“ཏང་ཡོན་མང་ཚོགས་ཀྱི་སྐར་བསགས་སྒོ་རྩིས་ཚོང་ཁང”གིས་གཞི་རིམ་བཅོས་སྐྱོང་གི་སྤྱོད་ནུས་གསར་པ་བཀོལ་ཐུབ་པ་བྱུང་།

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། རྩོམ་པ་པོ། : ལྷ་ཆེན་རྒྱལ། སྤེལ་དུས། : 2023-09-01

ཉེ་སྔོན། གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་རྨ་ནུབ་ཁྲོམ་གཞུང་གི་བྱང་འདབས་སྡེ་ཁུལ་གྱི“ཏང་དང་མང་ཚོགས་ཀྱི་སྐར་བསགས་སྒོ་རྩིས་ཚོང་ཁང་དུ”བསྐྱོད་སྐབས་ཟོག་སྒྲོམ་ཐོག་ཤོག་བུ་དང་།སོ་ཁྲུས།ཆུ་ཕོར།ཨ་ཅོར་སོགས་དངོས་པོ་དེ་དག་གི་རིན་གོང་གསལ་པོར་བཀོད་མེད་ཀྱང་།   སྟེགས་སྒྲོམ་སྟེང་གི་སྐར་མ་བརྗེ་བའི་རྟགས་ནི་ཧ་ཅང་མངོན་གསལ་རེད།    

“དེ་གར་སྡེ་ཁུལ་གྱི་གྲོང་མིས་རང་ཉིད་ཀྱི་རྒྱུན་གཏན་གྱི་མཚོན་ཚུལ་ལ་བརྟེན་ནས་ཐོབ་པའི་སྐར་མ་བསགས་ནས་དེ་མཚུངས་ཀྱི་དངོས་རྫས་བརྗེ་ཆོག”བྱང་འདབས་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཏུང་ཚའེ་ཆིན་གྱིས་སྡེ་ཁུལ་ཏང་ཀྲི་པུའུ་ཡིས་ཆ་བསགས་དོ་དམ་བྱ་ཐབས་བཙུགས་པ་བརྒྱུད་སྐར་གྲངས་གཏོད་རྒྱུ་དེ་ཏང་ཡོན་དོ་དམ་དང་།དུས་རབས་གསར་པའི་ཤེས་དཔལ་ལག་ལེན།དྲ་མིག་ཅན་གྱི་དོ་དམ།ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་ལས་དོན་ནང་མཉམ་འདྲེས་བྱས་ཏེ་གྲོང་མིའི་ཞིབ་ཕྲའི་བྱ་སྤྱོད་དེ་ཆ་བསགས་སུ་བསྒྱུར་བ་དང་སྒོ་རྩིས་ཚོང་ཁང་གི་སྐར་བསགས་བརྗེ་རེས་ཀྱི་བྱ་ཐབས་ལ་བརྟེན་ནས་གྲོང་མི་མང་ཚོགས་ལ་རང་འགུལ་ངང་སྡེ་ཁུལ་གྱི་བྱེད་སྒོ་ཁག་ནང་ཞུགས་རྒྱུར་སྐུལ་མ་བཏང་ནས་གཞི་རིམ་བཅོས་སྐྱོང་གི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཏུ་གྱུར་ཡོད།

བྱང་འདབས་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཡིས་སྡེ་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྡེ་ཁུལ་གྱི་ཉོ་སྒྲུབ་བྱེད་ཐབས་བརྒྱུད་མིག་སྔར་ཚོང་ཟོག་སྒྲོམ་གྱི་རིན་ཐང་སྒོར་ཆིག་སྟོང་ལྷག་ཙམ་ཟིན་ཡོད་པ་རེད།ཟླ་7པའི་ཟླ་མཇུག་ནས་བཟུང་།“ཏང་དང་མང་ཚོགས་ཀྱི་སྐར་བསགས་སྒོ་རྩིས་ཚོང་ཁང”གིས་དངོས་ཟོག་བརྗེ་རེས་བྱེད་མཁན་སྡེ་ཁུལ་གྱི་གྲོང་མི་གཅིག་རྗེས་གཉིས་མཐུད་ངང་བསུས་པ་དང་།སྐར་མ་ཆུང་ཆུང་བསགས་ནས་ཚང་མར་མཁོ་བའི་འཚོ་བའི་མཁོ་ཆས་ཐོབ་པར་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་ཡོད།

“ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ང་ཚོར་གོ་སྐབས་དམ་འཛིན་དང་དངོས་སྒྲུབ་གནད་འཚོལ་བྱེད་པའི”འབོད་སྐུལ་བྱས་པ་དེ་སྡེ་ཁུལ་གྱི་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་སྡེ་ཁུལ་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐོག་མའི་སྒུལ་ཤུགས་སུ་བརྩིས་ཏེ་རང་ཉིད་ཀྱི་ནུས་པའི་ཁྱབ་ཁོངས་ནང་མང་ཚོགས་ཀྱིས་མཐོང་ཐུབ་པ་དང་།མིག་མཐོང་ལག་ཟིན་ཐུབ་པ།དངོས་ཕན་ཐོབ་པ་བཅས་ཀྱི་བྱ་བ་དངོས་ཁག་གཅིག་སྒྲུབ་དགོས”ཉིན་དེ་དག་ནང“ཏང་དང་མང་ཚོགས་ཀྱི་སྐར་བསགས་སྒོ་རྩིས་ཚོང་ཁང་གི”བརྗེ་བའི་བྱེད་སྒོས་སྡེ་ཁུལ་གྱི་གྲོང་མིར་ཕན་པ་ཐོབ་པའི་སྐོར་གླེང་སྐབས་ཏུང་ཚའེ་ཆིན་གྱིས་དེ་ལྟར་བཤད།

གསར་འགོད་པས“ཏང་དང་མང་ཚོགས་ཀྱི་སྐར་བསགས་སྒོ་རྩིས་ཚོང་ཁང་གི”སྐར་གྲངས་ཐོ་འགོད་རེའུ་མིག་ལ་བལྟས་ཚེ།དེའི་ཐོག་ཚགས་དམ་པོར་གྱུར་པ་དང་ལས་ཀ་ལེགས་སྒྲིག་བྱས་ནས་ཉིན་དེ་དག་སྡེ་ཁུལ་གྱི་གྲོང་མི་སྡེ་ཁུལ་གྱི་བྱེད་སྒོར་ཞུགས་པའི་གནས་ཚུལ་ཟིན་ཐོ་བཀོད་ཡོད།ཏང་ཀྲི་པུའུ་ཡི་“ཚོགས་འདུ་གསུམ་དང་སློབ་ཚན་གཅིག་”དང་།བརྗོད་བྱ་གཙོ་བོའི་ཏང་(ཚོགས་)ཉིན་མོ།“ཏང་གི་སློབ་ཚན་ཁྲིད་མཁན”སོགས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྣ་ཚོགས་ཐེངས་གཅིག་ལ་སྐར་མ་གཉིས་བསགས་པ།ཁོར་ཡུག་འཕྲོད་བསྟེན་གཙང་འཕྱག་དང་།བདེ་འཇགས་སྐོར་གཡེང་།འགལ་བ་འདུམ་འགྲིགདཀའ་ངལ་ཡོད་པའི་ཚོགས་སྤྱིའི་ཆ་སྒྲིག་རོགས་སྐྱོར་སོགས་དང་བླངས་ཞབས་ཞུའི་བྱེད་སྒོར་ཐེངས་གཅིག་ལ་སྐར་མ་གསུམ་བསགས་པ་སོགས་ཀྱི་སྐར་གྲངས་ཐོ་འགོད་རེའུ་མིག་ཐོག་སྐར་མ་བསགས་པའི་དུས་ཚོད་དང་།ཆ་བསགས་ནང་དོན།སྐར་གྲངས་སོགས་ཀྱི་གནས་ཚུལ་གསལ་པོར་ཤེས་ཐུབ།

“ལས་ཀ་གང་ཞིག་བསྒྲུབས་ན་དེ་མཚུངས་ཀྱི་སྐར་གྲངས་འགོད་དགོས”བྱང་འདབས་སྡེ་ཁུལ་གྲོང་ལྷན་གྱི་ཀྲུའུ་རེན་གཞོན་པ་ཁུལ་ཞུའེ་ལན་གྱིས་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཡིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཆ་བསགས་དོ་དམ་དེ་སློབ་སྦྱོང་སློབ་གསོའི་རིགས་དང་།ཞབས་ཞུའི་བྱེད་སྒོའི་རིགས།རྩ་འཛུགས་འགན་ལེན་རིགས།ཛ་དྲག་ཆེ་བའི་ཉེན་ཁ་ཆེ་བའི་རིགས་བཅས་རིགས་བཞི་ལ་དབྱེ་ནས་སྐར་གྲངས་སྤྲོད་པའི་ཚད་གཞི་བཟོས་པ་དང་།དང་བླངས་པའི་ཞབས་ཞུར་སྐར་བསགས་ལམ་ལུགས་ཀྱི་དོ་དམ་བྱས་པ་མ་ཟད།ཚང་མར་དང་བླངས་ཞབས་ཞུའི་སྐར་བསགས་ལག་དེབ་སྤྲད་པ་དང་།མི་རེར་རྩིས་ཁྲ་རེ་བཟོས་ནས་དེ་དང་ཆབས་ཅིག་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཡིས་ཏང་ཡོན་དང་དང་བླངས་པའི་སྐར་བསགས་གནས་ཚུལ་དེ་སྔོན་ཐོན་དང་ཕུལ་བྱུང་འདེམས་པའི་གཞི་འཛིན་ས་གལ་ཆེན་དུ་བརྩིས་ནས་དང་བླངས་ཞབས་ཞུའི་བྱེད་སྒོའི་ཁྲོད་མཚོན་ཚུལ་མངོན་གསལ་དོད་པའམ་ཡང་ན་སྐར་གྲངས་མཐོ་ཙམ་ཡོད་མཁན་ལ་སྔོན་ལ་ལེགས་འདེམས་དང་སྔོན་ཐོན་འོས་སྦྱོར་བྱས་ཏེ་ཏང་ཡོན་དང་དང་བླངས་པ་སྡེ་ཁུལ་གྱི་བྱེད་སྒོའི་ནང་ཞུགས་པའི་སྤྲོ་སེམས་སྔར་བས་འཕེལ་བ་བྱ་རྒྱུ་རེད།

ཉིན་དེ་དག་རིང་།དབང་ཆེན་དང་ཚེ་རིང་། རྨེ་མ།མ་ཧའེ་ཧྥུང་སོགས་གྲོང་མི་མང་ཚོགས་ཀྱིས་མི་སྒེར་གྱི་སྐར་མ་བསགས་ནས“ཏང་དང་མང་ཚོགས་ཀྱི་སྐར་མ་བསགས་པའི་སྒོ་རྩིས་ཚོང་ཁང་དུ”རང་ཉིད་ཀྱི་སེམས་ཁམས་འཚོ་བའི་མཁོ་ཆས་སུ་བརྗེས་པ་རེད།གསར་འགོད་པས་སྐར་མ་40སྤྱད་དེ་ཆུ་སྣོད་དུ་བརྗེ་བའི་གྲོང་མིའི་དང་བླངས་པ་མཱ་ཧའེ་ཧྥུང་གི་མྱོང་ཚོར་འདྲི་སྐབས།ཁོང་གིས“རང་ཉིད་ཀྱི་ཁོམ་ལོང་དུས་ཚོད་ལ་བརྟེན་ནས་ཏང་གི་སྲིད་ཇུས་བྱེད་ཕྱོགས་དྲིལ་བསྒྲགས་དང་།སྡེ་ཁུལ་གྱི་མཉམ་སྡེབ་བྱེད་སྒོར་ཞུགས་པ།མི་ཧྲེང་རྒན་རྒོན་ལ་གཅེས་སྐྱོང་བཅས་བྱས་ཚེ་རང་ཉིད་ཀྱི་འཚོ་བར་དོན་སྙིང་དེ་བས་ཆེ་བ་ལྡན་པ་མ་ཟད།ད་དུང་དངོས་ཟོག་བརྗེ་ཐུབ་ངེས་ཡིན་པས་ང་ཚོས་སླད་ཕྱིན་སྡེ་ཁུལ་རྩ་འཛུགས་ཀྱི་བྱེད་སྒོ་སྣ་ཚོགས་ནང་དེ་བས་ཧུར་ཐག་ཞུགས་ངེས་ཡིན”ཞེས་དགའ་ཚོར་ཆེན་པོས་བཤད།

གྲོགས་པོ་ཆུང་ཆུང་གི་དང་བླངས་པ་ལི་ཧུང་མའེ་ཡིས་དབྱར་གསེང་གི་དུས་ཚོད་སྤྱད་དེ་སྡེ་ཁུལ་གྱི་གཟའ་པ་སངས་ཀྱི་“ལག་པ་ཆུང་ཆུང་གིས་ལག་པ་ཆེན་པོ་འཐེན་པའི”དང་བླངས་ཞབས་ཞུའི་བྱེད་སྒོར་ཞུགས་པ་དང་།རང་ཉིད་ལ་ཐོབ་པའི་སྐར་མ་བཅུ་ལ་བརྟེན་ནས་ཤོག་བུ་ཐུམ་5བརྗེས་རྗེས་ཀྱང་དགའ་སྤྲོ་ཆེན་པོ་བྱུང་།ཁོང་གིས་གསར་འགོད་པར་སླད་ཕྱིན་ད་དུང་ཁོམ་ལོང་གི་དུས་ཚོད་སྤྱད་དེ་སྡེ་ཁུལ་གྱི་བྱེད་སྒོར་ཞུགས་རྒྱུ་ཡིན་ཞེས་བཤད།

“ཏང་དང་མང་ཚོགས་ཀྱི་སྐར་བསགས་སྒོ་རྩིས་ཚོང་ཁང་བཙུགས་ནས་སྐར་བསགས་ལམ་ལུགས་ཀྱི་དོ་དམ་ལག་བསྟར་བྱེད་པའི་དམིགས་ཡུལ་ནི་གྲོང་མི་སྡེ་ཁུལ་བཅོས་སྐྱོང་ནང་ཞུགས་པའི་ཧུར་སེམས་དང་གསར་གཏོད་རང་བཞིན་སྐུལ་སློང་བྱས་ཏེ་དམངས་ཡོངས་ཀྱིས་མཉམ་སྐྲུན་མཉམ་སྤྱོད་བྱེད་པའི་གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་ལས་ཀའི་རྣམ་པ་མགྱོགས་མྱུར་བསྐྲུན་ནས་གཞི་རིམ་བཅོས་སྐྱོང་བྱེད་སྟངས་འགྱུར་ལྡོག་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད”ཁུལ་ཞུའེ་ལན་གྱིས་“ཏང་དང་མང་ཚོགས་ཀྱི་སྐར་བསགས་སྒོ་རྩིས་ཚོང་ཁང་”ནི་སྡེ་ཁུལ་གྱི་ཤེས་དཔལ་མཉམ་སྐྲུན་དང་།མཉམ་བཅོས།མཉམ་སྤྱོད་བཅས་ཀྱི་རྣམ་པའི་བསྡུས་རིས་ཤིག་ཡིན་པས་སྡེ་ཁུལ་གྱིས་གྲོང་མིའི་ཚུར་ལན་བསམ་འཆར་དང་དངོས་ཡོད་བཀོལ་སྤྱོད་གནས་ཚུལ་ལ་གཞིགས་ནས་དོ་དམ་གྱི་ཞིབ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་།དངོས་ཟོག་བརྗེ་རེས་ཀྱི་སྐར་གྲངས་དུས་ཐོག་ཏུ་ལེགས་སྒྲིག་བྱེད་པ།མ་དངུལ་དང་དངོས་རྫས་འགན་ལེན་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ“སྐར་བསགས་སྒོ་རྩིས་ཚོང་ཁང་”རྒྱུན་རྣམ་ཅན་དུ་འཁོར་སྐྱོད་ཐུབ་པ་བྱས་ནས་སྡེ་ཁུལ་གྱི་གྲོང་མིར་ཞབས་འདེགས་ཞུ་དགོས།

“ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ང་ཚོར་འགན་འཁྲི་འཁུར་ཕོད་པ་དང་།དམ་པ་དོན་གཉེར།མིག་སྔའི་ལས་དོན་ལ་དམ་འཛིན་ཡག་པོ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།ང་ཚོའི་སྡེ་ཁུལ་གྱི་ངོས་ནས་བརྗོད་ན།མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུ་བ་དང་དུས་བདེ་ཞི་མཐུན་གྱི་སྡེ་ཁུལ་ཡག་པོ་བསྐྲུན་རྒྱུ་ནི་ང་ཚོའི་འགན་འཁྲི་རེད”ཏུང་ཚའེ་ཆིང་གིས་སྡེ་ཁུལ་ཏང་ཀྲི་པུའུ་ཡིས་ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས“ཏང་དང་མང་ཚོགས་ཀྱི་སྐར་བསགས་སྒོ་རྩིས་ཚོང་ཁང་”དམ་འཛིན་བྱ་གཞིར་བྱས་ཏེ་སྡེ་ཁུལ་ལས་དོན་གྱི་འགག་གནད་དང་དཀའ་གནད་ལ་དམིགས་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་།སེམས་ཁྲལ།སེམས་ཁྲལ་བཅས་རེ་རེ་བཞིན་ཐག་གཅོད་ཡག་པོ་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་གྲོང་མིའི་བདེ་སྐྱིད་ཕུན་སུམ་ཇེ་ཚོགས་སུ་གཏང་དགོས།

ལོ་ཙཱ་བ། ལྷ་ཆེན་རྒྱལ།