[ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་པ། གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་དུ་ཡོད།]གྲོང་མིའི་ཞབས་ཞུའི་ལྟེ་གནས་ཡག་པོ་བསྐྲུན་ནས་མང་ཚོགས་སྟབས་བདེ་བསྐྲུན་པ།

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། རྩོམ་པ་པོ། : ལྷ་ཆེན་རྒྱལ། སྤེལ་དུས། : 2023-10-08

རང་རེའི་དྲ་བའི་འཕྲིན། ཟླ་9པའི་ཟླ་སྟོད་དུ་གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་གི་གྲོང་མིའི་ཞབས་ཞུ་ལྟེ་གནས་ཀྱི་ཨར་ལས་བྱ་ཡུལ་དུ་སྐྱོད་སྐབས།ལས་གྲྭའི་རླངས་འཁོར་རེ་རེ་བཞིན་ལས་ཡུལ་དུ་བསྐྱོད་པ་དང་།ལྕགས་སྒྲོམ་རེ་རེ་བཞིན་ཨར་སྐྲུན་རྒྱུ་ཆ་གཏན་འཁེལ་གྱི་གནས་སུ་བསྐྱལ་བ་དང་།བཟོ་པ་ཚོས་བདེ་འཇགས་ཞྭ་མོ་གྱོན་པ་དང་ལས་གོས་གྱོན་པ།ཉི་འོད་དྲག་པོའི་ཁྲོད་དུ་དངོས་སྒྲུབ་ཀྱི་འཛུགས་སྐྲུན་རྣམ་པ་ཞིག་མངོན།

ཀྲུང་གོ་ཆུ་བེད་ཆུ་གློག་ལས་གྲྭ་ཅུས་བཞི་པ་ཚད་ཡོད་ཀུང་སིའི་ཡན་ལག་ཅུས་དང་པོའི་ནུས་རྒྱུ་གསར་པའི་བྱ་གཞག་པུའི་ཏང་ཀྲི་པུའི་ཧྲུའུ་ཅི་རྣམ་གྲངས་ཀྱི་རྒྱུན་ལས་ཅིང་ལི་གཞོན་པ་ལེ་པའོ་ཧུང་གིས“འདི་ལོའི་ཟླ་གསུམ་པར་ཨར་ལས་བྱེད་འགོ་ཚུགས་པ་དང་ལས་ཀའི་དུས་ཚོད་དམ་ལ་ལས་འགན་ལྕི་བས་ང་ཚོས་འཛུགས་སྐྲུན་བྱེད་འགོ་བཙུགས་ནས་ལས་དོན་ཧུར་ཐག་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ་རྣམ་གྲངས་དུས་ཐོག་ཏུ་རྩིས་སྤྲོད་བེད་སྤྱོད་ཐུབ་པའི་འགན་ལེན་བྱས་ཡོད”ཅེས་ངོ་སྤྲོད་བྱས།

གསར་འགོད་པས་ཨར་ལས་བྱ་ཡུལ་ནས་ཤེས་རྟོགས་བྱུང་བར།མིག་སྔར་ས་འོག་ཁང་པར་མེ་ཟོན་གྱི་གཏོར་སྦུག་སྒྲིག་སྦྱོར་བྱེད་བཞིན་ཡོད་པ་དང་།དཔེ་དབྱིབས་ཀྱི་ནང་སྒྲོམ་བཤིག་ནས་གྱང་ཐེངས་གཉིས་བཟོ་རྩིས་ཡོད་པ་དང་།རིམ་པ་གཉིས་པ་དང་གསུམ་པས་ཨར་འདམ་གྱི་དྲག་ཚད་ཚོད་ལྟའི་སྙན་ཞུར་གཞིགས་ནས་གོ་རིམ་ལྡན་པའི་ངང་དཔེ་དབྱིབས་ནང་གི་སྒྲོམ་བཤིག་པ།རིམ་པ་བཞིར་ནང་སྒྲོམ་དང་དཔེ་དབྱིབས་བཟོ་བཞིན་ཡོད།

“ད་ཆ་སྤྱི་ཡོངས་ཀྱི་སྒྲོམ་གཞི་མིག་མདུན་དུ་མངོན་པ་དང་དེ་རྗེས་གྱང་རྩིག་དང་ཐལ་རྡུལ་བྱུག་པ་སོགས་ཀྱི་ལས་དོན་སྤེལ་རྒྱུ་རེད།སྔོན་དཔག་བྱས་ན་ལོ་མཇུག་གོང་ནང་ཁུལ་གྱི་ཆུ་གློག་སྒྲིག་སྦྱོར་དང་སྔོ་ལྗང་ཅན་དང་ཕྱི་གྱང་མཛེས་བཟོ་ལེགས་གྲུབ་ཐུབ་རྒྱུ་རེད།རྣམ་གྲངས་སྔ་ཙམ་ལས་མཇུག་འགྲིལ་རྒྱུའི་འགན་ལེན་བྱ་ཆེད།ང་ཚོས་‘དངོས་ལས’གཙོ་བོར་འཛིན་པ་དང་།‘དངོས་ལས’སྔོན་ལ་འཇོག་པ་ལས་ཞིབ་ཕྲའི་གནས་ཚུལ་ཚང་མ་མི་ལྷག་པ་བྱ་རྒྱུ་ཡིན”ཅེས་ལེ་པའོ་ཧུང་གིས་བཤད།

ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་འགན་འཁྲི་འཁུར་བ་དང་དངོས་འཛིན་དངོས་སྒྲུབ་བྱེད་པར་དང་ཐོག་མིག་སྔའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་།བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱེད་པ།འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་ཧུར་ཐག་ཞུགས་པ།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་སྔ་ཕྱི་བར་གསུམ་དུ་བརྟན་པོའི་ངང་འཕར་བ་དང་།    ལས་ཞུགས་བརྟན་པོ་ཡོང་བ།    ཟོག་གོང་བརྟན་པོ་ཡོང་བ་བཅས་བྱེད་པ་དང་།    ཞབས་ཞུ་གཙོ་བོ་དམ་འཛིན་དང་།    བཟོ་ལས་བརྟན་པོ་ཡོང་བ།    མ་འཇོག་བསྐྱར་འཕར་ཡོང་རྒྱུ་དམ་འཛིན་བཅས་བྱེད་པ།    སྣོད་བཅུད་ཁོར་ཡུག་འགན་ལེན་དང་།    གཞི་རྩའི་དམངས་འཚོ་འགན་ལེན།    བདེ་འཇགས་འགན་ལེན་བཅས་ཀྱི་མཐའ་ཚད་འགན་ལེན་བྱེད་པ།    དུས་བབ་དང་བསྟུན་པའི“ཕྱེད་ཀ་ཟིན་པ”དང་།    རྫོགས་ལྡན་དུས་ཚིགས་སུ་འབད་འཐབ་བྱེད་པ།    ལོ་ཧྲིལ་པོའི་ཕན་འབྲས་འགན་ལེན་བཅས་བྱས་ཏེ་རྒྱུན་ཆད་མེད་པར་བརྟན་པོའི་ངང་བསྐྱར་འཕར་དང་རྒྱ་ཆེར་གཏོང་གི་རྣམ་པ་བཟང་པོ་ཕྱོགས་སུ་འགྱུར་བ་བྱས་ནས་དཔལ་འབྱོར་འཁོར་སྐྱོད་རྒྱུན་མཐུད་ངང་ཁྱོན་ཡོངས་ནས་འབད་བརྩོན་ཆེན་པོས་ལེགས་སུ་འགྱུར་བ་བྱེད་དགོས།    

འཕེལ་རྒྱས་ནི་ལས་འགན་ཨང་དང་པོ་དང་།རྣམ་གྲངས་ནི་འདེགས་སྐྱོར་ཨང་དང་པོ་ཡིན་པ།གཙོ་གནད་རྣམ་གྲངས་ནི་དཔལ་འབྱོར་འཕར་སྣོན་ཡོང་བའི་སྐུལ་འདེད་ཡོ་བྱད་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོ་ཡིན།འདི་ལོ་ནས་བཟུང་གསེར་ཆེན་རྫོང་གིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ཐད་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་གྱི“དུས་ཚོད་རེའུ་མིག”ཁ་གསལ་བཟོས་ནས་ལས་ཡུན་མྱུར་སྒྲུབ་དང་།མྱུར་ཚད་མགྱོགས་སུ་གཏོང་བ།སྤུས་ཚད་ལ་དམ་འཛིན་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་རྣམ་གྲངས་ཀྱི་མྱུར་ཚད་མགྱོགས་སུ་བཏང་ཡོད།

“ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་བྱ་སྤྱོད་ཐོག་ལག་བསྟར་དོན་འཁྱོལ་བྱས་ཏེ་རྣམ་གྲངས་ཀྱི་འཕེལ་རིམ་གཟའ་འཁོར་ནས་མཁའ་དབྱིངས་སུ་དབྱེ་བ་དང་།སྔ་ཙམ་དང་།བར་གསུམ།དགོང་མོ་བཅས་སུ་དབྱེ་ནས་རྣམ་གྲངས་ཀྱི་ས་ཁོངས་ཁག་གི་ཕྱོགས་གང་སར་ཁྱབ་པ་བྱས་ཡོད།དུས་ཚོད་དུམ་བུ་ཁག་གི་ལས་སྒྲུབ་དམིགས་ཚད་འགྲུབ་རྒྱུའི་འགན་ལེན་བྱས་ཚེ་ལྷུ་ཚིགས་ཆེན་པོའི་དམིགས་ཚད་གཞི་ནས་འགན་ལེན་ཐུབ་པ་དང་གྲོང་མིའི་ཞབས་ཞུའི་ལྟེ་གནས་ཀྱིས་རྣམ་པ་གསར་པ་ཞིག་གི་ཐོག་ནས་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་ཐུབ”ཅེས་ལེ་པའོ་ཧུང་གིས་བཤད།

ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན།དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་།ལས་རིགས་ལ་དམ་འཛིན་བྱས་ནས་འགན་ལེན་སྟོབས་ཆེར་གཏོང་བ།ཀུན་ཕན་ལ་དམ་འཛིན་དང་ཞབས་ཞུ་སྟོབས་ཆེར་གཏོང་བ།བརྟན་ལྷིང་འགན་ལེན་དང་ཞི་མཐུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ཁག་ལེགས་སྒྲུབ་བྱེད་དགོས།

གསེར་ཆེན་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་རྣམ་གྲངས་གཞུང་དོན་ཁང་གི་ཀྲུའུ་རེན་མ་ཝུན་ཆང་གིས“རྣམ་གྲངས་དེ་སྔོན་དཔག་བྱས་ན་སང་ལོའི་ཟླ་6ཚེས་30ཉིན་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་རྒྱུ་ཡིན་པ་དང་བསྐྲུན་རྗེས་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སྲིད་དོན་ཞབས་ཞུ་ལྟེ་གནས་དང་ཞིབ་མཆན་ཚོམས་ཆེན་ཚུད་ཡོད་པ་མ་ཟད།ད་དུང་ཕྱོགས་བསྡུས་གཞུང་ལས་ཁུལ་དང་།གྲོང་ཁྱེར་འགྲེམས་ཁང་།གྲངས་འཛིན་འགྲེམས་ཁང་།གྲོང་ཁྱེར་ཡིག་ཚགས་ལྟེ་གནས།ཕྲུ་གུ་གཉོར་ཁང་།རྒན་སྐྱོར་ས་ཚིགས།བུ་བཅོལ་ཁང་ས་ཚིགས་སོགས་དང་དེ་བཞིན་བཀོད་འདོམས་ལྟེ་གནས་དང་།ཚན་རྩལ་ཁང་།ཚོད་ལྟའི་ཉམས་ལེན་ཁང་སོགས་འདུ། རྣམ་གྲངས་བསྐྲུན་ཟིན་རྗེས་ཁེ་ལས་དང་དོན་ལས་ལས་ཁུངས་90ལྷག་ཙམ་དང་།    ཞིབ་མཆན་འགོད་པའི་ཞབས་ཞུའི་རྣམ་གྲངས་460ལྷག་ཙམ་བཅས་སུ་བཅའ་སྡོད་བྱ་རྩིས་ཡོད་པ་དང་མི་460ལྷག་ཙམ་ཡོད་པ་རེད།    

“མཚོ་ལྷོ་ཁུལ་གྱི་གཙོ་གནད་དམངས་འཚོའི་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པའི་ངོས་ནས་རྣམ་གྲངས་དེ་འཛུགས་སྐྲུན་བྱ་རྒྱུ་ནི་ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གསོན་ཉམས་དོད་པའི་ལག་ལེན་བྱས་པ་ཞིག་རེད”མཱ་ཝུན་ཆང་གིས་དེ་སྔ་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་གྲོང་མིའི་ལྟེ་གནས་ནི་ལོགས་སུ་ཕྱེ་བ་ཞིག་ཡིན་པས་མང་ཚོགས་ཀྱིས་བྱ་བ་སྒྲུབ་པར་ཕར་འགྲོ་ཚུར་འོང་བྱེད་དགོས་ཀྱི་ཡོད་ཅེས་བཤད།རྣམ་གྲངས་དེ་བསྐྲུན་རྗེས་མང་ཚོགས་ཀྱིས་བྱ་བ་སྒྲུབ་སྐབས“ས་གནས་འཚོལ་དཀའ་བ་དང་ལས་བྱེད་པས་འཚོལ་དཀའ་བའི”སྣང་ཚུལ་ཉུང་དུ་འགྲོ་རྒྱུ་དང་།ཁུལ་དང་རྫོང་རིམ་པ་གཉིས་ཀྱིས་མཉམ་འབྲེལ་ཐོག་གཞུང་དོན་སྒྲུབ་པ་བརྒྱུད།“གཅིག་འཐུས་རྣམ་པའི”སྒྲུབ་གཉེར་དང་།གཞི་གཅིག་ཅན་གྱི་དོ་དམ།གཅིག་འབྲེལ་གྱི་ཞབས་ཞུ་བཅས་མངོན་འགྱུར་ཐུབ་ནས་ཞིབ་མཆན་འགོད་པའི་བྱ་སྤྱོད་ཚད་ལྡན་དང་།ལས་སྒྲུབ་ལས་ཕྱོད་ཆེ་རུ་གཏོང་བ།མང་ཚོགས་ལ་སྟབས་བདེ་སྐྲུན་པ་བཅས་བྱས་ཏེ་སྲིད་གཞུང་གི་གཟུགས་བརྙན་སྔར་བས་ལེགས་སུ་གཏོང་རྒྱུ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།