ཀྲི་པུའུ་ཡིས་སྣེ་ཁྲིད་ཀྱིས་དངོས་སྒྲུབ་ལ་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་རྣམ་པ་ཟབ་མོ་བཏོད་པ།

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། རྩོམ་པ་པོ། : ལྷ་ཆེན་རྒྱལ། སྤེལ་དུས། : 2023-08-23

[ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག །ལག་བསྟར་བཅས་བྱེད་པའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་དུ་ཡོད།]

རང་རེའི་དྲ་བའི་འཕྲིན། “‘འགན་འཁྲི་འབོད་སྐུལ་དང་མི་དམངས་ཀྱིས་རེ་སྒུག་བྱེད་བཞིན་ཡོད།དངོས་སྒྲུབ་དེ་མཚོ་སྔོན་གསར་པའི་མངོན་གསལ་དོད་ཤོས་ཀྱི་མཚོན་རྟགས་སུ་འགྱུར་བ་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་དུང་བརྡ་སྐད་གསང་མཐོན་པོས་མངོན་འགྱུར་ཐུབ་པ་བྱ་རྒྱུ་ཡིན’ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ཞིང་ཆེན་ཡོངས་ལ་དངོས་སྒྲུབ་ཁ་ཕྱོགས་གསལ་སྟོན་བྱས་ཡོད།ང་ཚོ་པད་ལུང་གྲོང་ཚོ‘ཨུ་ལྷན་གཉིས’ཀྱིས་དུས་ཐོག་ཏུ་སློབ་སྦྱོང་དང་གོ་བ་ལེན་པ་དང་།ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ།ཏང་ཀྲི་པུའུ་རྨང་གཞིར་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་ཁུལ་རིམ་པའི་གཟན་རྩྭའི་རྟེན་གཞི་བསྐྲུན་ཟླ་8ཚེས་17ཉིན་པད་ལུང་གྲོང་ཚོའི་གཟན་རྩྭ་འདེབས་འཛུགས་རྟེན་གཞི་ཨང་3པར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པ་སངས་ཐུབ་བསྟན་གྱིས་གཟན་རྩྭ་རྟེན་གཞིའི་གནས་ཚུལ་ལ་ལྟ་ཞིབ་བྱེད་བཞིན“འདི་ལོའི་ལོ་ཏོག་སྐྱེ་ཚུལ་ཧ་ཅང་ཡག་པོ་ཡོད་མོད།འོན་ཀྱང་ཉེ་ཆར་ཆར་ཆུ་མང་བས་ང་ཚོའི་གྲོང་ཚོའི་ལས་བྱེད་པས་རེས་མོས་ངང་དེ་གར་བསྡད་ནས་ཐོན་འབབ་ལ་ཤུགས་རྐྱེན་ཐེབས་དོགས་ཡོད”ཅེས་བཤད།

གཟན་རྩྭ་འདེབས་འཛུགས་རྟེན་གཞི་གཞན་དག་ནང་ཚང་མས་་བྲེལ་འཚུབ་ཆེན་པོ་བྱེད་ཀྱི་ཡོད་པ་དང་སྟོན་བསྡུའི་གོང་གི་གྲ་སྒྲིག་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།མཉམ་ལས་ཁང་ཁག་གི་མི་སྣས་ལས་བགོས་འགན་འཁྲི་བགོས་ནས་སྟོན་བསྡུའི་གོང་གི་འབྲུབ་འགོག་ལས་དོན་བཀོད་སྒྲིག་དམ་འཛིན་བྱེད་པ་དང་ཆབས་ཅིག་ལོ་ཏོག་གི་སྐྱེ་ཚུལ་དང་སྤུས་ཚད་ལ་ལྟ་ཞིབ་ཞིབ་ཚགས་བྱས་ཡོད།གསར་དུ་ཉོས་པའི་བརྔ་བསྡུའི་འཕྲུལ་འཁོར་གྱི་ལྷུ་ལག་ཀྱང་དོན་འཁྱོལ་བྱུང་ནས་ཉམས་གསོ་འགན་ལེན་དགེ་རྒན་གྱིས་སྲུང་སྐྱོང་དང་ཉམས་གསོ་བྱ་རྒྱུར་སྒུག་ཡོད།

“གཟན་རྩྭ་ཚང་མ་བརྔ་བསྡུ་དང་ཐུམ་བརྒྱབ་ནས་དགུན་ཁ་ཤར་ལ་ཉེ་བའི་སྐབས་སུ་འབྲོག་ལས་ཤང་གྲོང་གཞན་ལ་འཚོང་གི་ཡོད་པས་སྤུན་ཟླའི་ཤང་གྲོང་གི་འབྲོག་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཐུབ་ལ་ང་ཚོའི་ཡོང་འབབ་ཀྱང་མཐོ་རུ་འགྲོ་ཐུབ་ཀྱི་ཡོད།ད་ཆ་ང་ཚོའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བཞིན་ཡོད་པས་འདི་ལོའི་ཡོང་འབབ་མི་དམན་པ་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད”གྲ་སྒྲིག་ལས་དོན་ནང་ཞུགས་མཁན་པད་ལུང་གྲོང་ཚོའི་འབྲོག་པ་རྡོ་རྗེས་ཡིད་ཆེས་ཀྱིས་ཁེངས་ཤིང་།

པད་ལུང་གྲོང་ཚོའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་3000ཙམ་ཟིན་པ་དང་གནམ་གཤིས་དྲོ་རུ་ཕྱིན་ནས་ཉིན་ལྟར་འདང་ངེས་ཡོད།དེ་ནི་མིག་སྔར་ཁྲི་འདུ་གྲོང་རྡལ་གྱི་གཟན་རྩྭ་འདེབས་འཛུགས་རྟེན་གཞི་ཆེ་ཤོས་ཡིན་པ་དང་།ལོའི་ཐོན་འབོར་གྱིས་གྲོང་རྡལ་དེ་ཡོངས་ཀྱི་ལོའི་ཐོན་འབོར་གྱི་65%ཡན་བཟུང་ཡོད།བསམ་པ་ཐུབ་བསྟན་གྱིས“སྔོན་ཆད་གྲོང་ཚོའི་མང་ཚོགས་ཀྱི་ཐོན་སྐྱེད་འདུ་ཤེས་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་པ་དང་།གྲོང་ཚོའི་མཉམ་སྡེབ་ཐོན་ལས་གྲུབ་ཆ་ལུགས་མཐུན་མེད་པ།ཐོན་སྐྱེད་གཞི་ཁྱོན་ཆུང་བ།ཚན་རྩལ་འདུས་ཚད་དམའ་བ་བཅས་ཀྱི་རྐྱེན་གྱིས་གྲོང་ཚོ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་འགོར་བ་དང་ཞིང་འབྲོག་པའི་ཡོང་འབབ་ཅུང་དམའ་བ་ཡོད”ཅེས་བཤད།

2020ལོའི་ཟླ་བཞི་པར་རྫོང་ཨུད་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་འོག་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་དེ“ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་མཉམ་ལས་ཁང་།ཞིང་དུད་བཅས་ཟུང་དུ་འབྲེལ་བའི”རྣམ་པའི་གྲོང་ཚོའི་གཟན་རྩྭ་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ཡོད།“རང་མོས་མ་རྐང་ནང་ཞུགས་པ་དང་།གཅིག་གྱུར་འདེབས་འཛུགས།ལོ་མཇུག་གི་མ་རྐང་ཁེ་སྤོགས་བགོ་བ”བཅས་ཀྱིས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་ཡོད།མིག་སྔའི་བར་དུད་ཚང་131གི་མི་365ལ་མ་རྐང་ནང་ཞུགས་པ་དང་ཞིང་འབྲོག་དུད་ཚང་གི་ཆ་སྙོམས་ཡོང་འབབ་སྒོར་6106.87ཟིན་པ་དང་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་1729.81ཟིན་ཡོད།

“ང་ཚོས་གཟན་རྩྭའི་མཉམ་ལས་ཁང་དེ་ས་ཁུལ་གྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱེད་པའི་ཀ་རྟེན་ཐོན་ལས་གལ་ཆེན་ཞིག་ཏུ་བརྩིས་ནས་གསོ་སྐྱོང་བྱས་པ་དང་།སྔ་རྗེས་སུ་གྲོང་ཚོའི་སྔར་ཡོད་གཟན་ཆག་མཉམ་ལས་ཁང་གི་རྨང་གཞིའི་ཐོག་འདེབས་འཛུགས་རྒྱ་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་གྲོང་ཚོའི་མུའུ་ཁྲི་ཡི་གཟན་རྩྭ་འདེབས་འཛུགས་དང་ཉུང་མ་འདེབས་འཛུགས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་ཡག་པོ་ཡོད”ཅེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་བདེ་ཆོས་ཚེ་རིང་གིས་བཤད།

ན་ནིང་གནམ་གཤིས་ཧ་ཅང་ངན་པ་དང་རིམས་ནད་སོགས་ཀྱི་ཤུགས་རྐྱེན་ཕོག་ཀྱང་གཟན་རྩྭའི་རྟེན་གཞིའི་མུའུ་རེའི་ཐོན་ཚད་སྔར་བཞིན་སྤྱི་རྒྱ་1815ཟིན་པ་དང་མཉམ་ལས་ཁང་གིས་དེ་དག་ཚང་མ་སྔོ་གཟན་སྙོལ་བའི་གཟན་རྩྭ་ཏུན་1200བཟོས་ནས་ཕྱི་ལོའི་དགུན་དཔྱིད་འབྲོག་ལས་འཕེལ་རྒྱས་ལ་གྲ་སྒྲིག་འདང་ངེས་དང་རྨང་གཞི་བཏིང་ཡོད་པ་རེད།

པད་ལུང་གྲོང་ཚོའི་སྡེ་མི་བཀྲ་ཤིས་ཀྱིས་འདི་ལོའི་ཐོན་འབབ་དང་ཡོང་འབབ་ཧ་ཅང་ཡག་པོ་བྱུང་སྟེ“ང་ཚོའི་གྲོང་ཚོས་ས་མཐོའི་ཁྱད་ལྡན་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་བཏང་ནས་གཙོ་བོ་ཡུག་པོ་དང་ཉུང་མ་འདེབས་འཛུགས་བྱེད་ཀྱི་ཡོད།རྫོང་གཞན་གྱི་མཉམ་ལས་ཁང་གིས་ཉོ་སྒྲུབ་བྱས་པ་དང་།ལོ་གཅིག་རིང་གྲོང་ཚོར་ནུས་སྟོབས་ཀྱི་ཡོང་འབབ་སྒོར་ཁྲི་72བྱུང་ཡོད།དངུལ་དེ་དག་ང་ཚོར་བགོ་བཤའ་རྒྱག་གི་ཡོད་པ་མ་ཟད།ཉུང་མའི་ལོ་མས་ད་དུང་འབྲོག་དུད་མཁོ་འདོན་བྱས་ནས་དགུན་དུས་ཀྱི་གཟན་ཆག་ལ་བརྩིས་ནས་སྤྱོད་ཀྱི་ཡོད”

ད་ཆ་པད་ལུང་གྲོང་ཚོས“ཞིང་ལས་ལ་བརྟེན་ནས་འབྲོག་ལས་ལ་སྐུལ་འདེད་གཏོང་བ་དང་།འབྲོག་ལས་ལ་བརྟེན་ནས་ཞིང་ལས་ལ་སྐུལ་ཁྲིད་བྱེད་པ།ཞིང་ཐོན་དང་འབྲོག་ལས་ཕྱིར་ཚོང་བྱེད་པ་བཅས་ཀྱི་ཐབས་ལམ་གསར་པ་བརྒྱུད་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་བྱེད་མགྱོགས་སུ་བཏང་ནས་མང་ཚོགས་ལ་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་བཏང་ཡོད།དེ་དང་ཆབས་ཅིག་གཞི་ཁྱོན་ཅན་གྱི་འདེབས་འཛུགས་བྱེད་རྒྱ་ཆེ་རུ་བཏང་བ་བརྒྱུད་ས་ཆ་བེད་སྤྱོད་ལུགས་མཐུན་དང་ས་ཆུ་ཤོར་རྒྱུ་སྔོན་འགོག་དང་ཆུ་ཁུངས་གསོ་འཁྱོངས་བྱེད་པའི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ནས་ཞིང་འབྲོག་མང་ཚོགས་ཀྱི་གནམ་གཤིས་ངན་པ་དང་གནོད་འཚེར་ཁ་གཏད་གཅོག་པའི་དགོས་མཁོ་ནུས་ལྡན་ངང་སྐོང་ཐུབ་པ་དང་གྲོང་རྡལ་ཡོངས་ཀྱི་འབྲོག་ལས་སྐྱོན་བྲལ་དང་བདེ་འཇགས་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་ཐུབ་ཡོད།

“ང་ཚོས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པའི་གྲུབ་འབྲས་དེ་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱེད་པ་དང་དཀའ་སྤྱད་འབད་བརྩོན་གྱི་བྱ་སྤྱོད་དངོས་སུ་བསྒྱུར་ནས།གྲོང་ཚོའི་ཐུན་མོང་དཔལ་འབྱོར་གྱི་ལས་ཀ་ལེགས་པར་བསྒྲུབས་ཏེ།མང་ཚོགས་ཀྱི་བདེ་སྐྱིད་ལམ་ཕྱོགས་ལེགས་པར་བསྒྲུབ་དགོས”མཉམ་སྡེབ་ཐོན་ལས་འཕེལ་རྒྱས་སྐོར་གླེང་སྐབས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པ་སངས་ཐུབ་བསྟན་གྱིས་ཡིད་ཆེས་ཀྱིས་ཁེངས་ཤིང་།

གྲོང་གསེབ་དར་རྒྱས་གཏོང་བར་ཐབས་ཤེས་ཡོད་པ་དང་ཐོན་ལས་འཕེལ་རྒྱས་གཏོང་བར་ལམ་བུ་ཡོད་པ་དང་།པད་ལུང་གྲོང་ཚོས་ཡུལ་བབ་དང་བསྟུན་ནས་སྲིད་ཇུས་ཀྱི་གོ་སྐབས་དེ་མང་ཚོགས་ལ་དངོས་ནས་ཐོབ་པའི་ཁེ་དངུལ་དུ་འགྱུར་གང་ཐུབ་བྱས་ཡོད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།