ལས་གཏོད་ཀྱི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ།

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། རྩོམ་པ་པོ། : ལྷ་ཆེན་རྒྱལ། སྤེལ་དུས། : 2023-08-11

--ལས་བྱེད་པའི་སྤྱོད་ཚུལ་ཚང་མས་གླེང་བ།    (དྲུག)

རང་རེའི་དྲ་བའི་འཕྲིན།“དེ་ལྟར་བྱས་ཚེ་གཞི་ནས་མཚོ་སྔོན་གྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བ་བྱས་ནས་གོ་སྐབས་དེ་ཁེ་ཕན་དུ་འགྱུར་བ་དང་།    ཐོན་ཁུངས་སུ་འགྱུར་བ།    ཐོན་སྐྱེད་ནུས་ཤུགས་སུ་འགྱུར་བ་བཅས་བྱེད་ཐུབ།    ལས་ཀ་བྱས་ཚེ་གཞི་ནས་ས་ཁུལ་གཞན་དག་དབར་གྱི་ཧེ་བག་ཟམ་མི་ཆད་པར་ཆུང་དུ་ཕྱིན་ནས་གོམ་སྟབས་ཆེན་པོས་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དེའི་རྗེས་ཆོད་ཐུབ། ལས་ཀ་བྱས་ཚེ་གཞི་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་རླབས་ཆེན་གྱི་དུས་རབས་ལ་འཐམས་ནས་མཚོ་སྔོན་མི་དམངས་ལ་དྲིན་ལན་འཇལ་ཐུབ”ཟེར།

གཙོ་སྐྱོང་བས་བཤད་དོན།    སྤྱོད་ཚུལ་འཛུགས་སྐྱོང་གི་ནུས་པ་དེ་བས་ཆེ་བའི“དོན་དངོས་སྒྲུབ་པའི”དཔུང་ཁག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་ལ། མཚོ་སྔོན་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དངོས་ཡོད་ཀྱི་དགོས་མཁོ་ཞིག་ཀྱང་རེད།     ལག་ལེན་གྱི་སྟེང་ནས་དཀའ་གནད་མཐའ་དག་དངོས་སྒྲུབ་བྱས་ཚེ་གཞི་ནས་དོགས་གཞི་སེལ་ཐུབ་པ་དང་།     བྱེད་ཐབས་ཡོད་ཚད་དངོས་སུ་སྒྲུབ་ན་ཁྲོད་ད་གཟོད་ཕན་འབྲས་ཐོན་ཐུབ།     སྟེང་མཐའ་བར་གསུམ་དུ་ལྷོད་གཡེང་གཏན་ནས་མི་བྱེད་པའི་བསམ་བློའི་འཁྱེར་ཕྱོགས་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ཉམས་འགྱུར་རྒྱུན་འཁྱོངས་བྱས་ཚེ་གཞི་ནས་རྒྱུགས་ལེན་གྱི་ལམ་བུའི་སྟེང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གསར་དུ་གཏོད་ཐུབ།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུའུ་ཅི་ཀྲང་ཞའོ་ཅུན་གྱིས་བཤད་རྒྱུར།    ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་ཏང་ཡོན་ལས་བྱེད་པ་ཡོངས་ལ་ལས་བྱེད་པའི་སྤྱོད་ཚུལ་སྐོར་གྱི་བླང་བྱ་བཏོན་ནས།    ངར་ཤུགས་འཕེལ་བ་དང་ཁ་ཕྱོགས་ཀྱང་གསལ་པོ་བྱུང་ཡོད།     ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་སྐུལ་སློང་བཀའ་རྒྱ་དང་ལེན་ཧུར་ཐག་བྱས་ཏེ་བསམ་བློའི་སྤྱོད་ཚུལ་ཡང་དག་འཛིན་པ་དང་།    ལས་དོན་སྒྲུབ་ཕོད་པའི་སྙིང་སྟོབས་དར་སྤེལ་གཏོང་བ།    ཚོགས་སྤྱིའི་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ།    ཞིང་ཆེན་གྱི་གནས་ཚུལ་དང་ཁུལ་གྱི་གནས་བབ་ཡང་དག་ཁོང་དུ་ཆུད་པ།    “ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོང་བྱ་རྒྱུ་བཅས་ནི་རང་ཉིད་ཀྱི་ལས་འགན་ལ་བརྩི་བ།    ལེགས་ཆ་ལྡན་པའི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུ་ཐབས་ལམ་དུ་བྱེད་པ།    ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་བྱས་ཏེ་དམིགས་ཚད་དང་།   “ལས་ཀ་ལས་ཤེས་པ”དང་།    ཉེན་གཡོལ་མི་བྱེད་པ།    འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་སྙིང་སྟོབས་འཕེལ་བ་བྱས་ནས་རྡོ་ལ་རྐང་རྗེས་འཇོག་པ་དང་རྣོ་ལྕགས་བཙོ་སྦྱངས་བཞིན་གྱི་སྤྱོད་ཚུལ་བཟང་པོ་སྦྱོང་བརྡར་བྱས་ཏེ། ལས་དོན་ཁག་ཚང་མ་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་ལ་ཟུག་ཐུབ་པ་དང་ལས་འགན་ཁག་དོན་སྟེང་ཏུ་འཁྱོལ་བ་བྱས་ནས་ཐུན་མོང་གིས་མགོ་ལོག་གི་ལས་དོན་ལ་གྲུབ་འབྲས་སྔ་ན་མེད་པ་ཐོབ་རྒྱུར་འབད་བརྩོན་བྱེད་དགོས་ཟེར།

ཞིང་ཆེན་སྤྱི་བདེ་ཐིང་ཏང་ཨུའི་ཨུ་ཡོན་ཆབ་སྲིད་པུའུ་ཡི་ཀྲུའུ་རེན་ལུའེ་ཝུན་ཧྲེང་གིས་བཤད་རྒྱུར།    སྤྱི་བདེ་ལས་ཁུངས་ཀྱི་སྤྱོད་ཚུལ་ནི་སྤྱི་བདེའི་དཔུང་ཁག་གི་གཟུགས་བརྙན་ཡིན་པས་སྤྱོད་ཚུལ་གྱི་གནད་དོན་ལ་དུས་དང་རྣམ་པ་ཀུན་ཏུ་སྣང་མེད་དང་ལྷོད་གཡེང་བྱེད་མི་རུང་།     ང་ཚོས་ཚང་འཛོམས་གྲོས་ཚོགས་སྟེང་བཏོན་པའི་བླང་བྱ་ཁ་གསལ་ལ་དམིགས་པ་དང་བརྗོད་དོན་གཙོ་བོའི་སློབ་གསོའི“སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་མ་གཏོང་བའི”ལག་ལེན་གྱི་བླང་བྱ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། སྤྱི་བདེའི་ལས་དོན་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས་འཕེལ་རྒྱས་ཇུས་འགོད་བྱེད་པའི་ལས་ཀའི་བསམ་ཕྱོགས་དེ་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་དངོས་སྒྲུབ་བྱ་ཐབས་སུ་འགྱུར་བ་བྱེད་པ་དང་།    མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ལ་ཤུགས་རྐྱེན་ཐེབས་པའི་བདེ་འཇགས་ཀྱི་གནད་དོན་མངོན་གསལ་དོད་པོར་དམ་པོར་དམིགས་པ།    ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་པོ་དང་འགོག་ཟོན་ནན་པོ་བཅས་བྱས་ཏེ་དོན་འཁྱོལ་ཐུབ་པ་དང་།    དོན་འཁྱོལ་བྱེད་མཁས་པ།    དོན་འཁྱོལ་དངོས་ཐུབ་པ་བཅས་ཀྱི་འགན་འཁྲི་འཁུར་ཕོད་པའི་ཆོད་སེམས་ཆེ་རུ་བཏང་ནས་སྤྱི་བདེའི་དཔུང་སྡེའི་སྒྲིག་ཁྲིམས་ཀྱི་འདུ་ཤེས་སྔར་ལས་ཇེ་ཟབ་ཏུ་བཏང་སྟེ་མཚོ་སྔོན་གྱི་དུས་རབས་གསར་པའི་བདེ་འཇགས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་ཡོད།

གཙོ་སྐྱོང་བས་བཤད་དོན།    དུས་ནམ་ཡིན་ཡང་ཏན་ཏན་ཏིག་ཏིག་དང་དཀའ་སྒྲུབ་དངོས་སྒྲུབ་བྱ་རྒྱུ་ནི་ཏང་ཡོན་ལས་བྱེད་པ་རེ་རེ་ཡི་བསམ་པའི་རེ་སྙེག་ཡིན་ལ་ཏང་ཡོན་ལས་བྱེད་པ་རེ་རེ་ཡི་འོད་སྟོང་འཕྲོ་བའི་མི་ཚེའི་གཞི་མའང་ཡིན།     དུས་རབས་གསར་པའི་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་།    དམིགས་ཚད་ལ་དམ་པོར་དམིགས་པ།    དཀའ་སྤྱད་དངོས་སྒྲུབ་དང་སྙིང་རུས་མཐའ་འཁྱོངས་བྱེད་པ།    “དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་བསམ་པ་བཅངས་ནས་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་མཐའ་མའི་གདོང་མཆོང་གི་ངར་ཤུགས་དང་།    འབད་འཐབ་ཀྱི་རྣམ་པ།    དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཅས་ཀྱི་སྟེང་ནས་ཏང་དང་མི་དམངས་ཀྱིས་སྤྲད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་པོ་ཕྲག་སྟེང་ཏུ་འཁུར་དགོས།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཕུང་ཁྲེན་གྱིས་བཤད་རྒྱུར།    ཏན་ཏན་ཏིག་ཏིག་དང་དཀའ་སྤྱད་དངོས་སྒྲུབ་བྱ་རྒྱུ་ནི་ལས་དོན་མཐའ་དག་དོན་སྟེང་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་བའི་འགག་རྩ་ཡིན།     གཞི་རིམ་གྱི་རྩ་འཛུགས་ལས་དོན་གྱི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས།    ང་ཚོས་བསམ་བློའི་སློབ་གསོ་ཤུགས་ཆེ་རུ་བཏང་སྟེ།    ཕུལ་བྱུང་ཏང་ཡོན་ལས་བྱེད་པས་གཞུང་དྲང་གསར་གཏོད་དང་བློ་གཅིག་སེམས་གཅིག་གིས་དམངས་དོན་སྒྲུབ་པའི་འགན་འཁྲི་འཁུར་སེམས་ཀྱི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཏེ།    ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་རྩ་འཛུགས་ལས་དོན་ནང་འདྲེས་པར་བྱེད་པ་དང་།    འགོ་ཚུགས་གྲབས་ཡོད་པའི་བརྗོད་བྱ་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ།    སྲོག་ཤིང་ལ་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ།    གཞི་རིམ་དམ་འཛིན་དང་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ།    གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་ཕྱོགས་ཡོངས་ནས་ཡར་ཐོན་དང་ཕྱོགས་ཡོངས་ནས་ཉམ་སད་ཐེག་པར་སྐུལ་འདེད་གཏོང་དགོས།     བློ་སྦྱོང་ལ་ཤུགས་སྣོན་དང་།    སྤྱོད་ཚུལ་ལ་སྦྱོང་བརྡར།    རང་ཉིད་མཐོར་གཏོང་བཅས་ལ་སྔ་་ཕྱི་བརགསུམ་དུ་མཐོང་ཆེན་དང་།    “ཆབ་སྲིད་ལ་མཐོང་ཆེན།    དྲང་གཞག་ལ་མཐོང་ཆེན།    ལས་སྒོ་བྱང་ཆུབ་པ།    སྤྱོད་ཚུལ་བཟང་པོ”བཅས་ཀྱི་བླང་བྱ་ལྟར་ཆབ་སྲིད་ལ་མཐོང་ཆེན་བྱེད་པ་དེ་རྩ་འཛུགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཚང་མར་ཁྱབ་པ་བྱས་ཏེ་འགན་འཁྲི་ཏན་ཏིག་གིས་འཁུར་བ་དང་།    འགན་འཁྲི་ཡག་པོ་སྒྲུབ་པ།    འགན་འཁྲི་ཡག་པོ་འཁུར་བ་བཅས་བྱེད་དགོས་ཟེར།

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་སྐྱེ་རྒུ་མདོ་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་འཇིགས་མེད་བསྟན་འཛིན་གྱིས་བཤད་རྒྱུར།    མང་ཚོགས་ལ་ཞབས་འདེགས་ཞུ་སྐབས་གཞི་རིམ་གྱི་ལས་བྱེད་པར་མྱུར་ལམ་མེད་སྟབས་མང་ཚོགས་ཀྱི“དོན་ཆུང་”དེ་ང་ཚོའི“དོན་ཆེན་ཨང་དང་པོར”བརྩི་བ་དང་།    བྱ་བ་རེ་རེ་བཞིན་གཅིག་རྗེས་གཉིས་མཐུད་དང་།    ཏན་ཏན་ཏིག་ཏིག་དང་དཀའ་སྤྱད་དངོས་སྒྲུབ།    མང་ཚོགས་ལ“ཕན་བདེ”མང་ཙམ་གཉེར་བ་བཅས་བྱས་ཚེ་མང་ཚོགས་ཀྱི་ཁས་ལེན་ཡང་དེ་ཙམ་གྱིས་ཇེ་མང་དུ་འགྲོ་སྲིད།     ང་ཚོས་དམ་པ་དོན་གཉེར་གྱི་འགན་འཁྲིའི་འཁུར་སེམས་དང་བྱ་སྤྱོད་དངོས་ཀྱི་སྟེང་ནས་ཚང་འཛོམས་གྲོས་ཚོགས་སྟེང་བཏོན་པའི་དམིགས་ཚད་ལས་འགན་ལ་དམིགས་ཏེ་རང་འགུལ་ངང་བྱས་རྗེས་འཇོག་པ་དང་།    ཇུས་འགོད་ཧུར་ཐག་བྱེད་པ།    ངོ་ཐུག་གདོང་འཕྲད་བྱེད་པ།    སེམས་པ་གཅིག་སྒྲིལ།    མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས    མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པ།    དོན་དངོས་དང་མཐུན་ཤོས་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ་བློ་གཅིག་སེམས་གཅིག་གིས་མང་ཚོགས་ལ་བྱ་བ་བཟང་པོ་དང་།    བྱ་བ་དངོས་སྒྲུབ་པ།    དཀའ་གནད་སེལ་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་སྐྱིད་སྣང་དང་བདེ་སྣང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཟེར།

གཙོ་སྐྱོང་པས་བཤད་དོན།  སྤྱོད་ཚུལ་ལེགས་འགྱུར་བྱ་རྒྱུ་དེ་མཐའ་མར་དངོས་སུ་སྒྲུབ་པའི་སྟེང་ནས་མཚོན་གྱིན་ཡོད།     ཉེ་འགྲམ་གྱི་བྱ་བ་དང་དུས་རྒྱུན་གྱི་བྱ་བ་རྣམས་གནད་ལ་འཁེལ་བར་བསྒྲུབས་ཏེ།    བྱ་བ་ཏན་ཏིག་གིས་བསྒྲུབ་དགོས་པ་དང་།    མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་སྤྱོད་ཚུལ་བཟང་ཤོས་ཡིན།     ཏང་ཡོན་ལས་བྱེད་པས་སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་ཡང་དག་པ་འཛུགས་པ་དང་།    དེང་སྐབས་ལ་གཞི་ཚུགས་པ།    ཕུགས་ལ་དམིགས་པ།    རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་བྱ་བ་སྒྲུབ་པ་བཅས་བྱས་ན་གཞི་ནས་ལག་ལེན་དང་།    མི་དམངས།    ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་གཏོད་ཐུབ།

ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་དང་ཏང་འཛུགས་སྐྱོང་སློབ་གསོ་ཞིབ་འཇུག་པུའི་འཆད་ཁྲིད་དགེ་རྒན་ཀྲའོ་ཡུས་ཀྱིས་བཤད་རྒྱུར།    ཕུགས་བསམ་གྱིས་ཁ་ཕྱོགས་ཁྲིད་སྟོན་དང་།    ལག་ལེན་གྱིས་འཕེལ་རྒྱས་ལ་སྐུལ་འདེད།    དུས་རབས་གསར་པའི་ཏང་ཡོན་ལས་བྱེད་པས་སྤྱོད་ཚུལ་བཟང་པོར་བརྟེན་ནས་འགན་འཁྲི་འཁུར་ཕོད་པ་དང་། བྱ་བ་སྒྲུབ་ནུས་པ།    དུས་རབས་ཀྱི་དཔེ་མཚོན་མི་སྣ་ལྟར་མང་ཚོགས་ཁྲོད་སྐྱོད་པ་བཅས་བྱས་ཏེ། ཉེ་འགྲམ་གྱི་མིག་དཔེ་དང་འདྲ་བར་ཚེ་སྲོག་གི་མཐུག་ཚད་དང་རིང་ཚད་མཚོན་པ་བྱས་ནས་ཆབ་སྲིད་ཀྱི་རང་བཞིན་ནམ་ཡང་ཉམས་པ་མེད་པ་དང་།    དངོས་སྒྲུབ་ལ་བརྟེན་ནས་འགན་འཁྲི་འཁུར་བ།     རྒྱུན་འཁྱོངས་ལྷོད་མེད་དང་སྙིང་རུས་ཆེན་པོས་འབད་བརྩོན་ཧུར་ཐག་བྱས་ཏེ་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དེ་རང་ཉིད་ཀྱི་ཞིབ་ཕྲའི་ལས་འགན་ལ་སྒྱུར་མཁས་པོ་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་གསར་པ་དང་ཟུང་འབྲེལ་བྱས་ཏེ་ལས་ཀའི་ཁྲོད་ཀྱི་མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་དམ་འཛིན་ལྷོད་མེད་བྱས་ནས་བསམ་བློ་གཏོང་བ་དང་།    བྱ་ཐབས་འཚོལ་བ།    བྱ་ཐབས་དངོས་འདོན་པ་བཅས་བྱེད་དགོས།

མཚོ་སྔོན་བུད་མེད་ཁྱིམ་ཚང་ཞབས་ཞུ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཀྲོའུ་ཧྲེང་ཧྭ་ཡིས་བཤད་རྒྱུར།    དེ་སྔ་སྲིད་གཞུང་གི་ལས་དོན་སྒྲུབ་པར་ཞུ་བ་བྱེད་དགོས།    ད་ཆ་སྲིད་གཞུང་རང་འགུལ་ངང་ཁྱིམ་ལ་ཕྱིན་ནས་རོགས་རམ་བྱེད་པ་མ་ཟད།    གཞི་རིམ་དུ་བརྟག་ཞིབ་བྱེད་ཚད་མང་དུ་ཕྱིན་པ།    ལམ་ལུགས་ནན་དུ་ཕྱིན་པ།    སྒོ་རྩར་སྐྱོད་མཁན་གྱི་ངོ་གནག་མེད་པ།    མང་ཚོགས་ཀྱི་ལས་དོན་སྒྲུབ་མཁན་མགྱོགས་སུ་ཕྱིན་པ་སོགས་ནི་ང་ཚོར་མྱོང་ཚོར་ཟབ་མོ་བྱུང་བ་ཞིག་རེད།     ཏང་ཡོན་ལས་བྱེད་པས་མི་དམངས་ལ་ཞབས་འདེགས་ཞུ་བའི་སྤུས་ཚད་མུ་མཐུད་མཐོ་རུ་གཏོང་བ་དང་།    མི་དམངས་ལ་ཞབས་འདེགས་ཞུ་བའི་བྱེད་སྟངས་དང་བསམ་གཞིགས་ལ་འགྱུར་ལྡོག་བཏང་སྟེ་དམངས་ལ་སྟབས་བདེ་སྐྲུན་པའི་ཞབས་ཞུར་མྱུར་ཚད་དང་།    མི་དམངས་ལ་ཞབས་འདེགས་ཞུ་བའི་དྲོད་ཚད།    མང་ཚོགས་ལ་ཞབས་འདེགས་ཞུ་བའི་“མཐའ་མའི་འགག་གནད”ཀྱི་གནད་དོན་བཅས་ཐག་གཅོད་ཏན་ཏིག་བྱས་ཏེ། མི་དམངས་ཀྱི་གནས་ཚུལ་དག་བརྩེ་བའི་ངང་ནས་ཐག་གཅོད་བྱས་ཏེ། མང་ཚོགས་ཀྱི་བདེ་སྣང་དང་སྐྱིད་སྣང་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ཟེར།

གཙོ་སྐྱོང་བས་བཤད་རྒྱུར།  དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པའི་ལམ་བུའི་སྟེང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“དངོས་ཡོད”གཙོ་བོར་འཛིན་པ་དང་།    “ལས་གཉེར”སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་དངོས་སྒྲུབ་དང་།    དངོས་ཕན་དོན་གཉེར།    གྲུབ་འབྲས་དངོས་བརྩོན་ལེན་བཅས་བྱས་ཏེ། ལུས་སེམས་གཅིག་སྒྲིལ་གྱིས་བྱ་གཞག་སྒྲུབ་པ་དང་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་རྣམ་པ་དང་གསོན་ཉམས་དོད་པོའི་རྣམ་པ་ཞིག་མགྱོགས་མྱུར་ངང་ཆགས་པ་བྱས་ནས། ཏན་ཏན་ཏིག་ཏིག་དང་ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་མཚོ་སྔོན་གྱི་ལེའུ་ཞིག་རྩོམ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཟེར།