དངོས་སྒྲུབ་འགན་འཁུར་དང་གྲུབ་འབྲས་དངོས་ལ་བརྟེན་ནས་ཞིང་ཨུད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ།

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། རྩོམ་པ་པོ། : ལྷ་ཆེན་རྒྱལ། སྤེལ་དུས། : 2023-09-01

རང་རེའི་དྲ་བའི་འཕྲིན། “ངོས་འཛིན་རབ་རིབ་བཞི”དང“ང་ནི་རིགས་གང་ཞིག་གི་ལས་བྱེད་པ་ཡིན་པར་བསམ་བློ་གཏོང་དགོས”“སེམས་ཤུགས་དེ་ལས་ཀ་བྱེད་འདོད་པ་དང་།ལས་ཀ་བྱེད་ཕོད་པ།ལས་ཀ་བྱེད་ཤེས་པ་བཅས་ཀྱི་ཐོག་སྤྱོད་དགོས”ཞེས་ཉེ་ཆར་ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བཅས་བྱས་ཏེ། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ལྷན་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས“ལས་བྱེད་པས་ལས་ཀ་བྱེད་པ་དང་བསམ་ཕྱོགས་དྭངས་གཙང་ཡོང་བ་བྱེད་པའི”བརྗོད་དོན་གཙོ་བོར་དམིགས་ཏེ་ཞིབ་བསྡུར་སྤེལ་རེས་བྱས་པ་རེད།    

བགྲོ་གླེང་དང་སྤེལ་རེས་བྱེད་རིང་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཡོན་ལས་བྱེད་པས་རང་ངོས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་བྱས་པའི་གོ་རྟོགས་ལ་ཧུར་ཐག་ཞུགས་པ་དང་ཧུར་ཐག་ངང་གཏམ་བཤད་བྱས་པ་རེད།

ཚང་མས་ངོས་འཛིན་གཅིག་མཐུན་བྱས་དོན། ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་དང་།བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་གཏིང་ཟབ་གཏོང་བའི་དུས་མཚམས་གལ་ཆེན།ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ཁྲོད་ལེའུ་གསར་པ་རྩོམ་པའི་འགག་རྩའི་དུས་སྐབས་ཤིག་ལ་ཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་ཅིང་།  ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལངས་ཕྱོགས་ལྟ་བ་དང་བྱ་ཐབས་ལ་བརྟེན་ནས་མཚོ་སྔོན་འཕེལ་རྒྱས་ལ་འཕྲད་པའི་དུས་བབ་གསར་པ་དང་།    འགྲན་སློང་གསར་པ།    གོ་སྐབས་གསར་པ་བཅས་ལ་བརྒྱུད་རིམ་ལྡན་པའི་ངང་དབྱེ་ཞིབ་བྱས་པ་དང་།    བླང་བྱ་གསར་པ་དང་།    འཐབ་ཇུས་གསར་པ།    བྱ་ཐབས་གསར་པ་བཅས་ཁ་གསལ་བཟོས་ནས་ང་ཚོས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་དུས་རབས་གསར་པའི་ལས་འགན་དང་ལས་འགན་སྔར་བས་ཡག་པོ་སྒྲུབ་པ་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་རྣམ་པ་རྒྱུན་ཆད་མེད་པར་གཏོད་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད།    

ཞིང་ཆེན་ནུས་རྒྱུ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡོན་ཝུའེ་མིང་གིས་སྤེལ་རེས་གཏམ་བཤད་གནང་སྐབས“མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་གཏོད་རྒྱུའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་ནན་ཏན་བསྟར་ནས་ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱས་ཏེ་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་།དྲིན་ཚོར་ཡར་བརྩོན།གོ་སྐབས་དམ་འཛིན་དང་དངོས་སྒྲུབ་དོན་གཉེར་བཅས་བྱས་ནས་ལས་དོན་སྒྲུབ་པའི་ཡིད་ཆེས་འཕེལ་བ་བྱས་ཏེ་ལས་དོན་སྒྲུབ་པའི་རྣམ་པ་ཞིག་གཏོད་རྒྱུ་ཡིན་ཞེས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་དང་།རྒྱལ་ཁབ་ཀྱི“ཐཱན་གཉིས”ཀྱི་དམིགས་ཚད་ལ་ཞབས་འདེགས་ཞུ་བ།ནུས་རྒྱུ་གཙང་མའི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པ།རླུང་གློག་གི་འོད་ཤུགས་རྟེན་གཞིའི་གཞི་ཁྱོན་རྒྱུན་མཐུད་རྒྱ་ཆེར་གཏོང་བ།ཆུ་འབྲེལ་ནུས་རྒྱུའི་མི་མངོན་པའི་སྟོབས་ཤུགས་མུ་མཐུད་སྔོག་འདོན་བྱེད་པ།གློག་དྲ་འཛུགས་སྐྲུན་བྱེད་པ།ནུས་རྒྱུ་གསར་པ་འཚོལ་ཞིབ་དང་འཕེལ་རྒྱས་གཏོང་བ་དང་།    ནུས་རྒྱུ་བརྟན་པོའི་ངང་མཁོ་སྤྲོད་ཐུབ་རྒྱུར་འགན་ལེན་བྱེད་པ།    ནུས་རྒྱུ་གཙང་མའི་ཐོན་ལས་སྦྲེལ་ཐག་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པ།    ཧོ་གསོག་དྲ་ཁུངས་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་བརྟེན་པ།    དངོས་ཤུགས་ཁེ་ལས་མཚོ་སྔོན་དུ་མ་འཇོག་དང་བྱ་གཞག་གཏོད་པའི་གཞི་ཁྱོན་ཆེ་རུ་གཏོང་བ།    ཐཱན་མེད་ཐོན་ལས་དཔེ་སྟོན་ཁུལ་གྱི“ཐཱན་མེད”ནུས་རྒྱུའི་ལེབ་དུམ་ཇུས་འགོད་དང་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ།    ནུས་རྒྱུ་གསར་པའི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་དང་ཐཱན་མེད་ཐོན་ལས་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མཚོ་སྔོན་གྱི“ཐཱན་མེད་པའི”ཐོན་ལས་སྤུས་རྟགས་གཏོད་རྒྱུར་རོགས་རམ་བྱེད་དགོས།    

“འབྲུ་རིགས་ལས་དོན་པ་ཞིག་ཡིན་པའི་མཚོ་སྔོན་གྱིས་ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་དེ་སྤེལ་བཞིན་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་མཉམ་འདྲེས་བྱ་རྒྱུ་དང་།སློབ་སྦྱོང་ལ་བརྟེན་ནས་བློ་རིག་འཕེལ་བ་དང་།སློབ་སྦྱོང་ལ་བརྟེན་ནས་སྤྱོད་བཟང་དར་སྤེལ་གཏོང་བ།སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ‘ལས་བྱེད་པས་ལས་དོན་ཡག་པོ་སྒྲུབ་པ་དང་བསམ་བློ་དྭངས་གཙང་ཡོང་བ་བྱེད་དགོས།    འབྲུ་རིགས་འཁོར་རྒྱུག་ལས་དོན་ཡག་པོ་སྒྲུབ་པའི་ཕྱོགས་གང་ཅིའི་ཐད་དོན་འཁྱོལ་ཐུབ་པ་བྱས་ནས་མངགས་བཅོལ་དང་དྲིན་ཚོར་ཡར་བརྩོན་དང་།    འགན་འཁྲི་དང་ཕྲག་ཐོག་འགན་འཁུར།    རང་འགུལ་བཅས་ཀྱི་སྒོ་ནས་མཚོ་སྔོན་གྱི་འབྲུ་མཛོད་ལ་དོ་དམ་ཡག་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཞིང་ཆེན་དེ་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་མཚོ་སྔོན་གྱི་ལེའུ་ཁྱོན་ཡོངས་ནས་རྩོམ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས”ཞེས་ཞིང་ཆེན་འབྲུ་རིགས་ཅུས་གསོག་འཇོག་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་དབྱང་ཝུན་ལི་ཡིས་བཤད།    

“དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་བརྗིད་ཆེའི་འཆར་གཞི་དེས་མི་སེམས་ལ་སྐུལ་མ་ཐེབས་པ་དང་།བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་གྱི་སྤྲོ་སེམས་རབ་ཏུ་འཕེལ་བས་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་ཡོད”མཚོ་སྔོན་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་གྱི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཐང་ཅིན་ཆིས་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་གཏོད་པ་དང་།སེམས་ནུས་གཅིག་སྒྲིལ་གྱིས་ཐོན་ལས་ཀྱི་“ས་ཁུལ་བཞི”འཛུགས་སྐྲུན་བྱེད་པའི་རླབས་ཆེན་བྱ་གཞག་ཁྲོད་ང་ཚོས་བསམ་བློ་དང་བྱ་སྤྱོད་དེ་ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཐོག་གཅིག་གྱུར་བྱས་ཏེ་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་།འགག་སྒྲོལ་དཀའ་སེལ་གྱི་མདུན་གྲལ་དུ་སླེབས་པ་དང་།“ས་ཁུལ་བཞི”འཛུགས་སྐྲུན་བྱེད་པ།ནུས་ལྡན་གྱི་མ་འཇོག་རྒྱུན་མཐུད་རྒྱ་ཆེར་གཏོང་བ།ས་ཁོངས་དང་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ།སྒྱུར་བཅོས་སྒོ་དབྱེར་དངོས་སྒྲུབ་སྐུལ་འདེད་གཏོང་བ།ཐུན་མོང་ཐོག་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཇུས་འགོད་གནང་བའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་བརྗིད་ཆེའི་འཆར་གཞི་མངོན་འགྱུར་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་བྱས་ཏེ་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད།

ཚོགས་རའི་ནང་ཏང་ཡོན་ལས་བྱེད་པས་ཁྱེད་ཀྱིས་སྐད་ཆ་ཚིག་གཅིག་བཤད་པ་དང་།ངོས་འཛིན་གླེང་བ་དང་།མྱོང་ཚོར་ཤོད་པ།བསམ་ཕྱོགས་ལ་སྣང་ཆེན།འཕེལ་རྒྱས་ཀྱི་སྐད་ཆ་ཤོད་པ་བཅས་བྱས་ཏེ་བརྗོད་དོན་གཙོ་བོར་དམིགས་པ་དང་སྤེལ་རེས་བྱས་ནས་གྲུབ་འབྲས་གཟེངས་སུ་ཐོན་པ་བྱས་པས་ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་སྔར་བས་ཟབ་ཏུ་ཕྱིན་པ་དང་།དངོས་སྒྲུབ་འགན་འཁུར་དང་འགན་འཁྲི་གཙང་སྒྲུབ་ཀྱི་བསམ་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཡོད།

ཚང་མས་ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་སྔོན་ལ་སློབ་སྦྱོང་དང་རིམ་པ་གཅིག་གཏིང་ཟབ་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་བསམ་ཕྱོགས་དང་།ཁ་ཕྱོགས།ཤུགས་རྒྱག་ས་བཅས་གཞིར་བཟུང་།དཔའ་ངར་ཆེར་སྐྱེད་ཀྱིས་འབད་འཐབ་བྱེད་པའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཏེ་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་འཕེལ་བ་དང་།མཐུན་སྒྲིལ་འབད་འཐབ་ཀྱི་དྲང་ནུས་གཅིག་སྒྲིལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་ལ་སྐུལ་འདེད་དང་།སྣོད་བཅུད་འགན་ལེན།སྒྱུར་བཅོས་ལ་སྐུལ་འདེད།སྤྱི་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་བཅས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་སྒོས་བྲི་དགོས་ཟེར།    

ལོ་ཙཱ་བ། ལྷ་ཆེན་རྒྱལ།