“ས་ཚིགས་གཅིག་གི་རྣམ་པ”ཞེས་པའི་ཞབས་ཞུས་འབའ་རྫོང་གི་གཞི་རིམ་བཅོས་སྐྱོང་ལ་སྔར་བས་དྲོད་ཁོལ་བསྐྱལ་བ།

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། རྩོམ་པ་པོ། : ལྷ་ཆེན་རྒྱལ། སྤེལ་དུས། : 2023-09-04

རང་རེའི་དྲ་བའི་འཕྲིན། “བཅའ་ཁྲིམས་ཀྱི་ཞབས་ཞུ་གང་དུ་འཚོལ་དགོས་སམ། འགལ་ཟླ་དང་རྩོད་གཞི་ཡོད་ཚེ་ཇི་ལྟར་བྱེད་དགོས་སམ།ཞུ་གཏུག་མ་བྱས་གོང་འདུམ་འགྲིག་བྱེད་སྐབས་སུ་འཚོལ་དགོས་སམ”ཞེས་གནས་ཚུལ་སྤེལ་བ་རེད།སྔོན་ཆད་གཞི་རིམ་གྱི་ཞིང་འབྲོག་མང་ཚོགས་ཀྱི་སྤྱི་བདེ་དང་།ཁྲིམས་ཁང་།ཁྲིམས་འཛིན།ཡིག་སྐུར་ངོ་གཏུགའགལ་ཟླ་འདུམ་འགྲིག་སོགས་ཀྱི་འབྲེལ་ཡོད་གནད་དོན་རྒྱུན་དུ་“སྡེ་ཚན་མང་པོས་རྒྱུག་པ་དང་།གོ་རིམ་མང་པོར་རྒྱུག་པ།དུས་ཚོད་མང་པོར་རྒྱུགས་པ”བཅས་བྱེད་ཀྱི་ཡོད་པས་སྐབས་འགར་གནད་དོན་ཐག་གཅོད་བྱེད་མི་ཐུབ།

དཀའ་གནད་ཇི་ལྟར་གཏོར་དགོས་སམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་གིས་འགལ་ཟླ་དང་རྩོད་གཞི་མཉམ་སྒྲིག་ཞབས་ཞུ་དང་།ཕྱོགས་བསྡུས་བཅོས་སྐྱོང་བརྟན་ལྷིང་སྲུང་སྐྱོང་།ཡིག་བསྐུར་ངོ་བཅར་སྣེ་ལེན།སྤྱི་པའི་བཅའ་ཁྲིམས་ཞབས་ཞུ།གཏུག་བཤེར་ཞབས་ཞུ་སོགས་ཐོན་ཁུངས་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས“ས་ཚིགས་གཅིག་གི་རྣམ་པ”ཞེས་པའི་གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་བཙུགས་ཏེ་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད།

ཟླ་8ཚེས་26ཉིན་གསར་འགོད་པ་འབའ་རྫོང་གི“ས་ཚིགས་གཅིག་གི་རྣམ་པ”ཞེས་པའི་གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་སུ་བསྐྱོད་སྐབས།མིག་ལམ་དུ་འཆར་བ་ནི“འདུམ་འགྲིག་གྱང་”ཐོག་ལག་མཐིལ་གྱིས་ཁེངས་པ་ཞིག་རེད།“ང་ཚོས་འདུམ་འགྲིག་བྱས་པའི་དོ་བདག་དབར་འདུམ་འགྲིག་བྱས་རྗེས་ཕན་ཚུན་མཐུན་སྦྱོར་གྱི་ཕྱོགས་སུ་ཁོང་ཚོའི་ལག་མཐིལ་གྱི་ཐམ་ག་བཞག་ནས་ལག་མཐིལ་གྱི་ཐོག་མིང་རྟགས་བཀོད་དེ་ཕན་ཚུན་སྐད་ཆ་ཤོད་པ་དང་ཕན་ཚུན་མཐུན་སྦྱོར་ཡོང་བ་བྱེད་ཀྱི་ཡོད”“ས་ཚིགས་གཅིག་གི་རྣམ་པ”གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་མི་སྣ་རྡོ་རྗེ་ཚེ་རིང་གིས་གསར་འགོད་པར་ངོ་སྤྲོད་བྱས།

“ང་ཚོས‘འགན་འཁྲི་རྒྱ་མ་སྟོང་འཁུར་ཕོད་པ་དང་།‘གཉའ་རུས་མཁྲེགས་པོ་’སེལ་ཕོད་པ།ཡིད་ཆེས་བརྟན་དུ་གཏོང་བ།རྣམ་པ་ལེགས་སུ་གཏོང་བ།ངར་ཤུགས་ཆེར་སྐྱེད་བཅས་བྱས་ཏེ་ལས་སྒྲུབ་ལས་གཏོད་ཀྱི་ཁབ་ལེན་ར་བ་ཆེན་པོ་གཅིག་ཏུ་སྒྲིལ་དགོས”ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་དངོས་སྒྲུབ་ཁ་ཕྱོགས་གསལ་སྟོན་བྱས་ཡོད།སྤྱི་ཚོགས་དོ་དམ་དེ་སྤྱི་ཚོགས་བཅོས་སྐྱོང་ལ་འགྱུར་ལྡོག་གཏོང་ཆེད།འབའ་རྫོང་གིས“རིམ་གསུམ་མཉམ་འགུལ་དང་།རྩ་གསུམ་མཉམ་སྒྲིག་”གི་ས་ཁོངས་ཡོངས་ཀྱི་ལངས་གཟུགས་རྣམ་པའི་འགལ་ཟླ་དང་རྩོད་གཞི་ཕྱོགས་བསྡུས་མཉམ་སྒྲིག་ཞབས་ཞུ་ལྟེ་གནས་རྨང་གཞིར་བྱས་ཏེ་རྫོང་དང་།ཤང(གྲོང་རྡལ)གྲོང་ཚོ(སྡེ་ཁུལ)བཅས་ཕྱོགས་བསྡུས་མཐུན་སྦྱོར་དང་།སྣ་མང་མཉམ་བཅོས།སྤྱི་ཚོགས་ཐུན་མོང་ཐོག་ཞུགས་པ་བཅས་ཀྱི་འགལ་ཟླ་དང་རྩོད་གཞི་རིམ་པ་གསུམ་གྲལ་བཤེར་དང་སེལ་བའི་ལས་ཀའི་རྣམ་པ་འཚོལ་ཞིབ་བྱས་ནས་མི་དམངས་ཀྱིས་སྲིད་འཛིན་འདུམ་འགྲིག་དང་།

“མཐའ་འཁོར་གྱི་མི་ཚང་མས་ང་ལ་གནད་དོན་ཡོད་ཚེ‘ས་ཚིགས་གཅིག་གི་རྣམ་པ’ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་འཚོལ་གྱི་ཡོད།དེ་འདྲ་མ་བྱུང་ཚེ་འཕྲལ་མར་རྩྭ་ཐང་གི་རྩོད་གཞིའི་འབྲེལ་ཡོད་གནད་དོན་ཐག་གཅོད་ཐུབ་མིན་ལ་ལྟ་བར་ཡོང་གི་ཡོད”ཞོལ་མ་ཤང་སྡེ་དགེ་གྲོང་ཚོར་སྡོད་པའི་ཚེ་རིང་རྡོ་རྗེས་ཚོད་ལྟ་ཞིག་བྱས་ནས་རོགས་རམ་བྱེད་ཀྱི་ཡོད།

“ས་ཚིགས་གཅིག་གི་རྣམ་པ”ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱིས་གནས་སའི་ལྟེ་གནས་སྤྱི་བདེ་དང་།ཁྲིམས་ཁང་།ཁྲིམས་འཛིན།ཡིག་བསྐུར་ངོ་བཅར།འགལ་ཟླ་འདུམ་འགྲིག་བཅས་སྡེ་ཚན་དང་མཉམ་འབྲེལ་བྱས་ཏེ་རྩྭ་རའི་རྩོད་གཞིར་དམིགས་ནས་དུད་ཚང་དུ་བསྐྱོད་དེ་བཅར་འདྲི་དང་བརྟག་དཔྱད་བྱེད་པ་དང་བཅའ་ཁྲིམས་ཀྱི་དོན་ཚན་དང་དེ་སྔའི་དཔེ་མཚོན་ལ་བརྟེན་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་དང་སྲིད་ཇུས་སྒྲོག་འགྲེལ་བྱས་ཏེ་དོན་འབྲེལ་ཕྱོགས་གཉིས་པོར་རྩྭ་རའི་དབྱེ་མཚམས་བསྐྱར་དུ་དབྱེ་ནས་མཐར་ཐག་གཅོད་ཐུབ་ཡོད།

དོན་དག་དང་འབྲེལ་བ་ཡོད་པའི་མི་གྲངས་མང་བ་དང་དུས་ཚོད་རིང་པོ་ཡོད་མོད།འོན་ཀྱང་ཐག་གཅོད་བྱེད་རིང་ཕྱོགས་གཉིས་པོའི་དོ་བདག་ལ་སེམས་འགུལ་ཐེབས་མེད་པར་ངང་རྒྱུད་རིང་པོས་ས་ཚིགས་གཅིག་གི་རྣམ་པ་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་མི་སྣའི་བསམ་འཆར་ཉན་པ་དང་ཐག་གཅོད་བྱས་འབྲས་ཕྱོགས་གཉིས་པོས་ཁ་བཏགས་ཕུལ་ནས་ཁས་ལེན་བྱེད་ཀྱི་ཡོད།

རྡོ་རྗེ་ཚེ་རིང་གིས་གསར་འགོད་པར་དེ་སྔ་རྫོང་དང་།ཤང(གྲོང་རྡལ)གྲོང་ཚོ(སྡེ་ཁུལ)བཅས་རིམ་པ་གསུམ་དུ་དབྱེ་བ་དང་།ཆ་འཕྲིན་ཤར་གཏོང་མི་ཐུབ་པ།ཕན་ཚུན་ཐ་དད་དུ་གྱུར་པ།ཐག་གཅོད་ཀྱི་ཕན་འབྲས་ཡག་པོ་མེད་པ་བཅས་ཀྱི་དབང་གིས་ད་ཆ“ས་ཚིགས་གཅིག་གི་རྣམ་པ”ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཡོད་པས་ཞིང་འབྲོག་པས་སོ་ལྟ་བྱེད་པ་དང་།སྡེ་ཚན་གྱིས་གནས་ཚུལ་སྤེལ་བ།ཤང་གྲོང་གཞོགས་འདེགས་བྱེད་པའི་ལམ་སྲོལ་ཞིག་ཆགས་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།ད་དུང་ཞིང་འབྲོག་མང་ཚོགས་ཀྱིས་བྱ་བ་སྒྲུབ་སྐབས“སྒོ་གཅིག་ལས་མེད་པ་དང་།    སྒེའུ་ཁུང་གཅིག་ནས་བདག་སྤྲོད་བྱེད་པ།    སྟབས་གཅིག་ཅན།    ཆ་ཚང་བའི་ཞབས་ཞུ།    སྡེབ་གཅིག་ཏུ་སེལ་བ”བཅས་མངོན་འགྱུར་བྱུང་ནས་ཐོན་ཁུངས་ཁག་བགོས་ནས་གཅིག་སྡུད་དང་།    སྟོབས་ཤུགས་ཁ་ཐོར་ནས་ཟླ་སྒྲིལ་གཏོང་བ།    དོ་དམ་རགས་པ་ནས་ཞིབ་ཕྲར་སྒྱུར་བ།    ལམ་སྲོལ་དོན་ཚན་ནས་མཉམ་འདྲེས་ཐུབ་པ་བཅས་བྱུང་ཡོད།    

“ས་ཚིགས་གཅིག་གི་རྣམ་པ”ཞེས་པའི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཡག་པོ་གཉེར་ཡོད་མེད་གཙོ་བོ་མང་ཚོགས་ཀྱིས་ཤེས་རྟོགས་ཐུབ་པ་དང་།གཙོ་བོ་མང་ཚོགས་ཀྱིས་ཁས་ལེན་བྱེད་པ།དེའི་དམིགས་ཡུལ་ནི་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན།གསར་འགོད་པས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ནས་ཕྱོགས་བསྡུས་བཅོས་སྐྱོང་དང་།འགལ་ཟླ་དང་རྩོད་གཞི་འདུམ་འགྲིགཡིག་བསྐུར་ངོ་བཅར་སྣེ་ལེན།སྤྱི་པའི་བཅའ་ཁྲིམས་ཞབས་ཞུ།གཏུག་བཤེར་ཞབས་ཞུ་བཅས་ཀྱི་དོན་ཚན་ཚང་མ་བརྒྱུད་རིམ་རི་མོ་བཟོས་པ་དང་ཆབས་ཅིག་སྤྱི་བདེ་དང་།ཁྲིམས་ཁང་།ཁྲིམས་འཛིན།ཡིག་བསྐུར་ངོ་བཅར་སོགས་སྡེ་ཚན་ལྟེ་གནས་སུ་བཅའ་སྡོད་བྱས་ནས་དམངས་ཕན་ཞབས་ཞུའི་ལེགས་ཤོས་དང་།སྟོབས་ཤུགས་བཟང་ཤོས་བཅས་གཅིག་ཏུ་བསྡུས་ནས་བརྒྱུད་རིམ་ཡོངས་ལ་ཁྱབ་པའི་ཞབས་ཞུའི་སྒྲིག་གཞི་ཞིག་ཏུ་གྲུབ་ཡོད།

མིག་སྔའི་བར་ཟླ་གཅིག་ཁོ་ནར་འབའ་རྫོང་གི“ས་ཚིགས་གཅིག་གི་རྣམ་པ”གྲོང་ཁྱེར་ཁོངས་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱིས་འགལ་ཟླ་དང་རྩོད་གཞི་ཁག་29བདག་སྤྲོད་བྱས་པ་དང་།ཁག་21འདུམ་འགྲིག་བྱས་པ།མི་ཐེངས་100ཙམ་ལ་བཅའ་ཁྲིམས་རོགས་སྐྱོར་མཁོ་འདོན་བྱས་པས་མང་ཚོགས་ཀྱི་སེམས་ཁྲལ་དང་།སེམས་ཁྲལ།སེམས་ཁྲལ་བཅས་ཐག་གཅོད་བྱས་པས་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད།

སྤྱི་ཚོགས་བཅོས་སྐྱོང་བཟང་པོ་ནི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་སྔོན་འགྲོའི་ཆ་རྐྱེན་དང་འགན་ལེན་ཡིན་པ་དང་།བདེ་སྡོད་ལས་བརྩོན་ནི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་གི་བསམ་འདུན་ཡིན་པ་རེད།“ས་ཚིགས་གཅིག་གི་རྣམ་པ”གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་བསྐྲུན་ནས་ཞིང་འབྲོག་པ་མང་ཚོགས་ལ་ཐོབ་ཚོར་དང་།བདེ་སྐྱིད་ཚོར་སེམས།བདེ་འཇགས་ཚོར་སེམས་བཅས་མཐོང་ཐུབ་པ་དང་།རེག་ཐུབ་པ།ཚོར་སྣང་ཐུབ་པ་བཅས་བྱས་ཏེ་ཁྱད་ལྡན་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཅིག་ཆགས་པ་བྱེད་དགོས།

ལོ་ཙཱ་བ། ལྷ་ཆེན་རྒྱལ།