རང་རེའི་དྲ་བའི་འཕྲིན། ཉིན་འདི་གར་མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལག་བསྟར་དོན་འཁྱོལ་གྱི་ལས་དོན་བཀོད་སྒྲིག་བྱས་པ་རེད།
ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་རེན་ཀྲང་ན་ཅུན་གྱིས་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་གོང་འོག་ཚང་མས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་ཏན་ཏིག་བཏང་སྟེ་སྔོན་ལ་སློབ་སྦྱོང་དང་རིམ་པ་གཅིག་སློབ་སྦྱོང་གཏིང་ཟབ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་། བླང་བྱ་གསར་པ་དང་རེ་སྒུག་གསར་པ་དོན་འཁྱོལ་བྱེད་པའི་བསམ་བློའི་ཐུན་མོང་ངོས་འཛིན་དང་སྙིང་སྟོབས་གཅིག་སྡུད་ལ་སྔར་བས་སྐུལ་འདེད་བཏང་སྟེ་ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་བསམ་ཕྱོགས་དང་ཁ་ཕྱོགས། ཤུགས་རྒྱག་ས་བཅས་ལ་གཞིགས་ནས་དཔའ་ངར་ཆེར་བསྐྱེད་ཀྱིས་ཡར་བརྩོན་བྱེད་པའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་དང་། ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་འཕེལ་བ། མཐུན་སྒྲིལ་འབད་འཐབ་ཀྱི་དྲང་ནུས་གཅིག་ཏུ་འགྲིལ་བ། ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་ལ་སྐུལ་འདེད་དང་། སྣོད་བཅུད་འགན་ལེན། སྒྱུར་བཅོས་ལ་སྐུལ་འདེད། དམངས་འཚོར་ཕན་འདེད། བདེ་འཇགས་འགན་ལེན་བཅས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་པ་རྩོམ་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།
ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་གཏོད་པའི་ཐད་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་ཡོལ་ཁུལ་དང་རྨ་ཆུའི་སྣོད་བཅུད་འགོག་རྐྱེན་ཁུལ་སོགས་གཙོ་གནད་སྣོད་བཅུད་འདུ་འགོད་ལག་བསྟར་ཡག་པོ་བྱེད་པ།རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་མཉམ་དུ་ཡག་པོ་བྱེད་པ།སྣོད་བཅུད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།
ཐོན་ལས“ས་ཁུལ་བཞི”འཛུགས་སྐྲུན་ཐད་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་ནུས་ཤུགས་ཡོད་རྒུས་གཏོད་པ་དང་།ལྗང་མདོག་གློག་གཏོང་གི་ཚད་གཞིའི་མ་ལག་འཛུགས་པ།“རྒྱུད་གཅིག་ལམ་གཅིག”གི་ནུས་རྒྱུ་གཙང་མའི་འཕེལ་རྒྱས་གླེང་སྟེགས་གྲ་སྒྲིག་ཡག་པོ་བྱེད་པ།“ལྟེ་བ་གཅིག་དང་།ལྷུ་ཚིགས་གཅིག རྒྱུད་མང་”བཅས་ཀྱི་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་དམིགས་ས་འཕེལ་རྒྱས་ཀྱི་བཀོད་པ་མགྱོགས་སུ་གཏོང་བ།ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ།ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་གི་གཞི་ཁྱོན་ཆེ་རུ་གཏོང་བ་བཅས་ལ་རྒྱབ་སྐྱོར་བྱེད་དགོས།
ནུས་ལྡན་གྱི་མ་འཇོག་རྒྱ་ཆེར་གཏོང་བའི་ཐད་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་དང་།མ་འཇོག་བཀོད་གཏོང་དོ་དམ་ལ་ཤུགས་སྣོན་རྒྱག་པ།གཙོ་གནད་ལས་རིགས་ཀྱི་མ་འཇོག་བསྐྱར་འཕར་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ།སྐྲུན་བཞིན་པའི་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ།མ་འཇོག་གིས་སྐུལ་ཁྲིད་བྱེད་ཤུགས་ཆེ་བ་དང་ཐོན་འབབ་ལེགས་པའི་རྣམ་གྲངས་གསར་པ་དང་རྣམ་གྲངས་ཆེ་གྲས་ཁག་གཅིག་ལས་འགོ་འཛུགས་པ། སྲིད་གཞུང་གིས་མ་དངུལ་འཇོག་པར་དོ་དམ་བྱེད་ཐབས་འདོན་པ་དང་། མ་དངུལ་འཇོག་པ་དང་བྱ་དགའ་སྤྲོད་པ་དང་ཆད་པ་གཅོད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱ་
སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བའི་ཐད་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་བྱེད་པའི་བཀོད་སྒྲིག་སོགས་ཀྱི་ལས་ཀའི་ཇུས་གཞི་ལག་བསྟར་དོན་འཁྱོལ་བྱེད་པ་དང་།ཐཱན་མེད་པའི་ཐོན་ལས་གླིང་གིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ཚོད་ལྟ་བྱེད་འགོ་ཚུགས་པ།“མཚོ་སྔོན་གྱི་ཡིད་རྟོན་མཉམ་འདྲེས”ལས་སྟེགས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་གི་ཆེད་དོན་བྱ་སྤྱོད་སྤེལ་བ།རྒྱུན་རྣམ་ཅན་གྱི་ཁེ་ལས་དྲོད་སྐྱོར་ཁེ་ལས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར་བཟོ་བ་དང་། ཤར་ནུབ་རོགས་ལས་དང་ཁ་གཏད་མཚོ་སྐྱོར་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་མཉམ་ལས་དོན་ཚན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་ལན་ཀྲོའུ་དང་ནུབ་ཀྱི་གྲོང་ཁྱེར་ཚོགས་པ་མཉམ་དུ་བསྐྲུན་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། །
དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བའི་ཐད་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་དང་།སྲིད་ཇུས་དང་བྱེད་ཐབས་རྒྱུན་མཐུད་ལེགས་སུ་གཏོང་བ།མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ།གཙོ་གནད་ཚོགས་སྤྱིའི་ལས་ཞུགས་འབབ་འཕར་དང་སློབ་གསོ་རིག་གནས་དང་།སྨན་བཅོས་འཕྲོད་བསྟེན།སྡེ་ཁུལ་དང་དེ་བཞིན་གྲོང་གསེབ་ཀྱི་རོགས་རེས་རྒན་གསོའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ།དབྱར་དུས་ཀྱི་ནུས་རྒྱུ་མཁོ་འདོན་འགན་ལེན་ཡག་པོ་བྱེད་པ ། དམངས་འཚོའི་ཚོང་ཟོག་གལ་ཆེན་གྱི་རིན་གོང་ལ་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བ་དང་ཚོང་རས་མཁོ་འདོན་འགན་ལེན་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་ཟོག་གོང་བརྟན་པོ་ཡོང་བར་བྱ་དགོས།
ལོ་ཙཱ་བ། ལྷ་ཆེན་རྒྱལ།