དོན་དངོས་ལག་བསྟར་དང་འགན་འཁྲི་ཕྲག་ཏུ་འཁུར་ནས་མི་དམངས་བློ་ཡིད་ཚིམ་པའི་སྤྱི་ཚོགས་ལས་དོན་སྤུས་ལེགས་འཕེལ་རྒྱས་ཀྱི་རྒྱུགས་ལན་སྤྲད་པ།

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། རྩོམ་པ་པོ། : ལྷ་ཆེན་རྒྱལ། སྤེལ་དུས། : 2023-09-04

རང་རེའི་དྲ་བའི་འཕྲིན། “ད་ཐེངས་ཀྱི་ཚོགས་འདུའི་ཐོག་ཞིང་ཨུད་ཀྱིས་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་ཡར་བརྩོན་གྱི་ཆབ་སྲིད་རང་རྟོགས་གང་ལེགས་མངོན་ཡོད”།

“ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་རྒྱུ་ཡིན”།

“ང་ཚོས་ཞིང་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་དང་སྤེལ་བཞིན་པའི་བརྗོད་དོན་གཙོ་བོའི་སློབ་གསོ་མཐིལ་རྟོགས་ཐུབ་པ་བྱ་རྒྱུ་ཡིན”།

ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་རྗེས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ཏང་ཙུའུ་ཡིས་ཞིང་ཨུད་ཀྱི་གོམ་སྟབས་ཀྱི་རྗེས་སུ་དམ་པོར་འབྲངས་ཏེ་འཕྲལ་དུ་ཐིང་ཏང་ཙུའུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཚོགས་འདུ་སྒྲིག་འཛུགས་བྱས་ནས་ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་འབྲེལ“ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་པོ་ཡོང་བ་བྱེད་དགོས”ཞེས་པའི་བརྗོད་བྱ་གཙོ་བོ་དེར་དམིགས་ནས་ཆེད་དོན་བགྲོ་གླེང་བྱས་པ་རེད།

བགྲོ་གླེང་ཚོགས་འདུའི་ཐོག་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཏང་ཙུའི་ཁོངས་མི་འབྲེལ་ཡོད་ཁྲུའུ་ཡི་འགན་འཁུར་བློ་མཐུན་གྱིས་བརྗོད་དོན་གཙོ་བོ་དང་ལས་ཀའི་དོན་དངོས་ལ་དམ་པོར་དམིགས་པ་དང་།ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་བྱས་པའི་གོ་རྟོགས་དང་ཟུང་འབྲེལ་བྱས་ཏེ། ཤེས་རྟོགས་དང་མྱོང་ཚོར་ལྷུག་པོར་གླེང་བ་དང་།    བསམ་གཞིག་དང་རྟོགས་པ་དང་ཉམས་ལེན་གྱི་སྤྱོད་པ་མཚོན་པར་བྱེད་པ།    

ད་རེས་ཀྱི་ཚོགས་འདུའི་ཐོག་ཞིང་ཨུད་ཀྱིས་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་ཡར་བརྩོན་གྱི་ཆབ་སྲིད་རང་རྟོགས་གང་ལེགས་མངོན་པ་དང་།འགན་འཁྲི་དངོས་སྒྲུབ་དང་བྱས་རྗེས་འཇོག་པའི་བསམ་ཕྱོགས་དང་བྱེད་ཐབས་ཁ་གསལ་བཟོས་པ།ཏང་ནན་སྐྱོང་དང་དཔོན་རིགས་ནན་སྐྱོང་གི་བློ་སྟོབས་བརྟན་པོ་མཚོན་པ།ཉམས་ལེན་འབད་སྒྲུབ་དང་གོང་གིས་འོག་ལ་སྣེ་ཁྲིད་བྱེད་པའི་ཁྲིད་ཕྱོགས་གསལ་པོ་མངོན་པ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་མི་སྤྱིའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཛུབ་ཁྲིད་གསལ་པོ་བྱས་ཡོད།

“ད་ལོ་ནས་བཟུང་ང་ཚོས་ཏང་ཀྲུང་དབྱང་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་།ཞིང་ཆེན་སྲིད་གཞུང་བཅས་ཀྱི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་དོན་གྱི་ཁྱད་ཆོས་ལ་དམིགས་ནས་ཁྲོམ་རའི་གཙོ་ཁྲིད་དང་སྲིད་གཞུང་གི་ཁྲིད་སྟོན་གལ་ཆེ་མཉམ་དུ་འཛིན་པ་དང་།སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཞབས་ཞུ་འགན་ལེན་གལ་ཆེ་མཉམ་དུ་འཛིན་པ།ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་མི་ཤུགས་ཐོན་ཁུངས་ཁྲོམ་ར་ཁྲུའི་ཁྲུའུ་ཀྲང་ཀྲང་ཝུན་ཧྲི་ཡིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་མཐའ་མའི་གདོང་མཆོང་དང་།གསང་སྡོམ་ཞབས་ཞུ།ཞིབ་ཚགས་ཅན་གྱི་མིང་ངོ་མ་དོ་དམ།གནད་སྨིན་ཅན་གྱི་ཞབས་ཞུའི་འགན་ལེན། དཀའ་ངལ་ཡོད་པའི་རོགས་སྐྱོར་བཅས་བྱས་ཏེ་མཐོ་སློབ་མཐར་ཕྱིན་སློབ་མའི་སྤུས་ལེགས་ལས་ཞུགས་ཐད་སྐུལ་འདེད་བྱ་དགོས།

“ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཞན་ཆ་གསབ་པ་དང་དམངས་འཚོ་ལེགས་སུ་གཏོང་བ་དང་།སེམས་ནུས་ཡོད་རྒུས་ལས་ཞུགས་སོགས་མང་ཚོགས་ཀྱི་དཀའ་ངལ་དང་རེ་སྒུག་གི་གནད་དོན་ཐག་གཅོད་བྱ་རྒྱུའི་ཐད་ཆེད་མངགས་བླང་བྱ་བཏོན་ཡོད།ང་ཚོས་ཞིང་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་དང་སྤེལ་བཞིན་པའི་བརྗོད་དོན་གཙོ་བོའི་སློབ་གསོ་མཐིལ་རྟོགས་བྱས་ཏེ་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་ནས་མཐོ་སློབ་ཐོན་སློབ་མ་སོགས་གཙོ་གནད་ཚོགས་སྤྱིར་གནད་སྨིན་ངང་སྤྱི་པའི་ལས་ཞུགས་ཞབས་ཞུ་ཁག་མཁོ་འདོན་བྱ་རྒྱུ་ཡིན”ཞིང་ཆེན་ལས་ཞུགས་ཞབས་ཞུ་ཅུས་ཀྱི་ཅུས་ཀྲང་ཀྲང་ཅུན་གྱིས་སྤེལ་རེས་དང་ཞིབ་བསྡུར་བྱེད་རིང་སླད་ཕྱིན་གྱི་ལས་དོན་ཁྲོད་བྱེད་སྒོའི་གཞི་རྟེན་མུ་མཐུད་ཡག་པོ་སྤྱོད་པ་དང་།ལས་ཞུགས་ལས་སྟེགས་བསྐྲུན་པ།སྤྱི་པའི་ལས་ཞུགས་ཞབས་ཞུའི་ཆེད་དོན་བྱེད་སྒོ་སྤྱི་འདོམས་ལག་བསྟར་བྱེད་པ།ཉིན་བརྒྱ་རེར་དྲ་ཐོག་ནས་གདན་ཞུ་བྱེད་པ་དང་གྲོང་ཁྱེར་ཆེ་འབྲིང་གིས་མཐོ་སློབ་ཐོན་སློབ་མ་མཉམ་འབྲེལ་ཐོག་གདན་ཞུ་བྱེད་པ་སོགས་ཀྱི་ཆེད་དོན་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས“གཟའ་འཁོར་རེར་བྱེད་སྒོ་ཡོད་པ་དང་དུས་དང་རྣམ་པ་ཀུན་ཏུ་ལས་གནས་ཡོད་པའི་འགན་ལེན་བྱེད་དགོས”ཞེས་གསུངས་པ་རེད།ཁོངས་གཏོགས་ཁུལ་གྱི་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་ཐོན་སློབ་མ་སོགས་གཙོ་གནད་ཚོགས་སྤྱིར་གཅིག་སྡུད་ཐོག་སྲིད་ཇུས་དྲིལ་བསྒྲགས་ཞབས་ཞུ་སྤེལ་ནས་ལས་ཞུགས་ལས་གཏོད་ཀྱི་རོགས་སྐྱོར་སྲིད་ཇུས་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པ།སྒྲུབ་གཉེར་བརྒྱུད་རིམ་ལེགས་སུ་གཏོང་བ་དང་ཞབས་ཞུའི་ཕན་ནུས་ཆེ་རུ་བཏང་ནས་ལས་ཞུགས་ལས་ཤོར་ཐོ་འགོད་དང་ལས་ཞུགས་ལས་གཏོད་ལག་ཁྱེར་རེ་ཞུ་སོགས་ལས་སྒོ་གཉེར་བའི་བརྒྱུད་རིམ་སྟབས་བདེ་རུ་ཤུགས་ཆེན་བཏང་ནས་མཐོ་སློབ་ཐོན་སློབ་མ་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལས་གཏོད་ཐད་ཀྱི་ཐོབ་ཚོར་དང་བློ་ཡིད་ཚིམ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས།

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ལས་ཁུངས་ཏང་ཨུད་ཀྱི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཀྲང་མིང་གིས“ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་རྗེས་ཞིང་ཆེན་མི་སྤྱི་ཐིང་གིས་དུས་ཐོག་ཏུ་ཐིང་ཏང་ཙུའུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཚོགས་འདུ་འཚོགས་ནས་ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་འབྲེལ།ཆེད་དོན་བགྲོ་གླེང་ཚོགས་འདུ་འཚོགས་ནས་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་རབ་རིབ་ཀྱི་ངོས་འཛིན་བཞི་སེལ་རྒྱུར་སྐུལ་འདེད་གཏོང་བ་དང་འབྲེལ་བ་བཞི་སྟངས་འཛིན་ཡག་པོ་བྱས་ནས་རང་ཉིད་ལ་དབྱེ་ཞིབ་བྱེད་པའི‘ང་ནི་ལས་བྱེད་པ་གང་འདྲ་ཞིག་ཡིན’ཞེས་པའི་ཁྲོད་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་གཅིག་ཏུ་སྒྲིལ་དགོས”ཞེས་གསུངས་པ་རེད།    

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམ་པོར་དམིགས་པ་དང་།མི་སྤྱིའི་ལས་ཞུགས་ལས་གཏོད་དང་།སྤྱི་ཚོགས་འགན་ལེན།མི་དོན་ཤེས་ལྡན་མི་སྣ།ངལ་རྩོལ་འབྲེལ་བ་སོགས་ཀྱི་གཙོ་འགན་ལས་རིགས་ལ་དམིགས་ཏེ།མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས“གསུམ་རྒྱུགས་རྒྱུན་ལྡན་གཅིག”གི་ལས་ཀའི་ལམ་སྲོལ་ལག་ལེན་གཏིང་ཟབ་བསྟར་ནས་མྱུར་ཚད་མགྱོགས་སུ་གཏོང་བ་དང་ཕན་འབྲས་གསར་པ་ཐོན་པའི་ཁྲོད་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་སྐྲུན་ཆེད་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་ལེགས་སྐྱེས་གསར་པ་འབུལ་དགོས།   

ལོ་ཙཱ་བ། ལྷ་ཆེན་རྒྱལ།