསྐྲུན་པ་དང་།གསར་བརྗེའི་རིག་གནས་དྲིལ་བསྒྲགས།ཏང་འཛུགས་སྐྱོང་གི་སྣེ་ཁྲིད།ཕྱོགས་མང་གི་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ་གྲོང་ཚོའི་ཏང་ཀྲི་པུའུ་དང་།ཏང་ཡོན་དང་། ཚོང་དུད་དང་མང་ཚོགས་གཞི་གཅིག་ཅན་གྱི་ཞབས་ཞུའི་ཁུལ་གྱི་འཕེལ་རྒྱས་བཅོས་སྐྱོང་གི་མཉམ་ཤུགས་ལས་ཤང་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ལ་ཕན་པ་ཐོབ་ཡོད།    

ལོ་ཙཱ་བ། ལྷ་ཆེན་རྒྱལ།