དམིགས་བྱ་དང་དམིགས་ཚད་བསྡུར་ནས་ལག་ལེན་དོན་འཁྱོལ་བྱས་ནས་ལེའུ་གསར་པ་བརྩམ་དགོས།

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། རྩོམ་པ་པོ། : ཁོན་ཐར་འཚོ། སྤེལ་དུས། : 2023-08-04

__ཞིང་ཆེན་ཏང་ཨུའི་རྒྱུན་ཨུའི་ཁོངས་གཏོགས་སྡེ་ཚན་གྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་བྱས་ནས་རྒྱུད་སྒྲོག་ནན་ཏན་བྱས་པ། 

ཉིན་འདི་དག་རིང་ལ།  ཞིང་ཆེན་ཏང་ཨུའི་རྒྱུན་ཨུའི་སྡེ་ཚན་གྱིས་ཆེད་དོན་སློབ་སྦྱོང་གི་ཚོགས་འདུ་བསྡུས་ཏེ།  ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་བྱས་ནས་རྒྱུད་སྒྲོག་བྱས་པ་མ་ཟད།  སྡེ་ཚན་ཁག་གི་དོན་དངོས་ལ་སྦྱར་ནས་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་ལ་སྐུལ་སློང་བཀོད་སྒྲིག་བརྒྱབ།  ཚང་མས་སློབ་སྦྱོང་བྱས་རྗེས་འདི་སྐད།   ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་གྱི་དམིགས་བྱ་དང་དམིགས་ཚད་ལ་བསྡུར་བ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་བའི་འཐབ་ཇུས་བཀོད་སྒྲིག་ལག་ལེན་དོན་འཁྱོལ་བྱས་པ་དང་། ཞིང་ཆེན་ཡོངས་ལ་འཕྲད་པའི་གནས་སྟངས་གསར་པ་དང་ཁོར་ཡུག་གསར་པ། གོ་སྐབས་གསར་པར་དབྱེ་ཞིབ་ཟབ་མོ་བྱས་ཐོག   དེང་ཕྱིན་གྱི་དུས་སྐབས་ཤིག་ནང་གི་ལས་ཀའི་འོས་འགན་བཀོད་སྒྲིག་བརྒྱབ་པ་དང་།  བསམ་བློར་ངོས་ཟིན་གསལ་བོ་མིན་པ་དག་གསལ་བོར་བཟོས་ནས་སེམས་པར་སྒུལ་ཤུགས་ཆེན་པོ་བསྣན་ཏེ།  ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་རྣམས་ཀྱི་འབད་འབུངས་ཡར་བརྩོན་དང་། མཐུན་སྒྲིལ་འབད་འཐབ་ཕྱོགས་ལ“འོས་འགན་ཡི་གེ”གསལ་འབེབས་དང་“ཨར་སྐྲུན་དཔེ་རིས”ཀྱི་ཐིག་རྩ་བཀོད་ཡོད་འདུག་ཟེར། 

ཚང་མས་གཅིག་རྗེས་གཉིས་འཕྲོར།  གཙོ་དོན་སློབ་གསོ་སྤེལ་བའི་ལས་ལ་སྦྱར་ཏེ།  ཚང་འཛོམས་གྲོས་ཚོགས་སྟེང་གི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་། གོ་བ་ཟབ་ལེན།  སྟངས་འཛིན་ཡང་དག་བཅས་བྱེད་པར་བླང་བྱ་གསར་པ་དང་། བཀོད་སྒྲིག་གསར་པ།  བྱེད་ཐབས་གསར་པ་བཏོན་ཏེ།  ལྟ་བ་གསལ་བའི་ཆབ་སྲིད་ཀྱི་རྣམ་འགྱུར་བཟུང་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་མཐར་ཕྱིན་བྱ་དགོས།  ཁག་ཁུར་དངོས་སྒྲུབ་ཀྱི་རང་རྟོགས་ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱིས་བཏོན་པའི་དམིགས་ཚད་འོས་འགན་གྱི་བླང་བྱ་རྣམས་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་བྱ་དགོས།  གྲི་ཁ་ནང་ལ་བསྐོར་བའི་ཆབ་སྲིད་ཀྱི་སྤོབས་པ་བསྐྱེད་དེ་བྱ་སྤྱོད་ངན་པ་འབུར་ཐོན་ཅན་ལ་ཆེད་དོན་དག་ཐེར་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ནས་འབྲས་བུ་སྨིན་པ་ཞིག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏང་དགོས་ཞེས་བསྟན།

ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན་ཁྲིམས་སྐྱོང་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲའོ་ཡི་ཅིན་གྱིས་འདི་སྐད།   ཚང་འཛོམས་གྲོས་ཚོགས་ཀྱིས་བཏོན་པའི་བླང་བྱ་ལྟར།  ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་དོན་སྤྱི་ཁྱབ་ཀྱི་བཀོད་པ་དམིགས་སུ་བཟུང་སྟེ།  གཙོ་དོན་སློབ་གསོའི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དུ་གཏང་དགོས། མི་དམངས་མང་ཚོགས་ལ་འཕྲད་པའི་དཀའ་ངལ་དང་སེམས་ཁྲལ་འཕྲལ་སེལ་གྱི་གནད་དོན་ལ་དམིགས་ཏེ།  སྲིད་ཁྲིམས་ལ་བཅོས་སྒྱུར་ཟབ་མོ་བྱས་ནས་ཁྲིམས་འཛིན་གྱི་གཅུན་སྡོམ་དང་ལྟ་སྐུལ་དོ་དམ། ཁྲིམས་འཛིན་གྱི་འགན་འཁྲི་མ་ལག་འཛུགས་སྐྲུན། ཁྲིམས་འཛིན་གྱི་དབང་ཆ་བཀོལ་སྤྱོད་ལ་སོགས་བྱ་བའི་བྱེད་ཐབས་དོན་ལ་སྨིན་པ་བསྒྲུབས་ནས་སྤུས་ལེགས་འཕེལ་རྒྱས་ལ་ཆུ་ཚད་མཐོ་ཤོས་ཀྱི་ཁྲིམས་སྐྱོང་གིས་ཞབས་འདེགས་ཞུ་དགོས་ཞེས་བསྟན།

ཞིང་ཆེན་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱོད་དོན་ཞིབ་གཅོད་ཁང་གི་ལས་བྱེད་སུན་ཕིང་གིས་འདི་སྐད།  ན་གཞོན་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་བྱེད་ཅིག་ཡིན་པའི་ངོས་ནས་མ་སྐུལ་རང་རྟོགས་ཀྱིས་བསམ་བློར་སྦྱོང་བརྡར་དང་།  ལས་འགན་ཁུར་ལེན་གྱི་ནུས་པ་ཕྱོགས་ཡོངས་ནས་ཇེ་ཆེར་བཏང་སྟེ།  ཆབ་སྲིད་ལ་བློ་བཀུར་ཞིང་། ནུས་པ་ཧ་ཅང་ཆེ་བའི་རང་གཤིས་ལ་བརྟེན་ནས་འཐབ་རྩོད་ལ་སྤོབས་ཤིང་མཁས་པ།  ཞུམ་མེད་པ། གཞན་དོན་ལྷུར་ལེན་གྱི་སྒོ་ནས་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ཁག་ལ་ལྟ་སྐུལ་དོ་དམ་དང་སྐུལ་འདེད་བཏང་བར་ཕན་འབྲས་ལེགས་པོ་ཐོབ་པས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞེངས་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་རླབས་ཆེན་ལྗོངས་རིས་མངོན་འགྱུར་ལ་ན་གཞོན་གྱི་སྟོབས་ཤུགས་འབུལ་ཡོད་ཟེར། 

ལོ་ཙཱ་བ། ཁོན་ཐར་འཚོ།