ཐོག་མའི་བསམ་འདུན་ལ་བརྟེན་ནས་དམངས་ཕན་བྱ་བཞག་ལག་བསྟར་བྱ་དགོས།

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། རྩོམ་པ་པོ། : ལྷ་ཆེན་རྒྱལ། སྤེལ་དུས། : 2023-08-25

རང་རེའི་དྲ་བའི་འཕྲིན། ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་གོ་སྐབས་དམ་འཛིན་དང་དངོས་སྒྲུབ་གནད་ལེན་གྱི་འབོད་སྐུལ་བྱས་པ་ལས་དམ་པ་དོན་གཉེར་དང་རང་འགུལ་ངང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ནང་ཞུགས་པའི་རྣམ་འགྱུར་བརྟན་པོ་མངོན་ཡོད།

རྒྱལ་ཡོངས་ཀྱི་ས་ལར་རིགས་རང་སྐྱོང་རྫོང་ཡ་རྫི་ས་ཆར་མཚོན་ན།“དོན་དངོས”གཙོ་བོར་འཛིན་པ་དང་།“ལས་སྒྲུབ”མཐིལ་འདེགས་བྱེད་པ།“འགག་རྩའི་ཉུང་ཤས”ཀྱིས་“ཆེས་མང་ཆེ་བར་”སྐུལ་ཁྲིད་བཅས་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་ཆེན་པོར་འགྱུར་བ་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་སྒུལ་ཤུགས་ཆེན་པོར་གྱུར་ཡོད།

“མདུན་ལམ་ཤར་གཏོང་ཐུབ་པ་དང་།འཆར་གཞི་དོན་དངོས་སུ་འགྱུར་བར་རྫོང་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་གཅིག་གཏོང་དང་ནུས་ཤུགས་གཅིག་ཏུ་འདོན་དགོས་པ་དང་།མི་ཚང་མས་དངོས་སྒྲུབ་བྱེད་དགོས་པ་རེད།”གྲོང་ཁྱེར་ནས་གྲོང་གསེབ་བར་དང་།ལས་ཁུངས་ནས་ཁེ་ལས།སློབ་གྲྭ་ནས་སྡེ་ཁུལ་བཅས་བར་གྱི་ཚོགས་འདུ་ཡོངས་ཀྱི་སྙིང་སྟོབས་ཀྱིས་རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་སྣེ་ཁྲིད་བྱས་ཏེ་འགན་འཁྲི་ལག་བསྟར་བྱ་དགོས།

“གཞི་རིམ་གྱི་ཤང་དང་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅི་ཞིག་ཡིན་པའི་ངོས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་ཤང་ཡོངས་ཀྱི་ལས་དོན་ཟུང་འབྲེལ་དམ་ཟབ་བྱས་ཏེ་གོང་གིས་འོག་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱེད་དགོས”ཆིང་ཧྲུའེ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་མཱ་ཞའོ་ཧྥུང་གིས་སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་།འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ།གནད་དོན་ཞིབ་འཇུག་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་སྤུས་ཚད་མཐོ་རུ་གཏོང་བའི་ཐད་ཐབས་ཤེས་གསར་པ་དང་།ཐབས་ཤེས་བརྟན་པོ།བྱ་ཐབས་དངོས་བཅས་དེ་བས་མང་བ་བཏོན་ནས་ཚང་འཛོམས་གྲོས་ཚོགས་ཐོག་བཀོད་པའི་འཆར་གཞི་ཡག་པོ་དེ་ཏང་འཛུགས་སྐྱོང་དང་།མི་སྡོད་ཁོར་ཡུག་བཅོས་སྒྲིགདམངས་འཚོ་འགན་ལེན།སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་གཙོ་གནད་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་དུ་འགྱུར་བ་བྱེད་དགོས་ཞེས་བཤད་པ་རེད།

ཁོང་གིས“སྲིད་ཇུས་ཡག་པོས་”མང་ཚོགས་ལ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་དང་ཏང་གི་དབུལ་སྐྱོར་སྲིད་ཇུས་ཀྱིས་རང་ཉིད་ཀྱི་འཚོ་བར་འགྱུར་ལྡོག་བཏང་ཡོད།ཤང་ཏང་ཨུད་དང་སྲིད་གཞུང་གིས་ཞིང་ཁྱིམ་སྨན་ཁང་དུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་རྗེས་རང་ཉིད་ཀྱིས་འཕྲལ་དུ་འཕྲེད་འགེལ་སྦྱར་ཡིག་བཀལ་བ་རེད།

ཡ་རྫི་རྫོང་དུ་མ་ལིའང་དང་འདྲ་བར་ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་མཁན་བཟའ་བཏུང་བ་ཁྲི་སྟོང་མང་པོ་ཡོད།

“སྤྲོ་སྐྱིད་གླིང”གཙོ་བོར་བྱས་པའི་བཟའ་བཏུང་ལས་རིགས་མེད་པ་ནས་ཡོད་པའི་བར་དང་།ཉུང་བ་ནས་མང་བའི་བར་འཕེལ་རྒྱས་མྱུར་པོ་བྱུང་ཡོད།མིག་སྔར་རྒྱལ་ཡོངས་ས་གནས་ཁག་ཏུ་ས་ལར་ཁྱིམ་ཚང་གི་བཟའ་བཏུང་ཚོང་ཁང་སྣ་ཚོགས་7430ཡོད་པ་དང་།ལས་ཞུགས་མི་སྣ་ཁྲི་3.6ཡོད་པ།ལོ་རེར་ཡོང་འབབ་ཁེ་གཙང་སྒོར་དུང་ཕྱུར་20ཡན་ཟིན་ཡོད་པ་རེད།ཁྱད་ལྡན་མི་རིགས་ཀྱི་ཟས་རིགས།ཇ་ཟས།འཐེན་ཐུག་བཅས་ཕྱོགས་བཞི་གཞི་གཅིག་གི་ཐོན་ལས་རྣམ་པ་ཆགས་རྒྱུར་སྐུལ་འདེད་བཏང་བ་དང་།ས་ལྷ་ཁྱིམ་ཚང་གི་བཟའ་བཏུང་ལས་རིགས་དར་རྒྱས་བྱུང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་ལས་ཞུགས་ནུས་ལྡན་བྱ་རྒྱུར་སྐུལ་ཁྲིད་ཐུབ་ནས་ས་ལ་ཁྱིམ་ཚང་གི་བཟའ་བཏུང་ལས་རིགས་དེ་ཡ་རྫི་རྫོང་གི་གྲོང་གསེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་ཀ་རྟེན་ཐོན་ལས་ཤིག་ཏུ་གྱུར་ཡོད།

མིག་སྔར་ཡ་རྫི་རྫོང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྣེ་ཁྲིད་དུ་བྱས་ནས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ཁྱད་ལྡན་ལེགས་ཆའི་སྐྱེ་དངོས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ“རྨ་ཆུའི་ཚོན་ལྡན་སྤོ་ལོ”གཙོ་བོར་བྱས་པའི་དེང་རབས་སྒྲིག་བཀོད་ཞིང་ལས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་།“ས་མཐོའི་ཉ་”སོགས་ཁྱད་ལྡན་འདེབས་གསོའི་ལས་རིགས་སྲ་བརྟན་དང་རྒྱ་ཆེར་བཏང་ནས་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་རྒྱུ་རྨང་གཞི་རྒྱུན་མཐུད་ངང་ཤུགས་སྣོན་དང་གཟུགས་བརྙན་མཐོ་རུ་བཏང་ནས་རྨ་ཆུའི་རྟགས་ཅན་དང་།དམར་པོའི་རྟགས་ཅན།ཞིམ་ཟས་ཀྱི་རྟགས།ཚ་བ་གཡོལ་བའི་རྟགས།གྲོང་གསེབ་ཀྱི་རྟགས།དམངས་སྲོལ་བྱང་བུ་སོགས་“ཡུལ་སྐོར་བྱང་བུ་དྲུག་”གཙོ་གནད་དུ་བཟུང་ནས་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་བྱ་ཡུལ་གྱི་ནང་དོན་གསར་པ་མུ་མཐུད་ཕུན་སུམ་ཚོགས་སུ་གཏོང་དགོས།

པའེ་ཀྲོང་གྲོང་རྡལ་དབྱི་རི་ཧེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཧན་དབྱི་ལ་སིས་ཚོགས་འདུ་ཡོངས་ཀྱི་སྙིང་སྟོབས་ཀྱིས་གྲོང་གསེབ་དར་རྒྱས་དང་ཞིང་ལས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།ང་ཚོ་ཁ་ཕག་གྲོང་ཚོས་ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་དང་མཛེས་སྡུག་ལྡན་པའི་མཛེས་ལྗོངས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུར་རྨང་གཞི་ཡག་པོ་འདིང་རྒྱུ་ཡིན་ཞེས་བཤད་པ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་འབད་འབུངས་ཀྱི་དུང་བརྡ་བཏང་བ་དང་ཞིང་ཆེན་ཡོངས་ལ་དངོས་འཛིན་དངོས་སྒྲུབ་ཀྱི་སྤྱིའི་སྐུལ་སློང་བཀའ་རྒྱ་བཏང་བའི་རྒྱབ་ལྗོངས་འོག་ཡ་རྫི་རྫོང་གིས་ལྗང་མདོག་འཕེལ་རྒྱས་དང་།འཁོར་རྒྱུག་འཕེལ་རྒྱས།ཐཱན་ཉུང་འཕེལ་རྒྱས་བཅས་ཀྱི་དམིགས་ཚད་གསར་པ་གཏན་འཁེལ་བྱས་ནས་རྨ་ཆུའི་གཞུང་ཆུའི་ཆུ་ལོག་འགོག་པའི་དུས་ཐེངས་གཉིས་པ་དང་།རྫོང་གྲོང་གི་བཙོག་ཆུ་གཙང་གསིང་བཟོ་གྲྭའི་ཚད་གཞི་མཐོར་གཏོང་།ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་སྤེལ་ནས་ཞིབ་ཚགས་ཤིང་འཛུགས་བྱས་ཏེ་སྔོ་ལྗང་མང་དུ་བཏང་ནས་རི་ཀླུང་རྒྱུན་དུ་གནས་པ་དང་།སྔོ་ཞིང་དྭངས་པའི་ཆུ་རྒྱུན་དང་མཁའ་རླུང་རྒྱུན་དུ་གསར་པ་བཅས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་པོར་འཛུགས་དགོས།ཞན་ཆ་སེལ་བ་དང་།གྲོང་ཁྱེར་གསར་སྒྱུར་བྱ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་རིམ་པ་མཐོ་རུ་གཏོང་དགོས།ཡ་རྫི་རྫོང་དེ་རྨ་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་ཁོར་ཡུག་མཛེས་པ་དང་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་དེང་རབས་ཚོང་དོན་དང་སྤྲོ་གསེང་ཡུལ་སྐོར་གྱི་གྲགས་ཅན་གྲོང་ཁྱེར་ཞིག་ཏུ་གཏོད་པའི་དམིགས་ཚད་ཕྱོགས་སུ་བསྐྱོད་རྒྱུ་རེད།

ཡ་རྫི་རྫོང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཝང་ཝུན་ཅ་ཡིས་ཡ་རྫི་རྫོང་གིས་རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བརྟན་པོའི་ངང་འཕར་བར་འདེགས་སྐྱོར་བྱེད་པའི་རྣམ་གྲངས་གལ་ཆེན་གཙོ་གནད་ཐོག་ལག་བསྟར་ཡག་པོ་བྱས་ཏེ་དམིགས་སར་འབྱོར་བའི་མ་དངུལ་ལག་བསྟར་བྱེད་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་བཏང་ནས་རྫོང་གྲོང་གི་བཙོག་ཆུ་གཙང་སེལ་བཟོ་གྲྭ་རྒྱ་སྐྱེད་སྒྱུར་བཀོད་ལས་གྲྭ་དང་། ཆིང་ཧྲུའེ་གཙང་པོའི་ཆུའི་སྣོད་བཅུད་སྲུང་སྐྱོང་དང་ཉམས་གསོ་སོགས་ཀྱི་ལས་གྲྭའི་འཕེལ་རིམ་ཐད་ཆིང་ཧྭ་མྱུར་བགྲོད་གཞུང་ལམ་དང་།    བདེ་ཐང་སྨན་བཅོས་གྲོང་།    རིག་གནས་ལུས་རྩལ་ལྟེ་གནས་སོགས་ཀྱི་རྣམ་གྲངས་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་ནས་ལོ་འདིའི་ནང་མ་དངུལ་སྒོར་དུང་ཕྱུར་18.2གཏོང་ཐུབ་པའི་བརྩོན་ལེན་བྱ་རྒྱུ་རེད།    

བིས་མདོ་བོད་རིགས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་མུའུ་ཙའེ་མིང་གིས་ཞིང་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་ང་ཚོས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་།མ་དངུལ་གཏོང་བ།ཆ་སྒྲིག་རོགས་སྐྱོར་བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་འགོ་ཚུགས་དཀའ་བ་དང་།གཉེར་སྐྱོང་དཀའ་བ།རྩ་འཛུགས་དཀའ་བ་སོགས་ཀྱི་དཀའ་གནད་སེལ་བ་དང་།སྲིད་ཇུས་དང་།    མ་དངུལ།    ལག་རྩལ་སོགས་པའི་ཐོན་ཁུངས་སྣ་ཚོགས་ཀྱི་ཕན་འབྲས་གཅིག་ཐོག་གཅིག་བརྩེགས་ཡོང་བར་བྱེད་པ་དང་།    གྲོང་སྡེའི་ཐུན་མོང་དཔལ་འབྱོར་ཡུན་རིང་བརྟན་པོའི་ངང་འཕར་སྣོན་ཡོང་བར་བྱེད་པ།    མང་ཚོགས་ཀྱི་ཡོང་འབབ་ཐབས་ལམ་མུ་མཐུད་རྒྱ་སྐྱེད་དུ་གཏོང་བ་བཅས་བྱ་དགོས་ཟེར།    

ལོ་ཙཱ་བ། ལྷ་ཆེན་རྒྱལ།