ཏན་ཏན་ཏིག་ཏིག་ངང་ཤེས་པ་དང་ཉམས་ལེན་གཅིག་གྱུར་གྱིས་གྲུབ་འབྲས་དངོས་ལ་བརྟེན་ནས་ཕན་འབྲས་དངོས་ལ་ཞིབ་བཤེར་བྱེད་པའི་ཐོག་མའི་བསམ་འདུན་དང་ལས་འགན།

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། རྩོམ་པ་པོ། : ལྷ་ཆེན་རྒྱལ། སྤེལ་དུས། : 2023-08-11

“ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ལས་བྱེད་པའི་སྤྱོད་ཚུལ་ལ་སློབ་སྦྱོང་དང་།    དྲིལ་སྒྲོག།   ལག་བསྟར་བཅས་བྱས་པ།    ”

--ཚང་མས་ལས་བྱེད་པའི་སྤྱོད་ཚུལ་གླེང་བ།    (ལྔ།)

རང་རེའི་དྲ་བའི་འཕྲིན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་བློ་ཐག་རྦད་ཆོད་ཀྱི་རྣམ་འགྱུར་དང་ཁྲིད་ཕྱོགས་གསལ་པོར་བཟུང་ནས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་བླང་བྱ་གསལ་པོ་བཏོན་པ་སྟེ།    ཚོགས་འདུ་འཚོགས་དུས་མཐོ་སར་འཛེགས་ནས་རྒྱང་ལྟ་དང་ཏན་ཏན་ཏིག་ཏིག་བྱེད་དགོས་པ་ལས།    རེག་ཙམ་གྱིས་དོན་དངོས་དང་ཁ་གཏན་ནས་འབྲལ་མི་རུང་།        ང་ཚོས“བདེན་པ་”གཙོ་བོར་འཛིན་པ་དང་།    “སྒྲུབ་པ་”སྔོན་ལ་འཇོག་པ།    ཞན་ཆ་དང་།    དྲག་ཞན།    གཞི་བརྟན་པོ།    དགེ་མཚན་སྤེལ་བ་བཅས་ཟམ་མི་ཆད་པར་བྱས་ཏེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་གྲུབ་འབྲས་ཡག་པོ་འཐོབ་པར་བྱེད་དགོས།

གཙོ་སྐྱོང་བས་བཤད་དོན།    སྤྱོད་ཚུལ་འཛུགས་སྐྱོང་ནི་ལས་སྒྲུབ་ལས་གཏོད་ཀྱི་རྨང་གཞི་ཡིན་པ་དང་།    སྤྱོད་ཚུལ་བཟང་པོ་ནི་ལས་སྒྲུབ་ལས་གཏོད་ཀྱི་འགན་ལེན་གལ་ཆེན་ཞིག་རེད།     དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་ང་ཚོས་ཇི་ལྟར་བྱས་ནས་དངོས་སྒྲུབ་དང་བྱས་རྗེས་འཇོག་དགོས་སམ།     དེའི་སྲོག་ཤིང་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གཡུལ་ས་གཙོ་བོར་ཞུགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་ཏན་ཏིག་ངང་དོན་ཐོག་ཏུ་འཁྱོལ་བ་བྱ་རྒྱུ་དེ་རེད།     སྐྱེ་ཁམས་སྲུང་སྐྱོབ་དང་།    སྤུས་ཚད་མཐོ་བའི་འཕེལ་རྒྱས།    མི་རིགས་མཐུན་སྒྲིལ་ཡར་ཐོན།    དམངས་ཚོས་ལེགས་གཏོང་།    ཏང་འཛུགས་སྐྱོང་བཅས་ལ་ཤུགས་སྣོན་སོགས་ཀྱི་ཐད་ལས་དོན་ལ་དམིགས་ཏེ་བྱ་བ་ཐམས་ཅད་ཏན་ཏན་ཏིག་ཏིག་དང་དཀའ་སྤྱད་དོན་གཉེར་བྱེད་དགོས།

ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཝུའུ་ཏེ་ཅུན་གྱིས།    དངོས་སྒྲུབ་འགན་འཁྲི་འཁུར་རྒྱུ་དེ་ནི་བསམ་གཞིག་ཁ་གསལ་བཟོ་བ་དང་།    ཐབས་ལམ་གསལ་པོ་བཟོ་བ།    སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ང་ཚོས“མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་འགན་འཁྲི་ཏན་ཏིག་གིས་འཁུར་བ་དང་བྱས་རྗེས་འཇོག་པའི”ལས་ཀའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་གལ་ཆེའི་བླང་བྱ་ལག་ལེན་བསྟར་བའི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་བཏང་ནས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་འཛུགས་པ་དང་།    ལས་དོན་དོན་འཁྱོལ་ལ་དམ་འཛིན་བྱེད་པ།    བྱ་ཐབས་དངོས་སྤྱོད་པ།    ཕན་འབྲས་ཐོན་པ།    ཕུགས་ལ་ཕན་འབྲས་ཐོན་པ།    འཐབ་རྩོད་བྱེད་ཕོད་པ།    དཀའ་ངལ་ཁྱད་བསད་བྱེད་པ།   ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་ཀྱི་གཙོ་རྐང་བརྟན་པོ་འཛུགས་རྒྱུར་དམ་པོར་དམིགས་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གཏོད་རྒྱུ་ཏན་ཏིག་ངང་སྤེལ་བ་དང་།    མི་རིགས་ཁག་རྒྱ་ཁྱབ་ངང་འགྲོ་འོང་དང་།    ཁྱོན་ཡོངས་ནས་སྤེལ་རེས།    མཉམ་འདྲེས་གཏིང་ཟབ་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་བ།    མི་རིགས་ཁག་གི་མང་ཚོགས་ལ“བཞི་དང་མཉམ་གནས”ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་པ།    “ངོས་འཛིན་གཅིག་མཐུན་ལྔ”རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་གྱི་སྤུས་རྟགས་དེ་བས་བཀྲག་མདངས་ལྡན་པ་དང་རྨང་གཞི་དེ་བས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་སྲ་ཞིང་བརྟན་པའི་རྒྱལ་ཁབ་བདེ་འཇགས་སྲུང་ཡོལ་བརྟན་པོ་ཞིག་མཐའ་གཅིག་ཏུ་བསྐྲུན་དགོས།

ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་མཱ་ཐུང་པང་གིས་བཤད་རྒྱུར།     ང་ཚོས་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་།    དྲིན་ཚོར་ཡར་བརྩོན་བྱེད་པ།    གོ་སྐབས་དམ་འཛིན།    དངོས་སྒྲུབ་དམ་འཛིན་བཅས་བྱས་ཏེ་མཚོ་སྔོན་ཤེས་རྟོགས་དང་།    མཚོ་སྔོན་ལ་དགའ་ཞེན།    མཚོ་སྔོན་དར་རྒྱས་གཏོང་རྒྱུ་བཅས་ང་ཚོའི་བླ་སྲོག་ནང་བཅུག་ནས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་བྱེད་མཁན་ལག་བསྟར་པ་དང་།    བྱ་སྤྱོད་སྤེལ་མཁན།    ལས་དོན་མཁན་བཅས་ཡག་པོ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་གཡུལ་ས་གཙོ་བོ་དང་།    མི་དམངས་ལ་ཞབས་འདེགས་ཞུ་མཁན་གྱི་འཐབ་ཕྱོགས་དང་པོ།    འགག་སྒྲོལ་དཀའ་སེལ་གྱི་འཐབ་ས་དང་པོ་བཅས་ཀྱི་ནང་རང་འགུལ་ངང་ཞུགས་ཏེ་ནུས་ཤུགས་ཡོད་རྒུས“ས་ཆ་བཞི”འཛུགས་སྐྲུན་བྱས་ནས་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་བ་དང་།    ས་ཁོངས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་དངོས་སྒྲུབ་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ་དངོས་སྒྲུབ་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཀྱི་དེང་རབས་ཅན་གྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས་ཟེར།

གཙོ་སྐྱོང་བས་བཤད་དོན།“ལམ་ཆེན་ནས་སྟབས་བདེ།    དངོས་དོན་བསྒྲུབ་རྒྱུ་གལ་ཆེ”ཞེས་བཤད།     རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ནི་གཟི་བརྗིད་དང་ཕུགས་འདུན་གྱིས་ཁེངས་པའི་རྒྱང་སྐྱོད་ཅིག་རེད།     རིམ་པ་ཁག་གི་ཏང་ཡོན་ལས་བྱེད་པས་འགན་འཁྲི་སྒྲུབ་སེམས་ཆེ་རུ་གཏོང་བ་དང་།    བདེན་འཚོལ་དོན་གཉེར།    རྒྱུན་འཁྱོངས་ལྷོད་མེད།    ཏན་ཏན་ཏིག་ཏིག་བཅས་བྱས་ཏེ།    རེ་རེ་བཞིན་ལས་ཀ་ཁག་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ཡག་པོ་བྱས་ནས་མང་ཚོགས་ཀྱི་མིག་མཐོང་ལག་ཟིན་དང་མྱོང་ཚོར་ཐུབ་པར་བྱ་དགོས།     འགན་འཁྲི་ནི་འབོད་སྐུལ་བྱེད་བཞིན་ཡོད།    མི་དམངས་ཀྱིས་རེ་སྒུག་བྱེད་བཞིན་ཡོད།    དངོས་སྒྲུབ་བྱ་རྒྱུ་དེ་མཚོ་སྔོན་གསར་པའི་མཚོན་རྟགས་མངོན་གསལ་དོད་ཤོས་ཤིག་ཏུ་འགྱུར་བ་བྱས་ནས་དངོས་སྒྲུབ་བྱ་རྒྱུ་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་སྐད་གསེང་མཐོན་པོའི་དུང་བརྡ་ཞིག་ཏུ་འགྱུར་བ་བྱེད་དགོས།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཀྲ་ཤིས་ལྷ་བརྟན་གྱིས་བཤད་རྒྱུར།    ཏན་ཏན་ཏིག་ཏིག་དང་དཀའ་སྤྱད་འབད་བརྩོན་བྱས་ཚེ་གཞི་ནས་བརྗིད་ཆེའི་དམིགས་ཚད་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་ཐུབ།     ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་གཏིང་ཟབ།    སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་ནན་ཏན།    དུས་བདེ་མཚོ་སྔོན་འཛུགས་སྐྲུན་གྱི“བཅུ་ཅན་གཅིག”ལས་དོན་གྱི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་སྒོས།    གྲོང་ཁྱེར་ཁྱབ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ།    གྲོང་གསེབ་བཅོས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ།    དུས་བདེ་འཛུགས་སྐྱོང་གི་དཔྱད་ཞིབ་མ་ལག་ཇེ་ལེགས་སུ་གཏོང་བ།    ཏང་ནན་པོས་ཉེན་རྟོག་སྐྱོང་བ་དང་།    འགལ་ཟླ་དང་རྩོད་གཞིར་གྲལ་བཤེར་དང་འདུམ་གཅོད།    བདེ་འཇགས་ཉེན་ཁ་སྔོན་འགོག་དང་ཐག་གཅོད་སོགས་གཙོ་གནད་ལས་དོན་ཁྲོད་རྒྱུགས་སྤྲོད་རྣམ་པའི་ཐོག་སྔོན་ཐོན་བརྩོན་ལེན་དང་།  འཁྱགས་གཏོར་གྱི་བློ་སྟོབས་ལ་བརྟེན་ནས་འགག་སྒྲོལ་དཀའ་སེལ་གྱིས་དུས་བདེ་མང་རྫོང་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས་ཟེར།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གོར་མོ་གྲོང་ཁྱེར་ཝུའུ་ཐུའུ་མེ་རེན་ཡུལ་ཙོ་ཨོ་རི་ཐེང་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་ཨེན་ན་ལེ་ཡིས་བཤད་རྒྱུར།    གཞི་རིམ་ལས་བྱེད་པས་ཐད་ཀར་མི་དམངས་མང་ཚོགས་དང་འབྲེལ་གཏུག་བྱེད་ཀྱི་ཡོད།    ལས་བྱེད་པའི་སྤྱོད་ཚུལ་ཇི་འདྲ་ཡོད་ཚེ་ཏང་དང་སྲིད་གཞུང་གི་གཟུགས་བརྙན་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད།     བྱ་བ་གང་ཞིག་སྒྲུབ་པར་ཐོག་མར་རྣམ་འགྱུར་ཡང་དག་བྱས་ན་ད་གཟོད་བློ་ཕན་འབྲས་ཐོན་ཐུབ།     ང་ཚོས་ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་བླང་བྱ་གསལ་པོ་ལྟར།    མི་དམངས་མང་ཚོགས་ཀྱི་དགོས་མཁོ་དང་རེ་འདོད་དངོས་གནས་སེམས་ལ་བཞག་སྟེ།    དོན་དག་ཐུག་དུས་གཡོལ་ཐབས་མི་བྱེད་པ་དང་།    དཀའ་ངལ་ལ་གདོང་གཏོད་པ།    དཀའ་གནད་ལ་སྐྱོད་པ་བཅས་བྱས་ཏེ།    ལས་ཀ་གསར་གཏོད་དང་།    ཁྱད་ཆོས།    སྤུས་ཚད་བཅས་ལྡན་པ་དང་།    ཐོན་ལས་དར་སྤེལ་ཟམ་མི་ཆད་པར་རྒྱ་སྐྱེད་དང་།    འཚོ་བ་ཕྱུག་པོར་འགྱུར་ཐབས་བྱས་ཏེ་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་།    གྲོང་གསེབ་ལས་བྱེད་པའི་སྤྱོད་ཚུལ་ཁྱོན་ཡོངས་ནས་བརྟན་པོ་ཡོང་བར་བྱ་དགོས།

གཙོ་སྐྱོང་བས་བཤད་དོན།    ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་བཟང་མིན་དང་།    སྒྲིག་ཁྲིམས་ནན་མིན།    མི་དམངས་མང་ཚོགས་ཀྱིས་ཆེས་ཐོག་མར་ཤེས་པ་ཞིག་ཡིན་ལ་ཚོར་སྣང་ཆེས་ཐད་ཀར་དང་ཆེས་གཏིང་ཟབ་པ་ཞིག་ཀྱང་ཡིན།     ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་ལེགས་བཅོས་བྱུང་བ་དང་།    ཏང་ཡོན་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བའང་ཐག་ཇེ་ཉེར་སོང་ཞིང་།     མི་སེམས་ཀྱང་དྲོ་རུ་སོང་ན།    ཏང་ཡོན་ལས་བྱེད་པའི་ལས་དོན་ཡང་སྔར་ལས་ལེགས་པར་བསྒྲུབ་ཐུབ།

མཚོ་སྔོན་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་དང་ཞིབ་འཇུག་སློབ་མའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཁྲེན་ཤུས་ཀྱིས་དངོས་ཐོག་བདེན་འཚོལ་དང་འགན་ཁུར་དངོས་སྒྲུབ་ནི་མར་ཁེ་སི་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཞིག་དང་ཀྲུང་གོ་གུང་ཁྲན་ཏང་གི་སྔ་ཕྱི་བར་གསུམ་གྱི་ལག་ལེན་གྱི་ཀུན་སྤྱོད་ཅིག་རེད།     རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྔ་བར་ཕྱི་གསུམ་དུ་བདེན་འཚོལ་དོན་གཉེར་མཐའ་འཁྱོངས་དང་།    བྱ་བ་གང་བྱེད་དོན་དངོས་ལ་གཞིགས་ནས་སྒྲུབ་པ།    ཏན་ཏན་ཏིག་ཏིག་གི་སྤྱོད་ཚུལ་དང་དཀའ་སྤྱད་སྙིང་རུས་ཀྱི་སྙིང་སྟོབས་ལ་བརྟེན་ནས་བསམ་ཕྱོགས་གསར་པ་ཞིབ་འཇུག་དང་།    བྱེད་ཐབས་གསར་པ་འདོན་པ།    འགག་གནད་སྒྲོལ་ས་འཚོལ་ཞིབ་བཅས་བྱས་ཏེ་མང་ཚོགས་ཀྱི་ཐོབ་ཚོར་སྔར་བས་ཡག་པོ་དང་།    བདེ་སྐྱིད་ཚོར་སེམས་སྔར་བས་རྒྱུན་མཐུད།    བདེ་འཇགས་ཚོར་སེམས་སྔར་བས་འགན་ལེན་བཅས་ཡོང་བར་འབད་བརྩོན་བྱས་ཏེ་མང་ཚོགས་ཀྱིས་སྤྱོད་ཚུལ་ལེགས་སྐྱོང་ལས་བྱུང་བའི་འགྱུར་ལྡོག་གསར་པ་དང་ཕན་འབྲས་གསར་པ་དངོས་གནས་ཚོར་ཐུབ་པར་བྱ་དགོས།

ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཆུས་ཝུན་ཧུའེ་ལམ་ཁྲོམ་གཞུང་ཝུན་ཐིང་སྲང་ལམ་སྡེ་ཁུལ་གྱི་གྲོང་མི་ཀའོ་ཧྲུའུ་ཀྲེན་གྱིས་ལོ་དེ་དག་ནང་རྒྱལ་ཁབ་ཀྱིས་ལས་བྱེད་པའི་སྤྱོད་ཚུལ་གྱི་གནད་དོན་ནུས་ཤུགས་ཡོད་རྒུས་བཅོས་སྒྲིག་བྱས་པས་མི་སེར་ཚོས་བརྩི་བཀུར་དང་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད།     གཏན་འབེབས་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་ཏུ་སོང་བ་དང་བསྟུན་ནས།    ཏང་སྲོལ་དང་སྲིད་སྲོལ་ལ་འཕོ་འགྱུར་བྱུང་བ་དེས་མི་དམངས་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་ཕན་འབྲས་དང་འགྱུར་ལྡོག་མཐོང་དུ་བཅུག་ཡོད།     གསར་འགྱུར་སྤེལ་གཏོང་བྱས་པ་བརྒྱུད་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ཏང་ཡོན་ཡོངས་ལ་བཏོན་པའི་བླང་བྱ་གསལ་པོ་ང་ཚོས་མཐོང་བ་དེ་ཐོག་ནས། ཞིང་ཆེན་ཏང་ཨུ་ཡིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་སྣེ་ཁྲིད་དེ་འཕེལ་རྒྱས་དོན་གཉེར་བྱེད་པའི་འདུན་པ་བརྟན་པོ་ཡིན་པ་དང་སྤྱོད་ཚུལ་བཅོས་སྒྲིག་བྱེད་པའི་རྣམ་འགྱུར་བརྟན་པོ་ཡིན་པ་དེའི་ཐོག་ནས་ང་ཚོ་ཏང་ལ་ཡིད་ཆེས་དང་།    ཏང་ལ་བརྟེན་པ།    ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་སྔར་བས་ཇེ་བརྟན་དུ་ཕྱིན་པ་དང་མཚོ་སྔོན་གྱི་འབྱུང་འགྱུར་ལ་རེ་སྒུག་ཆེན་པོ་བྱེད་ཀྱིན་ཡོད་པ་མཚོན་ཡོད།

གཙོ་སྐྱོང་བས་བཤད་དོན།      ཏང་ཡོན་ལས་བྱེད་པས་རྒྱ་ཆེའི་མང་ཚོགས་ལ“དོན་དངོས་སྒྲུབ་པ”ཨང་དང་པོར་འཛིན་པ་དང་།  ལས་དོན་དོན་གཉེར།    བྱེད་ཐབས་དངོས་འདོན་པ།    ཕན་འབྲས་དངོས་གཉེར་བ་བཅས་བྱས་ཏེ་ལེགས་སྒྲུབ་དང་།    རང་ཉིད་ཀྱི་ཚད་གཞི་དང་བླང་བྱ་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ་ལས“སྙོམས་པོར་འཇོག་པ”ལས་སྡུག་ཏུ་གཏན་ནས་གཏོང་མི་རུང་བ་དང་།    “རྣམ་པའི་ཁྲོད་ནས་བམ་པོ་བཟོ་བ”ལྟ་བུ་གཏན་ནས་བྱེད་མི་རུང་།     “ལས་སྒྲུབ”ཀྱི་སྤྱོད་ཚུལ་ནམ་ཡང་གནས་པ་དང་ལྷོད་གཡེང་སྤུ་ཙམ་མེད་པའི་བསམ་པའི་ཉམས་འགྱུར་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ཉམས་འགྱུར་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། ང་ཚོས་དངོས་སྒྲུབ་ཀྱི་ཕུགས་འདུན་མངོན་འགྱུར་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཡག་པོ་ཞིག་རྩོམ་ཐུབ་ངེས་རེད།