“རྨོ་མོ་ལགས་ཀྱིས་སྨན་འདི་ཐེངས་རེར་རིལ་བུ་གཉིས་རེ་འཐུང་དགོས།ཉིན་རེའི་ནངས་དགོང་རེ་རེར་ཐེངས་རེ་ཡིན།ངས་སྨན་སྒམ་ནང་དུ་བཞག་ཡོད། ཁྱོད་ལ་ད་དུང་མི་ཤེས་པ་ཅི་ཞིག་ཡོད་ན་ང་ལ་ཁ་པར་གཏོང་རོགས། ང་སྐར་མ་བཅུའི་ནང་ཁྱོད་ཀྱི་ཁྱིམ་དུ་ཡོང་རྒྱུ་ཡིན།”
“སྤོ་བོ་ལགས། ཉོས་ཟིན་པའི་སྔོ་ཚལ་འཁྱག་སྒམ་ནང་བླུགས་པ་དང་།ཐབ་ཚང་ཡང་གཙང་སྦྲ་བྱས་ཚར་རྗེས་ང་ལ་ཁ་པར་བརྒྱབ་ནས་ངས་ཁྱེད་ལ་བསྐྱལ་ཡོང”།
“ཨ་ཅག་ལགས། ཁྱེད་རང་གཞིས་ཁུལ་དུ་འདི་འདྲ་ཡུན་རིང་བསྡད་པས་སྟབས་བདེ་པོ་མི་འདུག་གམ།ཁྱེད་ཀྱིས་བལྟས་ན་ང་ཚོའི་ཞབས་ཞུ་གང་དུ་ལེགས་བཅོས་བྱེད་དགོས་སམ”།
ཉེ་སྔོན། གསར་འགོད་པ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་རྨ་སྲིབ་གྲོང་རྡལ་ནན་ཧེ་སྡེ་ཁུལ་དུ་བསྐྱོད་དེ་ཁོང་ཚོས་འགྲོ་སྐྱོད་སྟབས་བདེ་མེད་པའི་གྲོང་མི་དང་རྒན་རྒོན་ཚོགས་སྤྱིར་ཚབ་ཉོ་ཚབ་སྒྲུབ་ཀྱི་ཞབས་ཞུ་སྤེལ་བ་དང་རང་འགུལ་ངང་གྲོང་མི་མང་ཚོགས་ལ་བསམ་འཆར་བསྡུ་ལེན་ཧུར་ཐག་བྱས་ནས་སྡེ་ཁུལ་གྱི“1+4+N”ཏང་འཛུགས་སྐྱོང་ལས་དོན་གྱི་བཅའ་ཁྲིམས་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་སྡེ་ཁུལ་གྱི་ཞབས་ཞུའི་ནུས་པ་དང་གྲོང་མིའི་འཚོ་བའི་སྤུས་ཚད་ནུས་པ་ཇེ་མཐོར་བཏང་བ་རེད།
མཚོ་སྔོན་ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འགན་འཁྲི་དངོས་སྒྲུབ་དང་བྱས་རྗེས་འཇོག་པའི་སྲོག་ཤིང་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་ཏན་ཏིག་ངང་དོན་ཐོག་ཏུ་འཁྱོལ་བ་དང་།དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གཡུལ་ས་གཙོ་བོར་ཞུགས་པ།དམངས་འཚོ་ལེགས་སུ་གཏོང་བའི་ཐད།དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་། དམངས་འཚོའི་ཞན་ཆ་གང་མགྱོགས་གསབ་རྒྱུ་དེ་སྔར་བས་འབུར་ཐོན་གྱི་གནས་སུ་འཇོག་པ། བརྩེ་སེམས་བཅངས་ནས་ལས་ཞུགས་དང་། སྨན་བཅོས། སྡོད་ཁང་སོགས་མང་ཚོགས་ཀྱི་དཀའ་ཉེན་དང་རེ་སྒུག་གནད་དོན་ཐག་གཅོད་ཤུགས་ཆེན་བྱེད་པ། འབད་འཐབ་བྱས་པ་བརྒྱུད་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་ཉིན་རེ་ལས་ཉིན་རེར་ཡག་ཏུ་འགྲོ་བ་བཅས་བྱེད་དགོས།
ནན་ཧེ་སྡེ་ཁུལ་གྱི་ཁུལ་ཆུང་ཁ་ཐོར་དང་དགོས་མཁོ་སྣ་མང་བཅས་ཀྱི་གནས་ཚུལ་ལ་དམིགས་ནས་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཡིས་དོན་དངོས་ལ་གཞི་ཚུགས་པ་དང་།གནད་དོན་གྱི་ཁྲིད་ཕྱོགས་དང་དགོས་མཁོའི་ཁྲིད་ཕྱོགས་མངོན་གསལ་དོད་པོ་ཡོང་བ།ཐོན་ཁུངས་གཅིག་སྡུད་དང་ཕྱོགས་མང་མཉམ་འགུལ་བཅས་བྱས་ཏེ“1+4+N”ཏང་འཛུགས་སྐྱོང་ལས་དོན་གྱི་བཅའ་ཁྲིམས་གསར་གཏོད་བྱས་ནས་ཏང་དང་མང་ཚོགས་ཀྱི་ཞབས་ཞུཁྱིམ་ཚང་སྨན་པ་སོགས་སྟོབས་ཤུགས་ཀྱིས“ཏང་ཡོན་གྱིས་དུད་ཚང་འགན་གཙང་ལེན་པ”དང་།“གྲོང་མིའི་གྲོས་མོལ”“ཚོགས་པ་སྒྲིག་འཛུགས་ཞབས་ཞུ”“རིག་གནས་ཀྱི་ལྟེ་བའི་ཞིང་ཁ”སོགས“N”ཁྱད་ལྡན་ཞབས་ཞུའི་བྱེད་སྒོ་གཞོགས་འདེགས་སུ་བྱེད་པའི་དུས་རབས་གསར་པའི་སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་བཅོས་སྐྱོང་བྱེད་སྟངས་སྤེལ་ནས་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་གིས་སྡེ་ཁུལ་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་རྒྱུར་སྣེ་ཁྲིད་བྱས་ཏེ་སྡེ་ཁུལ་བཅོས་སྐྱོང་དེ་བས་གནད་སྨིན་དང་།དེ་བས་ཞིབ་ཚགས་སུ་གཏང་དགོས།
གསར་འགོད་པ་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་514ཟིན་པའི་ནན་ཧེ་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་སུ་སྐྱོད་སྐབས་དེ་གར་ཏང་ཡོན་བྱེད་སྒོ་ཁང་དང་།མི་རིགས་མཐུན་སྒྲིལ་གསར་གཏོད་ཁང་།གཞོན་ནུ་བུད་མེད་བྱེད་སྒོ་ཁང་།དམངས་ཕན་ཞབས་ཞུའི་ཚོམས་ཆེན།གྲོང་མིའི་བྱེད་སྒོའི་ཐང་ཆེན་སོགས་ས་ཁོངས་ཡོད་པ་དང་ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་རྩ་འཛུགས་དང་།སྡེ་ཁུལ་གྱི་གྲོང་མི།ལས་རྣམ་གསར་པའི་ལས་ཞུགས་ཚོགས་སྤྱིར་ཏང་འཛུགས་སྐྱོང་གི་སློབ་གསོ་དང་།ཏང་གི་ལོ་རྒྱུས་དྲིལ་བསྒྲགས།རིག་གནས་བྱེད་སྒོ་སོགས་ཀྱི་ཞབས་ཞུའི་འགན་ནུས་འཁུར་བཞིན་ཡོད།
ནན་ཧེ་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་འདི་ལོའི་ཟླ་བདུན་པར་བསྐྲུན་ནས་སྤྱོད་འགོ་ཚུགས་རྗེས་སྡེ་ཁུལ་ཏང་ཀྲི་པུའུ་ཡིས་སློབ་ཚན་ལྔ་དང་མཉམ་དུ་ཏང་འཛུགས་སྐྱོང་སྤུས་རྟགས་རིམ་སྤོར་ལ་དམིགས་ནས་དམག་ཞབས་ཐིམ་པའི་དམག་མིའི་ཁྱིམ་ཚང་དང་།ལོ་ཆུང་ལས་དོན་ཨུ་ལྷན།གཞོན་ནུ་ལོ་ཆུང་གི་ཁྱིམ་ཚང་བཅས་ལས་སྟེགས་སུ་བྱས་ཏེ་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་དང་བྱེད་སྒོ་རབ་དང་རིམ་པ་གཞི་རྟེན་དུ་བྱས་ནས“ངའི་ལས་གནས་ཐོག་ངས་འགན་འཁུར་བ་དང་།ལས་གནས་ཐོག་བློ་བདེ”དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་7གྱི་དང་བླངས་ཞབས་ཞུ་རུ་ཁག་གིས་སྐར་མ་10ཡི་ནང་དམངས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་བསྡུ་རུབ་དང་དམངས་འཚོའི་དོན་གནད་སྒྲུབ་པའི་ནུས་ཆེའི་ཞབས་ཞུ་བསྒྲུབས་པས་དོ་དམ་གོ་རིམ་ལྡན་པ་དང་ཞབས་ཞུ་འཐུས་སྒོ་ཚང་བའི་སྡེ་ཁུལ་བཅོས་སྐྱོང་གི་རྣམ་པ་གསར་པ་ཞིག་ཆགས་ཡོད་པ་རེད།
ནན་ཧེ་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཝང་ཀྲན་ཅུན་གྱིས།“ང་ཚོས་མཚོ་སྔོན་ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཚོགས་འདུའི་དགོངས་དོན་དང་སྡེ་ཁུལ་ལས་དོན་ཟུང་འབྲེལ་བྱས་ཏེ།‘ཏན་ཏིག’ལ་གཞི་ཚུགས་པ་དང་།‘སི་འབྲུའི་ཁྱིམ་གཞིས’མི་རིགས་མཐུན་སྒྲིལ་སྤུས་རྟགས་རྒྱུན་མཐུད་ངང་རྒྱ་ཆེར་བཏང་ནས་མི་རིགས་ཁག་དབར་འགྲོ་འོང་རྒྱ་ཁྱབ་དང་།ཕྱོགས་ཡོངས་ནས་སྤེལ་རེས།མཉམ་འདྲེས་གཏིང་ཟབ་བཅས་ཀྱི་ཞན་ཆ་རྒྱུན་ཆད་མེད་པར་གསབ་པ་དང་།དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོར་བྱེད་ཤུགས་ནན་ཧེ་སྡེ་ཁུལ་གྱི་ལས་ཀའི་གཡུལ་ས་གསར་པ་ཧུར་ཐག་བཏོད་དེ་མི་སེར་གྱིས་མིག་མཐོང་ལག་ཟིན་ཐུབ་པ་དང་དངོས་ཕན་ཐོབ་པ་བཅས་ཀྱི་བྱ་བ་དངོས་སྔར་བས་ཡག་པོ་སྒྲུབ་པ་དང་།ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་རྣམ་འགྱུར་ཐོག་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྡེ་ཁུལ་ལས་དོན་གྱི་མྱུར་ཚད་མགྱོགས་སུ་བཏང་ནས་སྡེ་ཁུལ་ལས་དོན་གྱི་གྲུབ་འབྲས་བཟང་པོ་གཏོད་དགོས།
“ཧོ་དབྱིང་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་དང་།མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས།གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས།གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་བཅོས་སྐྱོང་བྱ་རྒྱུ་དམ་འཛིན་བྱ་གཞིར་བཅས་བྱས་ཏེ་ལས་དོན་དཔུང་ཁག་སྟོབས་ཆེར་གཏོང་བ་དང་།བཅོས་སྐྱོང་གི་དཀའ་གནད་འགག་སྒྲོལ་བྱེད་པ།ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཕྱོགས་གསུམ་ཐད་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་དང་།གནོན་ཤུགས་ཆེ་རུ་བཏང་ནས་སྐུལ་འདེད་བཏང་བས་སྡེ་ཁུལ་ཞབས་ཞུའི‘གསར་སྒྱུར’ནས‘གསར་གཏོད’བར་མངོན་འགྱུར་བྱུང་ནས་སྡེ་ཁུལ་ཞབས་ཞུའི་སྤྱི་ཡོངས་ཀྱི་ཆུ་ཚད་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མངོན་གསལ་དོད་པོཅེས་ཧོ་དབྱིན་གྲོང་རྡལ་ཏང་ཨུད་རྩ་འཛུགས་ཨུ་ཡོན་དབྱང་ཀྲི་རུང་གིས་བཤད།
སླད་ཕྱིན་ཧོ་དབྱིང་གྲོང་རྡལ་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་སྡེ་ཁུལ་ལ་ཞབས་འདེགས་ཞུ་བ་དང་དམངས་ལ་བྱ་བ་དངོས་སྒྲུབ་པའི་ལག་ལེན་ཁྲོད་དོན་འཁྱོལ་བྱེད་པ་དང་།ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱ་རྒྱུ་དེ“འཁོར་ལྟེ”དུ་བྱེད་པ།ཏང་རྩ་འཛུགས་ཀྱི་“བློ་ཁ་ཕྱོགས་ཤུགས་”ཡི་ནུས་པ་འདོན་སྤེལ་བྱེད་པ།སྡེ་ཁུལ་གྱི“ཏང་ཨུད་ཆེན་པོའི”ལས་ཀའི་ལམ་སྲོལ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ།ཐོན་ཁུངས་སྣ་ཚོགས་བསྡུ་སྒྲིལ་ནུས་ལྡན་བྱེད་པ།ཐོན་ཁུངས་མཉམ་སྤྱོད་དང་།ལེགས་ཆ་གསབ་རེས།མཉམ་ལས་གཉིས་ཕན་བཅས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་གི་རྣམ་པ་གསར་པ་ཞིག་གཏོད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་གཞི་རིམ་བཅོས་སྐྱོང་ལ་སྔར་ལས་ཤུགས་སྣོན་དགོས།
ལོ་ཙཱ་བ། ལྷ་ཆེན་རྒྱལ།