མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་གསར་པ་གཏོད་དགོས།

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། རྩོམ་པ་པོ། : ལྷ་ཆེན་རྒྱལ། སྤེལ་དུས། : 2023-08-23

“གཅིག་གཉིས། གཅིག་གཉིས། གཅིག་གཉིས། ངར་ཤུགས་བརྒྱབ་ན་སྤོས་ཐུབ”ཅེས་སྟོན་ཐོག་མའི་དུས་སུ་སྔོ་ཞིང་དྭངས་པའི་མཁའ་དབྱིངས་སུ་མཚོ་ཤར་གྲོང་ཁྱེར་དམར་གཙང་ཆུས་ཧུང་ཧྲུའེ་ཆོན་ཧའེ་རིགས་ཤང་ཧུང་ཧྲུའེ་ཆོན་གྲོང་ཚོ་ནས་ཐོས་ཐུབ། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མ་ཕུའུ་ཧྲན་གྱི་འགྲམ་དུ་དཔྲལ་བའི་རྔུལ་ཆུ་ཕྱིས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ནང་ཞུགས་བཞིན་པའི་ཡུལ་མི་ཚོར་ངར་ཤུགས་སྐུལ་བཞིན་ཡོད།

ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་རྗེས་ཧུང་ཧྲུའེ་ཆོན་ཤང་གིས“འགག་སྒྲོལ་དཀའ་སེལ་དང་དངོས་འཛིན་དངོས་སྒྲུབ་བྱེད་པ”ཡི་ཚོགས་འདུའི་དགོངས་དོན་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་ཚ་རླབས་ལག་ལེན་ཁྲོད་དོན་འཁྱོལ་བྱས་ཏེ་ཞིང་ཆེན་དང་།གྲོང་ཁྱེར།རང་སྐྱོང་ལྗོངས་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ཤང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་སྐུལ་སློང་བྱས་ཏེ་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་

“ཡུལ་མི་ཚོ་དཀའ་ལས་ཁག་སོང་།ངལ་གསོའི་དུས་ཚོད་དང་བསྟུན་ནས་ངས་ཚང་མར་ཞིང་ཨུད་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བཤད་རྒྱུ་ཡིན”ཧུང་ཧྲུའེ་ཆོན་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཉིང་གིས་རང་ཉིད་ཀྱིས་ཟིན་ཐོ་མང་པོ་བཀོད་པའི་ཟིན་བྲིས་དེབ་ཁ་ཕྱེ་ནས་གྲོང་ཚོའི་ལས་བྱེད་པ་དང་།གྲོང་སྡོད་ལས་དོན་རུ་ཁག་།ཏང་ཡོན་མང་ཚོགས་བཅས་ལ་ཚོགས་འདུའི་དགོངས་དོན་སྒྲོག་འགྲེལ་བྱས།

“ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་སྤྱོད་ཚུལ་འཛུགས་སྐྱོང་ལས་དོན་ལ་བླང་བྱ་གསར་པ་བཏོན་ཡོད།ཚོགས་འདུའི་ཆེས་སྲོག་ཤིང་གི་སྙིང་སྟོབས་ནི་ཡིག་འབྲུ་གཉིས་ཡིན་པ་སྟེ།དངོས་སྒྲུབ་དབྱུག་པ་དང་ལེན་ཡག་པོ་བྱེད་པ་དང་།གྲུབ་འབྲས་ཡག་པོ་ཐོན་པ།རྒྱུགས་ཤོག་ཡག་པོ་སྤྲོད་པ་བཅས་ཀྱི་འགག་རྩ་ནི་ལས་ཀ་བྱེད་འདོད་པ་དང་།ལས་ཀ་བྱེད་ཕོད་པ།ལས་ཀ་བྱེད་ཤེས་པ་བཅས་བྱས་ནས་དངོས་སྒྲུབ་བྱ་རྒྱུ་དེ་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་སྐད་གསང་མཐོན་པོའི་དུང་བརྡ་ཞིག་ཏུ་འགྱུར་བ་བྱ་རྒྱུ་དེ་རེད”

ཧུང་ཧྲུའེ་ཆོན་གྲོང་ཚོའི་ལས་གཏོད་གཞོན་ནུ་མ་ཁྲེང་ཀྲེན་གྱིས“གྲོང་གསེབ་དར་རྒྱས་ཀྱི་གོ་སྐབས་བཟང་པོ་དང་འཕྲད་ཚེ་ང་ཚོས་ཇི་ལྟར་བྱེད་དགོས་སམ”ཞེས་དྲི་བ་བཏོན།

“ལག་ལེན་ནི་གསོན་ཉམས་དོད་ཤོས་ཀྱི་སློབ་ཁང་ཞིག་དང་བྱ་སྤྱོད་ནི་དཔེ་སྟོན་ནུས་ལྡན་ཞིག་རེད”ཝང་ཉིང་གིས་ལག་ནང་གི་ཟིན་བྲིས་ལ་བརྒྱབ་ནས“ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་སྣོད་བཅུད་སྲུང་སྐྱོང་དང་།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད།མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད།དམངས་འཚོ་ལེགས་གཏོང་སོགས་ཀྱི་ཐད་འགན་འཁྲི་དངོས་སྒྲུབ་དང་བྱས་རྗེས་འཇོག་པ་དང་།ཏང་ཡོན་ལས་བྱེད་པས་དེ་བས་ཀྱང་དཔའ་ངར་ཆེན་པོས་གྲོང་གསེབ་དར་རྒྱས་གཏོང་དགོས”ཞེས་གསལ་པོར་བསྟན་ཡོད།

“ཇི་ལྟར་བྱས་ནས་རིགས་ཁག་གི་རོགས་སྐྱོར་ཐོན་ཁུངས་ལ་བརྟེན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་།ཇི་ལྟར་བྱས་ནས་རྒྱུན་རྣམ་ཅན་དང་གནད་སྨིན་ངང་གནད་དོན་དག་ཐེར་ལ་སྐུལ་འདེད་གཏོང་བ།མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་བ་བཅས་བྱས་ཏེ་གྲོང་སྡོད་ལས་དོན་རུ་ཁག་གིས་ངེས་པར་དུ་འགན་འཁྲི་འཁུར་བ་དང་དངོས་འཛིན་དངོས་སྒྲུབ་བྱེད་དགོས”སྐད་ཆ་བཤད་སྟངས་བསྒྱུར་མ་ཐག་ཝང་ཉིང་གིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་བླང་བྱ་གསར་པ་བཏོན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱས་ཏེ་ལས་དོན་ལ་སྐུལ་འདེད་གཏོང་དགོས།

གྲོང་མི་ཅིང་ཧའེ་ཕུའུ་ཡིས“ང་ཚོའི་འཚོ་བའི་ཁྲོད་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ཡག་པོ་བྱ་རྒྱུ་དེ་ཡིན”ཞེས་བཤད།

“རེད་ཡ།གྲོང་ཚོའི་རིག་གནས་ཐང་ཆེན་རྒྱ་ཆེ་ཞིང་གྲལ་འགྲིག་པ་མ་ཟད།ད་དུང་འཕྲོད་བསྟེན་གསང་སྤྱོད་བསྐྲུན་པ་དང་གྱང་ངོས་སུ་དཀར་རྩི་བྱུགས་པ་སོགས་དམངས་འཚོའི་བྱ་བ་དངོས་དོན་འཁྱོལ་བྱས་པས་མི་སེར་གྱི་ལས་སྒྲུབ་ལས་གཏོད་ཀྱི་ངར་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད”ཏང་ཡོན་རྒན་གྲས་མཱ་ཧྲུའུ་ཐུའུ་ཡིས་རང་ཉིད་ཀྱི་མྱོང་ཚོར་གླེང་བ་རེད།

“མིག་སྔར་གནད་དོན་དག་ཐེར་ལ་དམ་པོར་དམིགས་ནས་ནུས་ཤུགས་ཡོད་རྒུས་སྦྲེལ་མཐུད་ནུས་ལྡན་བྱེད་པའི་འགག་རྩའི་དུས་སྐབས་ཤིག་ཡིན་པས་ང་ཚོས་ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཕྱོགས་སྟོན་དུ་བྱས་ཏེ་ལྡོག་འདྲེན་གནད་དོན་དག་ཐེར་ནན་ཏན་ངང་ལེགས་སྒྲུབ་བྱེད་དགོས།དེ་ནི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ལས་འགན་ཞིག་ཡིན་པ་མ་ཟད།ང་ཚོ་ཚང་མས་ནུས་ཤུགས་ཡོད་རྒུས་འདོན་དགོས”ཧུང་ཧྲུའེ་ཆོན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མ་ཕུའུ་ཧྲན་གྱིས་རང་ཉིད་ཀྱིས་གནོན་ཤུགས་ཆེ་རུ་བཏང་ནས་དངོས་སྒྲུབ་ཁྲོད་སྦྱོང་བརྡར་དང་དངོས་སྒྲུབ་ཀྱི་སྤྱོད་ཚུལ་འཛིན་དགོས།

“ཚང་མས་མུ་མཐུད་ལས་ཀ་བྱེད་ཀྱི་ཡིན”ཚ་གདུག་ཆེ་བའི་གནམ་གཤིས་ཀྱིས་ཧུང་ཧྲུའེ་ཆོན་ཤང་གི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་ཆོད་སེམས་འགོག་ཐུབ་མེད།

དམར་གཙང་ཆུས་སན་ཧོ་གྲོང་རྡལ་གྱི་བདེ་སྐྱིད་ཁྱིམ་གཞིས་ཡུལ་གཞན་དུ་གནས་སྤོས་ཁུལ་ཆུང་དུ་མི་སེམས་ལ་སྐུལ་མ་ཐེབས་པའི་ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་འདུ་འཚོགས་བཞིན་ཡོད་པ་རེད།

“ང་ཚོས་ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་འདུ་ཤེས་གསར་པ་དང་།བསམ་ཕྱོགས་གསར་པ།བྱེད་ཐབས་གསར་པ་བཅས་ལ་བརྟེན་ནས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་།གོ་སྐབས་གསར་པ་གཏོད་པ།རྣམ་པ་གསར་པ་གཏོད་པ་བཅས་བྱེད་དགོས།ཏང་ཡོན་ལས་བྱེད་པས་སེམས་ཤུགས་ཡོད་རྒུས་བརྩེ་སེམས་ལ་བརྟེན་ནས་མང་ཚོགས་ཀྱི་སེམས་པ་སྦྲེལ་ཟམ་བཙུགས་ཏེ་དཀའ་ངལ་སེལ་བ་དང་མི་སེར་གྱི་སྙིང་ཉེ་བའི་ལས་དོན་ཡག་པོ་བསྒྲུབས་ཏེ‘མི་སེར་གྱི་ཕྱོགས་སུ་སྡོད་དགོས’ཞེས་བཤད།སན་ཧོ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཡུང་ཧྲེང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་ཟུང་འབྲེལ་བྱས་ཏེ་ས་གནས་ཀྱི་དོན་དངོས་ལ་གཞིགས་ནས་ཆེད་དོན་འགྲེལ་བཤད་བརྒྱབ་པ་སྟེ།“ས་གནས་དེ་གའི་སྣེ་འདྲེན་ཁེ་ལས་དང་།གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་དཀོན་པ།གཞི་རྒྱུ་སེ་འདུས་པའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་མི་འདང་བ་སོགས་ནི་སྔར་བཞིན་ང་ཚོའི་འཕེལ་རྒྱས་ཀྱི་ཞན་ཆ་ཡིན་མོད།འོན་ཀྱང་ང་ཚོས་རྗེས་ལུས་ཐེབས་འདོད་གཏན་ནས་མི་བྱེད་པ་དང་ད་ཡོད་གནས་ཚུལ་ལ་ཡིད་ཚིམ་ནས་གྲོང་རྡལ་ཡོངས་ཀྱི་གོང་འོག་ཚང་མས་‘བྱ་ཉམ་ཆུང་སྔོན་ལ་འཕུར་བའི’འདུ་ཤེས་བརྟན་པོར་བཙུགས་ཏེ།

ལྷག་བསམ་ཟོལ་མེད་ཀྱིས་བརྩེ་སེམས་བརྗེ་རེས་བྱས་ནས་དམངས་སེམས་ཐོབ་པ་བྱེད་དགོས།མི་སེམས་ལ་སྐུལ་མ་ཐེབས་པའི་འགྲེལ་བཤད་བརྒྱབ་པར་གར་སྟེགས་འོག་གི་ཐལ་མོའི་རྡེབ་སྒྲ་ཡང་ཡང་ཐོབ་པ་རེད།

སྒྲོག་འགྲེལ་ཚོགས་འདུ་གྲོལ་རྗེས་སན་ཧོ་གྲོང་རྡལ་པང་ཡེ་ལུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཆི་ཡུས་ཡུན་གྱིས་འཕྲལ་དུ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་དུད་ཚང་དུ་བསྐྱོད་དེ་སྒྲོག་འགྲེལ་བྱས་པ་སྟེ།“བཀོད་སྒྲིག་ཁུལ་དུ་སྤོས་པ་ནས་བཟུང་གྲོང་མི་ཚོས་གྲོང་ཁྱེར་གྱི་འཚོ་བ་སྐྱེལ་ཐུབ་པ་དང་འཚོ་བའི་སྤུས་ཚད་མཐོ་རུ་ཕྱིན་ཡོད་མོད།འོན་ཀྱང་འཕྲད་པའི་དཀའ་ངལ་ཡང་མི་ཉུང་བ་ཞིག་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས‘དངོས་འབྲེལ’གཙོ་བོར་བཟུང་ནས‘ལས་ཀ་སྔོན་ལ་བྱེད་པ་དང་།ཞན་ཆ་གསབ་པ་དང་།ཉམས་ཞན་སྟོབས་ཆེར་བཏང་སྟེ་སྡེ་དམས་ཀྱི་འཚོ་བ་ཇེ་རྒྱས་ཕྱོགས་སུ་སྣེ་ཁྲིད་དགོས།

ཉིན་ཤས་བསྟུད་མར་སན་ཧོ་གྲོང་རྡལ་གྱིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་གཏིང་ཟབ་བྱས་པ་རེད།ལས་བྱེད་པའི་ལས་ཀའི་སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་ཆེད།“གནས་དང་གནས་ལ་ཁ་གཏད་པའི”བྱེད་ཐབས་ཐོག་ནས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་67བསྡུ་རུབ་བྱས་ཏེ་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་གི་གནད་དོན་ཁག་41ཐག་གཅོད་བྱས་པས་མང་ཚོགས་ཀྱི་ཐོབ་ཚོར་དང་།བདེ་སྐྱིད་ཚོར་སེམས།བདེ་འཇགས་ཚོར་སེམས་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

“ས་ཁོངས་གཅིག་ལ་འོད་སྣང་སྦྱིན་པ་མ་ཟད།ཁྱོན་ཡོངས་ལ་དེ་བས་ཀྱང་གཟི་བརྗིད་བསྣན་ཡོད”སན་ཧོ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཡུང་ཧྲེང་གིས།“ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་དམངས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པའི་བྱ་སྤྱོད་དངོས་སུ་བསྒྱུར་ནས་དཀའ་གནད་ལ་དམིགས་པ་དང་།གྲོང་གསེབ་ཐོན་ལས་གླིང་ལ་བརྟེན་ནས་ངལ་རྩོལ་ནུས་ཤུགས་བསྡུ་ལེན་བྱེད་པ།‘ཟས་འདེམས་རྣམ་པའི’གསོ་སྦྱོང་དང་ལས་ཞུགས་གཞན་སྒྱུར་བྱེད་པ།ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ནས་ཡུལ་གཞན་དུ་གནས་སྤོས་ཕྱུག་འགྱུར་གྱི་རྗེས་མཐུད་ཐོན་ལས་འཕེལ་རྒྱས་སྲ་བརྟན་དུ་བཏང་སྟེ་གནས་སྤོས་དུད་ཚང་ཐོན་སྐྱེད་གཉེར་སྐྱོང་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་པ་དང་། གནས་སྤོའི་བཀོད་སྒྲིག་ཁུལ་གྱི‘སྡེ་ཁུལ་དཔལ་འབྱོར’སྐྱེད་སྲིང་བྱས་ནས་ཏན་ཏན་ཏིག་ཏིག་གི་བྱེད་ཐབས་བརྒྱུད་རྒྱུན་མཐུད་འབབ་འཕར་ཡོང་བ་བྱེད་དགོས།     དམངས་དོན་དང་།    དམངས་བདེ།    དམངས་བདེ་བཅས་ཀྱི་བྱེད་ཐབས་སྤྱོད་ཤུགས་ཆེ་རུ་བཏང་ནས་གནས་སྤོས་དུད་ཚང་སྤོ་ཐུབ་པ་དང་།    སྡོད་ཐུབ་པ།    བྱ་བ་སྒྲུབ་ཐུབ་པ།    ཕྱུག་པོ་ཆགས་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས།    ”

ལོ་ཙཱ་བ། ལྷ་ཆེན་རྒྱལ།