རང་རེའི་དྲ་བའི་འཕྲིན། སྟོན་འགོར་ཟི་ལིང་གྲོང་ཁྱེར་ཙོང་ཁ་ཆུས་ཁྱུང་རྒྱ་བོད་རིགས་གྲོང་གསེབ་ཀྱི་གྲོང་ཚོའི་གཙང་ཞིང་གྲལ་འགྲིག་པའི་གྲོང་ཚོའི་ལམ་བུར་འཆམ་འཆམ་དུ་འགྲོ་བཞིན་ཡོད་པ་དང་།འགྲོ་ལམ་གཡས་གཡོན་གྱི་སྔོ་ཐིང་ཐིང་གི་ལྗོན་ཤིང་རླུང་དང་བསྟུན་ནས་གཡོ་བཞིན་ཡོད་པ་དང་།ལོ་མ་ཉི་འོད་ཀྱི་འོད་ཟེར་འོག་འོད་ཆེམ་དུ་འཕྲོ་བཞིན་ཡོད།
གྲོང་ཚོའི་ལམ་དུ་འཆམ་འཆམ་བྱེད་མཁན་གྲོང་མི་ཝུའུ་ཀྲེང་ལུང་གིས་དེ་སྔ་གྲོང་མི་ཚོས་གད་སྙིགས་གང་བྱུང་དུ་དབྱུགས་པ་དང་གྲོང་ཚོའི་ལམ་གྱི་བཙོག་ཆུ་གང་སར་བཞུར་བ།ནོར་ལུག་གི་གཅིན་སྐྱག་གིས་ཁེངས་པ་བཅས་ཀྱི་སྐབས་དེ་དུས་ཁོང་ཚོའི་ནང་མི་རྫོང་གྲོང་དུ་སྤོས་ནས་སྡོད་རྒྱུའི་བསམ་བློ་གཏོང་བཞིན་ཡོད།
གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཞན་པའི་གནས་ཚུལ་ལ་དམིགས་ཏེ་ཁྱུང་རྒྱ་བོད་རིགས་ཤང་གིས་གྲོང་གསེབ་ཀྱི་རྣམ་པ་ལེགས་སུ་གཏོང་རྒྱུ་ཤུགས་རྒྱག་སར་བྱས་ནས་མ་དངུལ་སྣ་ཚོགས་སྒོར་ཁྲི2374.5བརྩོན་ལེན་དང་བསྡུ་སྒྲིལ་བྱས་པ་དང་།སྣོད་བཅུད་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་།ཤ་སྐོར་གྲོང་ཚོའི་མིའི་འཚོ་སྡོད་ཁོར་ཡུག་ལེགས་གཏོང་འདུ་འགོད།ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་སོགས་རྣམ་གྲངས་7ལག་བསྟར་བྱས་ནས་གྲོང་ཚོའི་འགྲོ་ལམ་དང་།ཐང་ཆེན།བཙོག་ཆུ་སྦུག་དྲ།གད་སྙིགས་གཙང་སེལ་ས་ཚིགས།ཞིང་དུད་ཀྱི་ཆུ་འགོག་དྲོད་སྲུང་སོགས་ཁྱོན་ཡོངས་ནས་ལེགས་སུ་བཏང་བ་རེད།
“ད་ཆ་ཁྱུང་རྒྱ་བོད་རིགས་ཤང་གི་གྲོང་ཚོ་5ལ་མཛེས་སྡུག་ལྡན་པའི་གྲོང་གསེབ་ཁྱོན་ཡོངས་ལ་ཁྱབ་པ་དང་གྲོང་ཚོའི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་གྲོང་མིའི་བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར་ཆེ་རུ་ཕྱིན་ཡོད”ཁྱུང་རྒྱ་བོད་རིགས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཤང་ཀྲང་དབང་ཅིན་ཧྭ་ཡིས་ཁྱུང་རྒྱལ་བོད་རིགས་ཤང་གིས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས“ས་ཁོངས་ཧྲིལ་པོ་ཅན་དང་།འབྱུང་ཁུངས་ཅན།ཁྱོན་ཡོངས་ཅན།རྒྱུན་རྣམ་ཅན”བཅས་ཀྱི་དོ་དམ་ལམ་སྲོལ་བཙུགས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་གྲོང་གསེབ་བཅོས་སྐྱོང་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་།
གྲོང་གསེབ་ཀྱི་གད་སྙིགས་གཙང་སེལ་བྱེད་པའི་དཀའ་གནད་ལ་དམིགས་ནས་ཁྱུང་རྒྱལ་བོད་རིགས་ཤང་གིས་མ་དངུལ་སྒོར་ཁྲི་16.9བཏང་ནས་གྲོང་ཚོ་ཁག་ལ་གད་སྙིགས་དང་གད་སྙིགས་རླངས་འཁོར་སོགས་སྒྲིག་ཆས་སྒྲིག་སྦྱོར་བྱས་པ་དང་།ཆ་བསགས་བྱ་དགའི་ལམ་ལུགས་གསར་གཏོད་བྱས་ནས་བཙུགས་པ།“གཅེས་སེམས་སྒོ་རྩིས་ཚོང་ཁང་”གི་རིན་མེད་འཚོ་བའི་མཁོ་ཆས་བརྗེ་བའི་བྱེད་ཐབས་བརྒྱུད་ཁོར་ཡུག་འཕྲོད་བསྟེན་ནང་ཞུགས་མཁན་དང་ལྟ་སྐུལ་བྱེད་མཁན་གསར་པ་ཞིག་ཆགས་ཡོད།
“དེ་སྔ་ཁོར་ཡུག་གཙང་སྦྲའི་སྒྲིག་བཀོད་འཐུས་སྒོ་ཚང་པོ་མེད་པ་དང་།གྲོང་མིའི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་གི་ཧུར་སེམས་ཆེན་པོ་མེད་པ།གཙང་སྦྲ་བྱེད་མཁན་གཙོ་བོ་ཤང་གི་ལས་བྱེད་པ་དང་གྲོང་ཚོའི་ལས་བྱེད་པ་ཁག་གཅིག་གིས་འགན་འཁུར་གྱི་ཡོད་པ།གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་གི་དཀའ་ཚད་ཅུང་ཆེ་བ།སྐར་བསགས་ལམ་ལུགས་ལག་བསྟར་བྱས་པ་བརྒྱུད་གཙང་སྦྲ་བྱེད་མཁན་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་པ།ཁོར་ཡུག་གཙང་སྦྲའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་ཕྱིན་པ།གྲོང་གསེབ་ཀྱི་གད་སྙིགས་གཙང་སེལ་གྱི་ནུས་པ་རྒྱུན་ཐོན་བཅོས་སྐྱོང་དང་རྒྱུན་འཁྱོངས་ཐུབ་ཡོད”ཅེས་ཁྱུང་རྒྱ་བོད་རིགས་ཤང་གི་ཤང་ཀྲང་གཞོན་པ་ཧུའུ་ཝུན་ཅ་ཡིས་བཤད།
ད་ཆའི་ཁྱུང་རྒྱ་བོད་རིགས་ཤང་དུ་གྲོང་ཚོ་ཚང་མར་མེ་ཏོག་བཞད་ཅིང་།“གྲོང་ཚོར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་།རྒྱ་ཆེ་ལ་གཙང་སྦྲ་དོད་པའི་ལམ་བུ།གྲོང་མི་ཚོས་རང་འགུལ་ངང་འགྲོ་ལམ་གཙང་མ་བཟོ་བ་བཅས་བྱས་ནས་ཚང་མས་ཐབས་བརྒྱ་ཇུས་སྟོང་གིས་གྲོང་ཚོ་དེ་བས་ཡག་པ་དང་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་བ་བྱེད་ཀྱི་ཡོད”གྲོང་མི་ཝུའུ་ཀྲེང་ལུང་གིས་འཛུམ་དམུལ་དམུལ་ངང་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཀྱིས་ཡུལ་སྐོར་བ་རྒྱུན་ཆད་མེད་པར་ཁྱུང་རྒྱ་བོད་རིགས་ཤང་དུ་ཡུལ་སྐོར་དུ་ཡོང་ནས་གཱ་ལེན་པར་ཡོང་གི་ཡོད།ད་ཆ་ཁོང་ཉིན་ལྟར་གྲོང་ཚོར་སྡོད་དགོས་ཀྱི་མེད་པས་གྲོང་ཁྱེར་དུ་སྤོ་འདོད་མེད་ཅེས་བཤད།
ཁྱུང་རྒྱ་བོད་རིགས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཤང་ཀྲང་དབང་ཅིན་ཧྭ་ཡིས་ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་དངོས་འཛིན་དངོས་སྒྲུབ་ཀྱི་སྤྱིའི་སྐུལ་སློང་བཀའ་རྒྱ་བཏང་བ་དང་།གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ཁོང་གིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ་ལས་ཀའི་ཁྲོད་ཟུང་འབྲེལ་བྱེད་གནས་དང་དོན་ལ་བབས་ས་འཚོལ་བ་དང་། “ཤང་གཅིག་ལས་གཅིག”གི་ཐོན་ལས་བཀོད་སྒྲིག་གི་འཕེལ་རྒྱས་དམིགས་ཚད་ལ་གཞིགས་ནས་ཆོས་རྒྱ་ཁྱད་ལྡན་ཐོན་ཁུངས་རང་སྤུས་ལ་བརྟེན་ནས་སྣོད་བཅུད་ཡུལ་སྐོར་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་དང་གྲོང་གསེབ་དར་རྒྱས་སོགས་ཀྱི་གཙོ་གནད་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། བྱ་བ་དངོས་སྒྲུབ་ནས་དམ་འཛིན་བྱེད་པ། མང་ཚོགས་ཀྱི་དཀའ་ཉེན་དང་རེ་སྒུག་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བཅས་བྱས་ཏེ་མང་ཚོགས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་དགོས།
ལོ་ཙཱ་བ། ལྷ་ཆེན་རྒྱལ།