རང་རེའི་དྲ་བའི་འཕྲིན། མཚོ་སྔོན་རྨ་ཙོང་ཞིང་ཕྱུགས་ཚོང་ཟོག་ཉོ་ཚོང་ལྟེ་གནས“ནུབ་རྒྱུད་ལེགས་འདེམས”དྲ་ཐོག་ཚོང་དོན་ལས་སྟེགས་སུ་མཁོ་འདོན་ཚོང་ཁང2600གཅིག་སྡུད་བྱས་ཤིང་། 2022ལོའི་ཉོ་ཚོང་བྱེད་ཚད་སྒོར་དུང་ཕྱུར་5.06ཟིན་པ་དང་། མཚོ་སྔོན་གྱི་འཐེན་ཐུག་ཐོན་ལས་གྲངས་འཛིན་ཅན་གྱི་ལས་སྟེགས་ཐོ་འགོད་བྱེད་མཁན་ཁྲི་1.05ཡོད། མཚོ་སྔོན་འཚེམ་དྲུབ་ལས་སྟེགས་སུ་ཁེ་ལས་140བཅའ་སྡོད་བྱས་ཤིང་རིམ་རྩིས་བྱས་ན་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར་2.23ཟིན། མཱ་དབྱི་ཞིན་ཀྲན་ཞབས་ཞུ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དམར་གཙང་ཁུལ་དུ་བཅའ་སྡོད་བྱས་ཏེ་མཚོ་ཤར་གྲོང་ཁྱེར་གྱི་གློག་རྡུལ་ཚོང་དོན་དྲ་རྒྱའི་ཉོ་སྒྲུབ་ཉོ་ཚོང་བྱེད་ཚད་སྒོར་དུང་ཕྱུར་9.46ཟིན་ཡོད།
མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དུ་ཐོན་ལས་གྲངས་འཛིན་ཅན་གྱི་འཕེལ་རྒྱས་འགོ་ཚུགས་བཞིན་ཡོད་པ་དང་གཞི་གྲངས་ཆེན་པོའི་རོགས་སྐྱོར་འོག མཚོ་ཤར་གྱིས“འཕེལ་རྒྱས་ཀྱི་མྱུར་ཚད་མགྱོགས་སུ་གཏོང་བའི”ལས་དོན་རྒྱུན་ཆད་མེད་པར་སྤེལ་བཞིན་ཡོད་པ་རེད། ཉེ་ཆར།“འགན་འཁྲི་འཁུར་བ་དང་དངོས་སྒྲུབ་བྱས་རྗེས་འཇོག་པའི”བརྗོད་དོན་གཙོ་བོའི་བརྟག་ཞིབ་བཅར་འདྲི་ཚོགས་ཆུང་དང་མཉམ་དུ་མཚོ་ཤར་གྲོང་ཁྱེར་ཧོ་ཧོང་ཁུལ་གསར་དུ་གནས་པའི་ཀྲུང་གོ་གློག་འཕྲིན(རྒྱལ་ཁབ)གྲངས་འཛིན་མཚོ་སྔོན་ལྗང་མདོག་གཞི་གྲངས་ཆེ་མོའི་ལྟེ་གནས་སུ་བསྐྱོད་དེ་མཚོ་ཤར་གྱི་གཞི་གྲངས་ཆེན་པོའི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་ཐབས་མཆོག་འཚོལ་ཞིབ་བྱས་པ་རེད།
ཚོམས་ཆེན་དུ་སྐྱོད་པ་ན། གཞི་གྲངས་ལག་རྩལ་གྱི1:1སླར་གསོ་བྱས་པའི་གླིང་ཁུལ་གྱི་རྣམ་པ་དང་། རིག་ལྡན་དྲ་སྦུག་གི་སྔོན་ཐོན་རང་བཞིན་དང་། བཀོལ་སྤྱོད་མཐོང་ཐུབ་ཅན། 5G+ARདུས་ཐོག་ལྟ་ཞིབ་ཚད་ལེན་གྱི་ཤར་གྲངས་ནུབ་རྩིས་བཀོད་སྒྲིག 5Gདང་སྤྲིན་དྲ་མཉམ་འདྲེས། སྤྲིན་རྩིས་ལ་སོགས་རྨང་གཞི་འཛུགས་སྐྲུན་གསར་པའི་ལྟེ་བའི་ནུས་པ་འགྲེམས་སྟོན་བཅས་མིག་ལམ་དུ་སྣང་བའི་རྣམ་གྲངས་རེ་རེ་ཡིས་མི་རྣམས་ལ་ཚན་རྩལ་གྱི་ཚོར་བ་སྟེར་བཞིན་ཡོད།
མཚོ་ཤར་གྲོང་ཁྱེར་གཞི་གྲངས་ཆེ་མོའི་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཧོའུ་ཀྲི་ཡོན་གྱིས་ངོ་སྤྲོད་བྱ་རྒྱུར། གཞི་གྲངས་ཆེ་མོའི་ལྟེ་གནས་དེ་ནི་མཚོ་སྔོན་གྱིས་ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་འཚོལ་ཞིབ་གལ་ཆེན་ཏེ། ལྗང་མདོག་ནུས་རྒྱུའི་འཛད་སྤྱོད་བྱེད་སྟངས་གསར་པ་ཞིག་ཡིན་པ་དང་། རྒྱལ་ཡོངས་ཀྱི་ནུས་རྒྱུ་གཙང་མའི་ཁུངས་འདེད་ལྗང་མདོག་གཞི་གྲངས་ཆེན་པོའི་ལྟེ་གནས་ཀྱི་ཚད་ཤིང་ཐོག་མ་ཡིན་པར་མ་ཟད། རྒྱལ་ཡོངས་ཀྱི་གཞི་གྲངས་ཆེན་པོའི་ལྟེ་གནས་ཀྱི་ཁུངས་དྲའི་དྲ་སྦྲེལ་ལྗང་མདོག་རིག་ནུས་མཁོ་འདོན་མ་ལག་གི་དཔེ་སྟོན་མ་ལག་ཐོག་མའང་རེད།
གཞི་གྲངས་ཆེན་པོའི་ཐོན་ལས་ནི་འབྱུང་འགྱུར་ལ་ཕྱོགས་པའི་ཐོན་ལས་ཆེན་པོ་ཞིག་ཡིན་པས་མཚོ་ཤར་ལ་གཞི་གྲངས་ཆེན་པོའི་ཐོན་ལས་ཀྱིས་ཇི་ལྟར་མཐོང་ཆེན་བྱས་པ་ཡིན་ནམ།
རྒྱལ་ཡོངས་ལ་བལྟས་ན།མཚོ་ཤར་ལ་ས་ཁམས་གནམ་གཤིས་ཀྱི་དགེ་མཚན་མངོན་གསལ་ལྡན་པ་སྟེ། ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ7.6ཟིན་ཐུབ་པ་དང་། གཞི་གྲངས་ཆེ་མོའི་ལྟེ་གནས་ཀྱི་འཁོར་སྐྱོད་མ་རྩ་ཇེ་ཉུང་དང་འགྲན་རྩོད་ཀྱི་དགེ་མཚན་ལེགས་པོ་འདོན་ཐུབ་པའི་ཁྱད་ཆོས་ལྡན། མཚོ་སྔོན་ཞིང་ཆེན་དུ་གཞི་ཚུགས་པར་མཚོ་ཤར་ནི་ལན་གྲུ་དང་ཟི་ལིང་གྲོང་ཁྱེར་གཉིས་ཀྱི་འགག་རྩའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པ་དང་། མཚོ་ཤར་གྲོང་ཁྱེར་དམར་གཙང་ཁུལ་དུ་ཚོགས་རྒྱའི་གནམ་ཐང་ཡོད་པར་མ་ཟད། མཚོ་བོད་ལྕགས་ལམ། ལན་ཤིན་མྱུར་བགྲོད་ལྕགས་ལམ། ཅིང་བོད་མྱུར་བགྲོད་གཞུང་ལམ་སོགས་ས་ཁོངས་ཡོངས་སུ་འཕྲེད་དུ་བཅད་ཡོད་པ་སོགས་ ཀྱི་དགེ་མཚན་ལྡན།
“མཚོ་ཤར་གྱི་ཆ་ཚང་བའི་རྩིས་རྒྱག་ནུས་པ་དང་།ཐུན་མོང་མ་ཡིན་པའི་ལྗང་མདོག་གློག་ཤུགས་དང་དེ་བཞིན་ཐོན་ལས་ཀྱི་སྟོབས་ཤུགས་ཆེན་པོ་བཅས་ལས་མཚོ་ཤར་གྱིས་མཚོ་སྔོན་ཞིང་ཆེན་དུ་གཞི་གྲངས་ཆེ་མོའི་ཐོན་ལས་འཕེལ་རྒྱས་གཏོང་བའི་ཁྲིད་སྟོན་རང་བཞིན་གྱི་གནས་བབ་གཙོ་བོར་བཟུང་ཡོད། དགེ་མཚན་དེ་དག་རྒྱལ་ཁབ་ཀྱི་ཐཱན་ཏ་ཧྥིན་ཐཱན་ཀྲུང་ཧི་འཐབ་ཇུས་རྒྱབ་ལྗོངས་འོག་གཞི་གྲངས་ཆེན་པོའི་ལྟེ་གནས་འཕེལ་རྒྱས་གཏོང་བ་སོགས་ནུས་ཆེའི་ཐོན་ལས་ལ་ཡིད་དབང་འཕྲོག་ཤུགས་ཆེ་ཙམ་དང་ནུས་རྒྱུའི་འདེགས་སྐྱོར་བརྟན་པོ་ལྡན་ཡོད”ཅེས་ཧོའུ་ཀྲི་ཡོན་གྱིས་བཤད།
“ཤར་གྲངས་ནུབ་རྩིས”ཀྱི་རྒྱལ་ཁབ་འཐབ་ཇུས་ནང་ཧུར་ཐག་ཞུགས་ནས། ཉེ་བའི་ལོ་ཤས་རིང་མཚོ་ཤར་གྲོང་ཁྱེར་གྱིས་གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་།གཞི་གྲངསའི་རྩིས་རྒྱག་ནུས་པར་དབྱེ་ཞིབ།གཞི་གྲངསའི་གསོག་འཇོག་གེགས་འཚུབ།གཞི་གྲངསའི་བཀོལ་སྤྱོད་ཁྲོམ་ར་བཅས་ལ་དམིགས་ནས་གཞི་གྲངསའི་ཐོན་ཁུངས་ཁག་གཅིག་གཅིག་སྡུད་དང་།རྣམ་གྲངས་གལ་ཆེན་ཁག་གཅིག་དོན་འཁྱོལ་བྱེད་པ།ཁེ་ལས་ཁག་གཅིག་སྐོང་འགུག་བྱེད་པ།གཙོ་གནད་ཐོན་ལས་ཁག་གཅིག་སྐྱེད་སྲིང་བྱེད་པ་བཅས་བྱས་ཡོད།
ཀྲུང་གོ་གློག་འཕྲིན(རྒྱལ་ཁབ)གྲངས་འཛིན་མཚོ་སྔོན་གྱི་ལྗང་མདོག་གཞི་གྲངས་ཆེ་མོའི་ལྟེ་གནས་ཀྱིས་མིག་སྔར་འཕྲུལ་སྒྲོམ་3000བསྐྲུན་པརPUE་རིན་ཐང1.19ཟིན་པ་དང་།ཀྲུང་གོ་སྤོ་སྒུལ་མཚོ་སྔོན་ས་མཐོའི་གཞི་གྲངས་ཆེ་མོའི་ལྟེ་གནས་ཀྱི་དུས་ཐེངས་དང་པོར་འཕྲུལ་སྒྲོམ་3537གྱི་ཞབས་ཞུའི་ནུས་པ་མཁོ་འདོན་བྱེད་ཆོག་པ་དང་། དུས་ཐེངས་གཉིས་པར“གནོད་འཚེ་གྲ་སྒྲིག་རྨང་གཞིར་བྱེད་པ་དང་ཉར་ཚགས་དང་བེད་སྤྱོད་གཞི་གཅིག་ཏུ་འགྱུར་བའི”ལྗང་མདོག་གཞི་གྲངས་ཆེ་མོའི་སྣོད་བཅུད་དཔལ་འབྱོར་དངོས་ཚན་རབས་གསར་པ་གཏོད་རྒྱུ་དང་།མཚོ་སྔོན་གྱི་གཞི་གྲངས་མཚེའུ་ལ་མ་དངུལ་སྒོར་དུང་ཕྱུར་2.2བཏང་ནས་ཁབ་ལེན་གསོག་ཚད་40PBདང་། འོད་གསོག་འཇོག164PB། སྤྲིན་ཚོགས་ཞབས་ཞུའི་མཚམས་ཚིགས་30བཅས་PUEརིན་ཐང1.18ཟིན་པ། ཁྲུང་ཆིང་དབྱི་ཀྲུང་གཞི་གྲངས་ནུས་རྒྱུ་ཚན་རྩལ་ཚད་ཡོད་ཀུང་སིའི“གཞི་གཅིག་ཅན་གྱི་ལྗང་མདོག་གློག་གཏོང་གཞི་གྲངསའི་ལྟེ་གནས་དང་དེ་བཞིན་ཚ་ནུས་ལྷག་མ་ཚུར་བསྡུའི་རྣམ་གྲངས”ལ་མིང་རྟགས་བཀོད་ཟིན་པ་རེད།
ད་ལོའི་ཟླ་7ཚེས་22ཉིན“དར་གོས་ཡོན་ཀུའུ”མཚོ་ཤར་དུ་བཅའ་སྡོད་བྱས་ཏེ། མཚོ་ཤར་དུ་ནུབ་བྱང་གི་གཞི་གྲངས་ཡོན་ཀུའུ་གསར་འཛུགས་དང་། མཚོ་སྔོན་གྱི་གཞི་གྲངས་ཆེ་མོའི་ཐོན་ལས་འཕེལ་རྒྱས་སྔོན་སྐྱོད་ཁུལ་དང་། དཔལ་འབྱོར་དང་གྲངས་འཛིན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་སྤེལ་བའི་དཔེ་སྟོན་ཁུལ་བཏོད་པ་བཅས་ཀྱི་མགོ་ཚུགས་ས་གསར་པ་ཞིག་ཏུ་གྱུར་པས “རྒྱུད་གཅིག་ལམ་གཅིག”གི་གྲངས་འཛིན་དར་གོས་ལམ་སྟེང་དུ་ཡོད་པའི་མཚོ་ཤར་གྱི་གསར་གཏོད་སྒུལ་ཤུགས་བསླངས།
བབ་བསྟུན་ལས་སྒྲུབ་བྱས་ན་ལག་རྗེས་ཆེན་པོ་འཇོག་ཐུབ། མཚོ་ཤར་གྱིས་རིག་ལྡན་གྲོང་ཁྱེར་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་།རྩིས་རྒྱག་ནུས་པའི་རྨང་གཞིའི་དྲ་རྒྱ་འཛུགས་སྐྲུན་ལ་མཐུན་སྦྱོར་མགྱོགས་སུ་གཏོང་བ།གྲངས་འཛིན་ཐོན་ལས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་མགྱོགས་སུ་གཏོང་བ།ཐོན་ལས་གཞི་གྲངས་ཅན་གྱི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གཞི་གྲངས་ཆེ་མོའི་ཐོན་ལས་དེ་མཚོ་ཤར་གྱི་འབྱུང་འགྱུར་ཐོན་ལས་སུ་འགྱུར་བར་བྱ་རྒྱུ་རེད།
ལོ་ཙཱ་བ། ལྷ་ཆེན་རྒྱལ།