རང་རེའི་དྲ་བའི་འཕྲིན། ཟླ་8ཚེས་28ཉིན། ནམ་མཁའ་གཡའ་དག་ཅིང་སྟོན་གྱི་རང་མདངས་ཀྱིས་ཀུན་ནས་ཕྱུག་པའི་དུས་འདིར། ཟི་ལིང་གི(རྒྱལ་ཁབ་རིམ་པ)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ནན་ཁྲོན་བཟོ་ལས་གླིང་ཁུལ(གཤམ་དུ་བསྡུས་མིང་ལ“ནན་ཁྲོན་བཟོ་ལས་གླིང་ཁུལ”ཞེས་བསྡུ་རྒྱུ)དུ་སྐྱོད་སྐབས་འོད་ཤུགས་ལེབ་མོ་སྔོན་པོ་དེ་ཚད་ལྡན་ཅན་གྱི་འཁོར་ཁང་གི་ཁང་ཀླད་དུ་བསྒྲིགས་ནས་ཉི་ནུས་གློག་ལྗང་མདོག་ཏུ་བསྒྱུར་ནས་ཁེ་ལས་དང་གླིང་ཁུལ་གྱི་འཕེལ་རྒྱས་ལ་ནུས་རྒྱུའི་སྒུལ་ཤུགས་ལེགས་སྐྱེས་འབུལ་བཞིན་ཡོད་པ་རེད།
མཚོ་སྔོན་ཀའོ་ཅིང་ཉི་ནུས་ཚན་རྩལ་ཚད་ཡོད་ཀུང་སིར་སྒྲིག་བཀོད་པུའི་གཙོ་འགན་འཁུར་མཁན་ཕེང་རུའེ་ཡིས་ཟི་ལིང་གློག་འདོན་ཀུང་སིའི་གླིང་ཁུལ་གྱི་གློག་འདོན་ཞབས་ཞུ་ལྟེ་གནས་ཀྱི་ཚོང་ཤག་ཆེ་གྲས་ཀྱི་ཅིང་ལི་ལི་པའོ་ཆང་གིས་སྐྱེལ་བའི་ལྗང་མདོག་གློག་གཏོང་གི་གྲངས་གཞི་ཆེན་པོའི་དབྱེ་ཞིབ་སྙན་ཞུར་ལྟ་བཞིན་ནུས་རྒྱུ་གཙང་མ་སྤྱོད་ཚད་དང་།“ཐཱན་ཉུང་གཏོང་”གི་གྲངས་གཞི།ནུས་རྒྱུ་གཙང་མའི་ཡོང་ཁུངས་སོགས་ཀྱི་ཆ་འཕྲིན་གསལ་པོར་ཤེས་ཐུབ།
“ལྗང་མདོག་གློག་ཁུངས་ཀྱི་གྲངས་གཞི་ཆེན་པོའི་དབྱེ་ཞིབ་སྙན་ཞུ་ནི‘དྲ་སྦྲེལ་དང་ལྗང་མདོག་གློག་’གི་གསར་གཏོད་འདུ་ཤེས་ལ་བརྟེན་ནས་གློག་ཤུགས་གྲངས་གཞི་ཁྱབ་རྒྱ་ཆེ་བ་དང་།དུས་ཚོད་རང་བཞིན་ཆེ་བ།གནད་འཁེལ་རང་བཞིན་མཐོ་བ་བཅས་ཀྱི་ཁྱད་ཆོས་ལ་བརྟེན་ནས་ཟི་ལིང་གྲོང་ཁྱེར་དང་།བཟོ་ལས་གླིང་ཁུལ།གཙོ་གནད་ཁེ་ལས་བཅས་རིམ་པ་གསུམ་ལ་ཕྱོགས་ནས་གཅིག་འཐུས་རྣམ་པའི་ནུས་རྒྱུ་གཙང་མའི་ཤེས་ཚོར་གྲངས་གཞིའི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད”ཅེས་ལི་པའོ་ཆང་གིས་ངོ་སྤྲོད་བྱས།
ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག མཚོ་སྔོན་འདི་ཉིད་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་དགོངས་པའི་ལག་ལེན་གྱི་མཐོ་སར་ཧུར་ཐག་གཏོད་དགོས་པ་དང་།ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་འཕེལ་རྒྱས་ཐད་དཔེ་མཚོན་འཛུགས་དགོས་པ།ཐཱན་གྱི་རི་བོའི་ཐཱན་དང་སྔོན་ལ་ཚོད་ལྟ་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད།ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་དེ་སྣེ་ཁྲིད་དུ་བྱས་ཏེ་ནན་ཁྲོན་བཟོ་ལས་གླིང་ཁུལ་དེ་ཐཱན་མེད་པའི་ཐོན་ལས་གླིང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བའི་དཔེ་སྟོན་ས་ཚིགས་སུ་བརྩིས་ནས་འོད་ཤུགས་བཟོ་སྐྲུན་དང་ལིས་གློག་གསོག་ནུས་ཐོན་ལས་གཉིས་ཀྱི་ཐོན་ལས་ཁྱུ་ཚོགས་དང་གླིང་ཁུལ་གྱི་གློག་དྲ།གློག་ནུས་གྲུབ་ཆའི་ལེགས་ཆ་བཅས་སྤྱི་འདོམས་བེད་སྤྱོད་བྱས་ཏེ་ལྗང་མདོག་གློག་གི་བསྡུར་ཚད་མཐོ་རུ་གཏོང་བ་དང་།ལྗང་མདོག་གློག་གི་རིན་ཐང་སྔོག་འདོན་བྱེད་པ།ཐཱན་ཉུང་གཏོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས“ཐཱན་གཉིས”ཀྱི་དམིགས་ཚད་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།
“ལྗང་མདོག་གློག་ཁུངས་ཀྱི་ཤེས་ཚོར་ལས་སྟེགས་བཅའ་སྡོད་བྱས་ཚུན་ནན་ཁྲོན་བཟོ་ལས་གླིང་ཁུལ་ལ་འགྱུར་ལྡོག་བྱུང་བ་མངོན་གསལ་དོད་པོ་རེད”ཟི་ལིང་ནན་ཁྲོན་ལྗང་མདོག་གློག་བགོས་འཚོང་གློག་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཆི་ཚའེ་ཤིན་གྱིས“དེ་སྔ་གླིང་ཁུལ་གྱིས་གློག་ཁང་ཁག་གིས་མཁོ་འདོན་བྱས་པའི་གློག་ནུས་གྲངས་གཞི་ལས་ལྡོག་སྐུལ་ཁེ་ལས་ཀྱི་ལྗང་མདོག་གློག་གཏོང་བེད་སྤྱོད་གནས་ཚུལ་ཁོ་ན་ལས་མེད།གྲངས་གཞི་སྤྱིར་ན་གནད་སྨིན་དེ་ཙམ་མེད།འོན་ཀྱང་ད་ཆ་ལས་སྟེགས་ཀྱི་འགུལ་རྣམ་ལ་བརྟེན་ནས་ལྗང་མདོག་གློག་གཏོང་ཐོན་སྐྱེད་དང་།བརྒྱུད་གཏོང་།གསོག་ཉར་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་གྲངས་གཞིར་དབྱེ་ཞིབ་བྱས་ཏེ་ཁེ་ལས་ལ་ནུས་རྒྱུ་ཟད་གྲོན་གྱི་ཐཱན་འབུད་ཚད་དམའ་རུ་གཏོང་བ་དང་གླིང་ཁུལ་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་ཐུབ་རྒྱུ་རེད”ཅེས་བཤད།
“མིག་སྔར། འཆར་འགོད་ལག་བསྟར་བྱེད་བཞིན་པའི་ཁུངས་དྲ་བའི་ཧོ་གསོག་གཞི་གཅིག་ཅན་གྱི་རྟེན་གཞི་ཆེན་པོ་དེས་འཕུར་སྐྱོད་རྣམ་པའི་ཐོག་ནས་ཆེད་སྤྱོད་ལམ་ཐིག་བརྒྱུད་གླིང་ཁུལ་དུ་འབྱོར་བ་དང་།ལྗང་མདོག་གློག་གཏོང་ལ་བརྟེན་ནས་གླིང་ཁུལ་གྱི་ལྗང་མདོག་གློག་གཏོང་བསྡུར་ཚད་མང་དུ་བཏང་སྟེ་ལྗང་མདོག་གློག་གཏོང་གླིང་ཁུལ་དང་ཐཱན་མེད་པའི་གླིང་ཁུལ་གཏོད་ཆེད་ལྗང་མདོག་གློག་གཏོང་གི་འདེགས་སྐྱོར་བྱ་རྒྱུ་རེད”ཅེས་ཆི་ཚའེ་ཤིན་གྱིས་བཤད།
ཨ་ཐེ་སི་འོད་ཤུགས་དང་།ཅིན་ཁོ་ནུས་རྒྱུ།ཐེན་ཧོ་འོད་ནུས་སོགས་ཟི་ལིང་གི(རྒྱལ་ཁབ་རིམ་པ)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཁྲོད་ཀྱི་ལོ་ན་གཞོན་ཤོས་ཀྱི་བཟོ་ལས་གླིང་ཁུལ་ཡིན་པའི་ངོས་ནས་ནན་ཁྲོན་བཟོ་ལས་གླིང་ཁུལ་དུ་ལིས་གློག་དང་འོད་ཤུགས་དུང་ཕྱུར་སྟོང་རིམ་པའི་ཐོན་ལས་རྟེན་གཞི་གཉིས་ཡོད་པ་མ་ཟད།ད་དུང་ནུས་རྒྱུ་གསར་པའི་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་མང་པོ་ཞིག་ཀྱང་འདུས་ཡོད།ནུས་རྒྱུ་གཙང་མའི་བསྡུར་ཚད་87%ཡན་བཟུང་བ་དང་ནུས་རྒྱུ་གསར་པས་བཟུང་བའི་བསྡུར་ཚད་43%ལས་བརྒལ་བ་སོགས་ཕྱོགས་ཁག་གི་ལེགས་ཆ་གཅིག་སྡུད་བྱས་པ་ཕུད།གླིང་ཁུལ་གྱིས་ད་དུང་རིགས་གཅིག་མཁས་ཅན་གདན་དྲངས་ནས་བརྟག་དཔྱད་བྱས་ཏེ་ཚན་རིག་དང་མཐུན་པའི་དོན་དངོས་དང་ལག་བསྟར་བྱེད་འཐུས་རང་བཞིན་ཆེ་བའི་《ནན་ཁྲོན་བཟོ་ལས་གླིང་གི་ཐཱན་མེད་པའི་ཐོན་ལས་གླིང་འཛུགས་སྐྲུན་ཇུས་གཞི(མ་ཟིན)》བཟོས་ནས་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་གཏོད་རྒྱུར་རམ་འདེགས་བྱས་པ་རེད།
འགྲན་ལམ་གསར་པར་གཞི་ཚུགས་ནས་ཁེ་ལས་དང་གླིང་ཁུལ་གྱི་འཕེལ་རྒྱས་འདུ་ཤེས་མ་གྲོས་གཅིག་མཐུན་བྱུང་ཡོད།
“ཁྱབ་ཚུལ་རྣམ་པའི་ལྗང་མདོག་ནུས་རྒྱུ་དང་ནུས་རྒྱུ་གྲོན་ཆུང་དང་ཆུ་གྲོན་ཆུང་།གྲངས་གཞི་ཅན་གྱི་ཐཱན་དོ་དམ་ཡོ་བྱད་དང་མ་ལག་བཟོ་བ།ཐོན་རྫས་ཀྱི་ཐཱན་རྗེས་ཞིབ་རྩིས།ལས་མིའི་ལྗང་མདོག་ཆ་བསགས་རྩིས་ཁྲ”བཅས་ཟུང་འབྲེལ་བྱས་པ་དང་།ཕྱོགས་ཡོངས་ནས་ཐཱན་དོ་དམ་གྱི་ལྗང་མདོག་ཐག་གཅོད་ཇུས་གཞི་ཆ་ཚང་ཞིག་སླར་ཡང་རིག་ནུས་བཟོ་སྐྲུན་སོགས་ཀྱི་བྱ་ཐབས་སྤྱད་དེ“ཐཱན་མེད་རྩིས་ཁྲ”མཚོ་སྔོན་ལི་ཧའོ་གློག་འདྲེན་གཟུགས་རྒྱུ་ཆ་ཚད་ཡོད་ཀུང་སི(གཤམ་དུ“ལི་ཧའོ་གློག་འདྲེན་ཕྱེད་གཟུགས་”ཞེས་བསྡུ་རྒྱུ)དེ་གསལ་པོར་བརྩིས་ཡོད།
“ང་ཚོས་ལྗང་མདོག་གློག་དང་།ལྗང་མདོག་རླངས་པ།ཆིང་བཅས་སྤྱད་དེ་ཆུ་གྲོན་ཆུང་གི་ལག་རྩལ་སྤྱད་པས་ལོ་ལྟར་ཐཱན་ཉུང་དུ་འགྲོ་གི་ཡོད།བཟོ་གྲྭའི་ཁང་ཀླད་དང་རླངས་འཁོར་འཇོག་ས་སྤྱད་དེ་ཁྱབ་ཚུལ་རྣམ་པའི་འོད་ཤུགས་གློག་གཏོང་བྱས་ནས་ལོ་ལྟར་ཐཱན་འབུད་ཚད་ཏུན་2851ཉུང་དུ་ཕྱིན་པ་དང་།ལྗང་མདོག་རླངས་པ་ཕྱིར་འབུད་བྱེད་ཚད་ཏུན་11000ཟིན་པ།ཆིང་ལྗང་འབུད་ཉུང་གཏོང་བྱེད་ཚད་ཏུན་110000ཟིན་པ་བཅས་དང་དུས་མཚུངས་ལོ་འཁོར་གྱི་ཆུ་གྲོན་ཆུང་བྱེད་ཚད་སྔོན་དཔག་བྱས་ན་ཏུན་ཁྲི་100ལས་བརྒལ་རྒྱུ་རེད”ལི་ཧའོ་གློག་འདྲེན་ཕྱེད་རྫས་ཀྱི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཧོ་ཤེས་ཡོན་ཅན་གྱིས་བཤད།
“ལྗང་མདོག་གློག་ཤུགས”བཟོ་སྐྲུན་གྱི“ལྗང་མདོག་ཐོན་རྫས”སྤྱད་དེ་ལི་ཧའོ་གློག་འདྲེན་ཕྱེད་གཟུགས་ཀྱིས་ཐོག་མཐའ་བར་གསུམ་དུ“བདེ་འཇགས་དང་།ལྗང་མདོགརིག་ནུས”བཅས་ཀྱི་གཉེར་སྐྱོང་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་ལྗང་མདོག་བཟོ་སྐྲུན་དང་དྭངས་གཙང་འཕེལ་རྒྱས་ཀྱི་ཚན་རྩལ་ཅན་གྱི་ཁེ་ལས་ནུས་ཤུགས་ཡོད་རྒུས་བཏོད་པ་དང་།2021ལོར་བཟོ་གྲྭ་བཙུགས་མ་ཐག་པའི་དུས་ནས་ཕུགས་ཀྱི་འཕེལ་རྒྱས་ལ་དམིགས་པ་དང་།གོམ་སྟབས་མདུན་དུ་སྤོས་ཚེ་ལྗང་མདོག་བཟོ་གྲྭ་དང་ཐཱན་མེད་པའི་བཟོ་གྲྭ་འཛུགས་སྐྲུན་ལ་གྲ་སྒྲིག་བྱེད་ཀྱི་ཡོད།
“ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འཕར་རྒྱུ་བརྟན་པོ་ཡོང་བ་དང་།ནུས་ཤུགས་ཡོད་རྒུས་བཟོ་ལས་བརྟན་པོ་ཡོང་བ།ནུས་ཤུགས་ཡོད་རྒུས་ཐོན་ལས‘ས་ཁུལ་བཞི’སྐྲུན་པ།ནུས་རྒྱུ་གཙང་མའི་སྒུལ་ནུས་གསར་པ་སྐྱེད་སྲིང་བཅས་བྱེད་དགོས་པའི་ནན་བཤད་བྱས་ཡོད།‘ཐཱན་མེད་བཟོ་གྲྭ’གཏོད་རྒྱུ་ནི་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་སྒྲུབ་པ་ཞིག་ཡིན་ལ་ཐོན་རྫས་ལ‘ལྗང་མདོག་རྟགས་བྱང་’སྤྲད་ནས་ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་ཐད་ཀྱི་ཁེ་ལས་ཀྱི་ལེགས་ཆ་མངོན་པར་བྱས་ཏེ་ཁྲོམ་རཞའོ་ཚའེ་ཡིས་དྲང་མོར་བཤད།
ཐཱན་གཉིས་ཀྱི་འཁྲབ་ཚན་ཆེན་པོ་འགོ་ཚུགས་ཟིན་པ་དང་ཐཱན་མེད་པའི་གླིང་ཁུལ་དང་ཐཱན་མེད་པའི་བཟོ་གྲྭ་ནི་འཕེལ་ཕྱོགས་ཡིན་ལ་ལེགས་ཆ་དེ་བས་ཀྱང་ཡིན།བཟོ་ལས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྣོད་བཅུད་ཁོར་ཡུག་ཆུ་ཚད་མཐོ་བའི་སྲུང་སྐྱོང་ཟམ་མི་ཆད་པར་མཐོ་རུ་བཏང་ནས་བཟོ་ལས་ཀྱི“ལྗང་མདོག་འདུས་ཚད”མང་དུ་བཏང་ནས་འཕེལ་རྒྱས་ཀྱི་རིན་ཐང་ཐོབ་པ་བྱས་ཡོད།ད་ཆའི་ནན་ཁྲོན་བཟོ་ལས་གླིང་གིས་དུས་རབས་ཀྱི་གོམ་སྟབས་དང་བསྟུན་ནས“ཐཱན་མེད་པར”ལྗང་མདོག་སྒུལ་ཤུགས་ཚད་མེད་འདོན་བཞིན་ཡོད།
ལོ་ཙཱ་བ། ལྷ་ཆེན་རྒྱལ།