ཏང་ཡོན་ཧོ་ཡུང་ཧྲེང་གིས་དམངས་ལ་བྱ་བ་དངོས་སྒྲུབ་རྒྱུའི་ལས་འགན་དོན་འཁྱོལ་བྱས་ཏེ་ཏང་ཡོན་བཟང་པོ་ཞིག་ཏུ་གྱུར་ཡོད།

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། རྩོམ་པ་པོ། : ལྷ་ཆེན་རྒྱལ། སྤེལ་དུས། : 2023-09-01

རང་རེའི་དྲ་བའི་འཕྲནིན། “ཉིན་དེ་གཉིས་རིང་དཀའ་ངལ་ག་རེ་ཡོད་དམ། ཁྱིམ་ཡག་པོ་ཡོད་དམ”“ཡག་པོ་འདུག ལས་ཀ་གང་ཡང་མེད”།

ཞོགས་པ་སྔ་པོ་ནས་ལོ་60ལ་སླེབས་པའི་ཧོ་ཡུང་ཧྲེང་གིས་ཟི་ལིང་གྲོང་ཁྱེར་གྲོང་བྱང་ཆུས་ཉི་ཤུ་ལི་ཕུའུ་གྲོང་རྡལ་ཀུའོ་ཅ་ཐ་གྲོང་ཚོའི་སྲང་ལམ་25རུ་འཕྲོད་བསྟེན་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་སྐོར་ཞིབ་བྱེད་འགོ་ཚུགས་པ་དང་དུད་ཚང་8ཀྱི་གནས་ཚུལ་ཤེས་རྟོགས་བྱས་ཏེ་གྲོང་མི་ཚོ་དང་མཉམ་དུ་ཁ་བརྡ་བྱས་པ་དང་།གྲོང་མི་ཚོས་ཀྱང་དགའ་སྤྲོའི་ངང་ཁོང་དང་ཁ་བརྡ་བྱས།

ཧོ་ཡུང་ཧྲེང་ཏང་ལོ་23ཡིན་པ་དང་། ཀུའོ་ཅ་ཐ་གྲོང་ཚོའི་སྲང་ལམ་25ཡི་སྲང་ལམ་དཔོན་ཡིན་ལ།སྐབས་གོང་མའི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡང་ཡིན། དེ་སྔ་གྲོང་མི་ལ་དོན་དག་ཡོད་ན་གྲོང་མིའི་ཨུ་ཡོན་ལྷན་ཁང་དུ་ཁོ་འཚོལ་བར་འགྲོ་བའམ་ཡང་ན་ཚོགས་པའི་ནང་གནས་ཚུལ་ཞུ་སྲིད།ད་ཆ་ཁོང་ཉིན་ལྟར་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་གྲོང་མིའི་ཉེ་འགྲམ་དུ་གནས་ཚུལ་ཤེས་རྟོགས་དང་གནད་དོན་ཐག་གཅོད་བྱེད་པར་ཡོང་གི་ཡོད།ཐོབ་ཐང་དང་ལས་ཀ་བྱེད་སྟངས་འགྱུར་ལྡོག་གཏོང་རྒྱུའི་ཐད་ཧོ་ཡུང་ཧྲེང་གིས་དམངས་ལ་ཞབས་འདེགས་ཞུ་རྒྱུ་ཡིན་པས་རང་ཉིད་ཀྱིས་ལས་ཀ་ཡག་པོ་བྱས་ནས་བྱ་བ་ཡག་པོ་སྒྲུབ་དགོས་ཞེས་བཤད།

ཉེ་ཆར་གྲོང་ཚོའི་ལས་ཀའི་ལས་འགན་གྱི་གྲས་ཤིག་ནི་འབྲུབ་འགོག་ཡིན་ཞིང་།ས་གཤིས་གནོད་འཚེ་སྔོན་འགོག་བྱ་ཆེད།གྲོང་ཚོའི་ནང་འབྲུབ་འགོག་ནང་སྦྱོང་སྒྲིག་འཛུགས་བྱས་ནས་གྲོང་ཚོ་ཡོངས་ཀྱི་མི་སྣ་ཞུགས་ཡོད་པ་རེད།སྲང་ལམ་25ཡི་ནང་ཧོ་ཡུང་ཧྲེང་གིས་གྲོང་ཚོ་ཨུ་ལྷན་གྱིས་གཤམ་སྤེལ་བྱས་པའི་འབྲུབ་འགོག་སྲོག་ཉེན་ལས་ཐར་བའི་ལྷུ་ཚིགས་དེ་གྲོང་མི་དུད་ཚང་བརྒྱད་ལ་རེ་རེ་བཞིན་འགྲེལ་བཤད་བརྒྱབ་པ་རེད།“དུང་བརྡ་གཏོང་བ་དང་སྒྲ་རྡུང་བ་ཐོས་རྗེས་སྔོན་གཏན་འཁེལ་བའི་སྲོག་ཉེན་ལས་ཐར་བའི་ལམ་ཐིག་རི་མོ་བརྒྱུད་གྲོང་ཚོའི་ནང་གཅིག་སྡུད་ས་ཚིགས་གཉིས་ཡོད་པས་ང་ཚོའི་སྲང་ལམ་གྱི་མི་སྣ་སློབ་གྲྭར་གཅིག་སྡུད་བྱེད་ཀྱི་ཡོད།ད་ཆ་ང་ཚོ་ཐེངས་གཅིག་བསྐྱོད་དེ་ལམ་ཐིག་རྒྱུས་མངའ་ཡོད”།

ཀུའོ་ཅ་ཐ་གྲོང་ཚོར་དུད་ཚང་300ལྷག་ཙམ་དང་མི་1300ལྷག་ཙམ་ཡོད་པ་དང་།གྲོང་ཚོར་སྲང་ལམ་27ཡོད་པ།ཧོ་ཡུང་ཧྲེང་ལྟ་བུའི་ཏང་ཡོན་ཁྲོམ་གཞུང་གི་འགོ་འཛིན་ཁྱོན་35ཡོད་པ་རེད།

“གྲོང་ཚོའི་ས་དབྱིབས་དོག་ཅིང་།གྲོང་ཚོའི་སྣེ་ནས་གྲོང་ཚོའི་མཇུག་བར་སྤྱི་ལེ་1.5ཡོད་པས་ཏང་ཡོན་དང་སྲང་ལམ་ཁག་བགོས་ལས་དོན་སྤེལ་སྐབས་ངའི་སེམས་བདེ་རུ་ཕྱིན་སོང”ད་ལྟ་ཀུའོ་ཅ་ཐ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སུང་ཝུའེ་ཁྲང་གིས་གྲོང་ཚོ་ཨུ་ལྷན་དུ་མི་ཧ་ཅང་ཉུང་བས་གནས་ཚུལ་ཐོན་ཚེ་བརྡ་ཐོ་གཏོང་ཁོམ་མེད་པས་སྲང་ལམ་རིང་པོ་ཡོད་པས་དུས་ཚོད་ཐུང་ཤོས་ནང་གྲོང་མི་སྒྲིག་འཛུགས་བྱས་ནས་སྲོག་ཉེན་ལས་ཐར་ཐུབ་ཅེས་བཤད།

སུང་ཝུའེ་ཁྲང་ཡང་སྲང་ལམ་གྱི་གྲས་ཤིག་ཡིན་པ་དང་ཁོང་གི་ལས་དོན་གྱིས་གྲོང་མིས་ཚོགས་པའི་ནང་བཏོན་པའི་སེམས་ཁྲལ་དང་རེ་སྒུག་གི་གནད་དོན་ལ་དེ་བས་དོ་ཁུར་བྱེད་ཀྱི་ཡོད།“ང་ཚོའི་འདི་གར་ཆུ་འབུད་བདེ་པོ་མེད”“སྟོན་བསྡུའི་འཕྲུལ་འཁོར་དང་འབྲེལ་གཏུག་བྱེད་ཐུབ་མིན”“ནམ་ཞིག་རང་བྱུང་སོལ་རླངས་དུད་ཚང་དུ་བསྐྱོད་ཐུབ་མིན”སོགས་གྲོང་མིས་བཏོན་པའི་གནད་དོན་དང་སྲང་ལམ་དཔོན་གྱིས་བསྡུ་རུབ་བྱས་པའི་གནད་དོན་རེ་རེ་བཞིན་ཕྱོགས་བསྡོམས་བྱས་ཚེ་སྐབས་དེ་དུས་ཐག་གཅོད་བྱེད་ཐུབ་རིགས་གནས་སྐབས་ཐག་གཅོད་བྱེད་མི་ཐུབ་པ་ཡིན་ཕྱིན་ཚོགས་འདུ་འཚོགས་ནས་གྲོས་བསྡུར་བྱས་ཏེ་འབྲེལ་ཡོད་ཚན་པས་སྒྲུབ་ཀྱི་ཡོད།

ཡུན་རིང་མ་སོང་གོང་།ཞིང་ས་ལ་ཆར་ཆུ་བསགས་པས་རེད།གྲོང་མིའི་དཀའ་ངལ་མཐོང་སྐབས་གྲོང་མིའི་ཨུ་ཡོན་ལྷན་ཁང་གིས་འཕྲུལ་ཆས་སྒྲིག་འཛུགས་བྱས་ནས་ཆུ་ཡུར་འདྲུ་བ་དང་ཆུ་འབུད་བྱས།ཉིན་དེ་གཉིས་རིང་གྲོ་སྨིན་པ་དང་དུད་ཚང་གཅིག་གིས་བརྔ་བསྡུའི་འཕྲུལ་འཁོར་ལ་བརྟེན་ནས་གྲོ་བསྡུ་བར་ཡོང་བ་དང་།ལམ་ཞེང་ཆེན་པོ་མེད་པས་བརྔ་བསྡུའི་གོ་སྐབས་ཀྱིས་ཁྱིམ་ཚང་གཞན་གྱི་ཞོག་ཁོག་བཙིར་ནས་གྲོང་མི་ཚོས་སྲང་ལམ་གྱི་འགོ་འཛིན་ལ་མཐུན་སྦྱོར་བྱེད་དུ་བཅུག་པ་རེད།སུང་ཝེ་ཁྲང་ཞིང་ནང་དུ་ཡོང་ནས་གནས་ཚུལ་ལ་བལྟས་རྗེས་ཁྱིམ་ཚང་གཉིས་དང་འབྲེལ་གཏུག་བྱས་ཏེ་ཞོག་ཁོག་བཙིར་གནོན་ཉུང་ཙམ་བྱས་པའི་གནས་ཚུལ་འོག་བརྔ་བསྡུ་འཕྲུལ་འཁོར་གྱིས་བདེ་བླག་ངང་ཞིང་ནང་དུ་གྲོ་བསྡུ་བ་རེད།

ཞབས་ཞུ་རིམ་སྤོར། གནད་དོན་རེ་རེ་བཞིན་ཐག་གཅོད།

“ཏང་ཡོན་ཁོ་རང་ནི་དེ་སྔའི་ཏང་ཡོན་གྱི་རིམ་དབྱེ་ཚད་འབེབས་ལམ་སྲོལ་ནས་རིམ་སྤོར་བྱས་པ་ལས་གྲུབ་པ་ཞིག་རེད།སྲང་ལམ་གྱི་ལས་དོན་དེ་གཏན་འཇགས་དུད་ཚང་ཁ་ཤས་ལ་དམིགས་ནས་དོན་འཁྱོལ་དེ་བས་བྱེད་སླ་བ་དང་གནད་དོན་ཤེས་རྟོགས་ཐུབ་ཚེ་དུས་ཐོག་ཏུ་ཐག་གཅོད་ཐུབ་ཀྱི་ཡོད”སུང་ཝུའེ་ཁྲང་གིས་དེ་སྔ་ཏང་ཡོན་གྱི་ལས་ཀའི་ནང་དོན་གཙོ་བོ་ནི་འཕྲོད་བསྟེན་ལ་ལྟ་སྐུལ་དང་།སྤུངས་གསོག་གང་བྱུང་དུ་སེལ་བ།གྲོང་མིའི་འགལ་བ་སེལ་བ་སོགས་ཡིན།2019ལོ་ནས་2021ལོ་བར་གྲོང་ཚོའི“གསང་སྤྱོད་གསར་བརྗེ”ལེགས་གྲུབ་བྱུང་བ་ནས་བཟུང་ཁྱིམ་ཚང་ཚང་མའི་སྒོ་འགྲམ་གྱི་གསང་སྤྱོད་གཙང་མ་དང་གཙང་སྦྲ་བྱེད་སླ་བའི་གསང་སྤྱོད་ཀྱི་ཚབ་བྱས་པ་དང་།དེའི་ཁར་སྲང་ལམ་གྱི་འགྲོ་ལམ་སྲ་འགྱུར་བྱུང་རྗེས་འཕྲོད་བསྟེན་གྱི་གནད་དོན་དེ་དཀའ་གནད་ཅིག་མ་རེད།

ལོ་དེ་དག་རིང་གྲོང་ཚོར་ཕྱིར་གླ་པར་སྐྱོད་མཁན་མང་དུ་ཕྱིན་པ་དང་ཆབས་ཅིག་མཐའ་འཁོར་གྱི་ས་ཁོངས་འཛུགས་སྐྲུན་དང་ཁོར་ཡུག་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས་ཀུའོ་ཅ་ཐ་གྲོང་ཚོར་བོགས་མར་ལེན་པ་དང་།མཛོད་ཁང་བོགས་མར་གཏོང་བ།སྒོ་ཕྱེ་ནས་སྒེའུ་ཁུང་ལས་སྣོན་བཟོ་གྲྭ་བཅས་སུ་ཡོང་མཁན་མང་དུ་ཕྱིན་པ་དང་གྲོང་ཚོས་ཀྱང་མི་སྣའི་ཆ་འཕྲིན་འགྱུར་ལྡོག་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སོགས་ཀྱི་གནད་དོན་ལ་དོ་ཁུར་བྱེད་ཀྱི་ཡོད།

“གྲོང་ཚོའི་ནང་སྒོ་དང་སྒེའུ་ཁུང་ལས་སྣོན་བཟོ་གྲྭ་འཛུགས་མཁན་མི་ཉུང་བ་ཞིག་ཡོད།གྲོང་ཚོའི་ནང་ཆེད་མངགས་དོ་དམ་མི་སྣས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་པ་ཕུད།ད་དུང་སྲང་ལམ་གྱི་འགོ་འཛིན་གྱིས་ཀྱང་གནས་ཚུལ་ཤེས་རྟོགས་བྱས་ནས་འགལ་བ་སེལ་ཐུབ”སུང་ཝུའེ་ཁྲང་གིས་ཁྲོམ་དཔོན་གྱིས་གྲོང་ཚོའི་བདེ་འཇགས་གྲལ་བཤེར་གྱི་བླང་བྱ་གཞིར་བཟུང་།རྟག་ཏུ་དུད་ཚང་དུ་བསྐྱོད་དེ་མེ་ཟོན་ཡོ་བྱད་དང་།གློག་སྤྱོད་བདེ་འཇགས།གློག་སྐུད་གྱོན་ཡོད་མེད།མཛོད་ཉར་བདེ་འཇགས་སོགས་ཀྱི་གནད་དོན་ལ་ཞིབ་བཤེར་བྱེད་པ་མ་ཟད།ད་དུང་འགལ་བ་ཆུང་ཆུང་དུས་ཐོག་ཏུ་སེལ་ཐུབ་ཅེས་བཤད་པ་རེད།དཔེར་ན།སྒོ་དང་སྒེའུ་ཁུང་ལས་སྣོན་བྱེད་མཁན་གྱི་ཚོང་བདག་ཞིག་གིས་རྟག་ཏུ་གྲལ་གཉིས་ཀྱི་ཟོག་འདྲེན་རླངས་འཁོར་སྲང་ལམ་དུ་བཞག་པ་དང་།གྲོང་མི་ཚོས་འགྲོ་སྐྱོད་ལ་འགོག་རྐྱེན་བཟོ་བའི་ཚོར་སྣང་བྱུང་བ་དང་ཕྱོགས་གཉིས་པོར་ཁ་ཟུར་ཐོན་པ་དང་སྲང་ལམ་གྱི་འགོ་འཛིན་ཧོ་ཡུང་ཧྲེང་གིས་མཐོང་རྗེས་འཕྲལ་མར་མདུན་དུ་བསྐྱོད་དེ་འདུམ་འགྲིག་བྱེད་ཀྱི་ཡོད།མཐར་ཚོང་བདག་གིས་རླངས་འཁོར་དུས་ཐོག་ཏུ་རླངས་འཁོར་འཇོག་སར་འཇོག་རྒྱུའི་ཁས་བླངས།

ཉེ་བའི་ལོ་ཤས་རིང་།ཀུའོ་ཅ་ཐ་གྲོང་ཚོའི་ཏང་ཨུད་ཀྱིས་ལས་འགན་གཅིག་རྗེས་གཉིས་མཐུད་ངང་བསྒྲུབས་པ་དང་།དམངས་ལ་བྱ་བ་དངོས་སྒྲུབ་རྒྱུའི་བསམ་བློ་གཏོང་བཞིན་ཡོད།“ད་ཆ་གྲོང་མི་ཚོས་རང་བྱུང་སོལ་རླངས་དུད་ཚང་དུ་བསྐྱོད་པ་དང་དེ་བཞིན་སྤྱི་སྤྱོད་རླངས་འཁོར་ཉུང་བ།འགྲོ་སྐྱོད་དཀའ་བ་བཅས་ཀྱི་གནད་དོན་ལ་དོ་ཁུར་ཆེ་ཤོས་བྱེད་ཀྱི་ཡོད།ཧྲུའུ་ཅི་རྒན་གྲས་ཀྱིས་འགན་འཁུར་རིང་འབྲེལ་ཡོད་ཚན་པར་འབྲེལ་གཏུག་བྱེད་འགོ་བཙུགས་ཡོད།ད་ཆ་ང་ཚོས་མུ་མཐུད་རྗེས་སྙེག་བྱས་ནས་གྲོང་མིའི་བསམ་འདུན་གང་མགྱོགས་འགྲུབ་རྒྱུའི་རེ་བ་ཡོད”སུང་ཝུའེ་ཁྲང་གིས་ཞིང་ཨུད་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་དངོས་འཛིན་དངོས་སྒྲུབ་ཀྱི་སྤྱིའི་སྐུལ་སློང་བཀའ་རྒྱ་བཏང་ནས་ཏང་ཡོན་གྱི་སྲང་ལམ་གྱི་འགོ་འཛིན་ཡིན་པའི་ངོས་ནས་ཚང་མས་སྔར་རྒྱུན་བཞིན་མང་ཚོགས་ཀྱི་བསམ་འདུན་ཉན་པ་དང་དགོས་མཁོ་དངོས་སྒུལ་ཤུགས་སུ་བྱས་ཏེ་གྲོང་དོན་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།