མ་སྐུལ་རང་རྟོགས་ཀྱི་ལག་རྗེས་བཞག་ནས་སྔོན་ཐོན་གོ་གནས་བརྩོན་ལེན་བྱེད་མཁན་གྱི་ལས་བྱེད་ཅིག་བྱེད་དགོས།

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། རྩོམ་པ་པོ། : ཁོན་ཐར་འཚོ། སྤེལ་དུས། : 2023-08-02

[ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་བྱས་ནས་དྲིལ་སྒྲོག་ལག་ལེན་མཐར་ཕྱིན་བྱ་དགོས]མ་སྐུལ་རང་རྟོགས་ཀྱི་ལག་རྗེས་བཞག་ནས་སྔོན་ཐོན་གོ་གནས་བརྩོན་ལེན་བྱེད་མཁན་གྱི་ལས་བྱེད་ཅིག་བྱེད་དགོས། —— ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་པའི་སྐོར་གླེང་བ།

ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་དུ། ང་ཚོས་རྗེས་ལུས་ལ་ཁས་ལེན་བྱས་ཀྱང་རྗེས་སུ་གཏན་ནས་ལུས་མི་རུང་།  “བྱ་ཉམས་ཆུང་སྔོན་ལ་འཕུར”བའི་འདུ་ཤེས་དང་། “གཞན་གྱིས་བརྩོན་པ་ལན་གཅིག་བྱས་ན། ངས་བརྩོན་པ་ལན་བཅུ་བྱེད་པའི”འབད་སེམས་ལ་བརྟེན་ནས“མདུན་ལམ”མ་ནོར་བར་རྒྱུག་དགོས་པ་དང་།  རང་ཉིད་ལ་ཧུར་སེམས་བསྐྱེད་དེ་སྔོན་ཐོན་གྱི་གོ་གནས་བརྩོན་ལེན་ཁྲོད་གཞན་ལས་ཁྱད་དུ་འཕགས་ཤིང་། མ་སྐུལ་རང་སྒྲུབ་ཀྱི་ངང་ནས་མ་འོང་བ་བསུ་ཐུབ་པ་ཞིག་བྱ་དགོས།

བྱ་ཉམས་ཆུང་སྔོན་ལ་འཕུར་རེ་ཡོད།  མི་དབུལ་བོ་སྔོན་ལ་ཕྱུག་རེ་ཡོད་པའི་དཔེ་བཞིན་དུ།  ནམ་དུས“སྔོན་ལ་འཕུར་ཐུབ་པ”དང་“ནམ་དུས་སྔོན་ལ་ཕྱུག་ཐུབ་པ”དེ་ཐོག་མར་ང་ཚོར“སྔོན་ལ་འཕུར་འདོད”ཀྱི་བསམ་བློ་ཡོད་མེད་ལ་རག་ལས།  “སྔོན་ལ་འཕུར་འདོད”ཀྱི་འདུ་ཤེས་ཆེར་བསྐྱེད་དགོས་ན། “ལས་དབང་ཁས་ལེན”གྱི་བསམ་བློ་དང་ལྟ་བའི་ཁྲོད་གློ་ཉལ་མི་རུང་བར་དཔུང་པ་བསྐྱངས་ནས་བསྒྲུབ་དགོས།   མི་དབུལ་ཡང་སེམས་ཤུགས་མི་ཆུང་ལ། མི་དབུལ་ཡང་བློ་སྣ་མི་ཐུང་བ་ཞིག་བྱེད་དགོས། འཕེལ་རྒྱས་ཀྱི་གནད་དོན་ལ་མཚོན་ན་ཕྱི་རྐྱེན་དང་ནང་རྐྱེན་གཉིས་ནི་རྐྱེན་གཙོ་བོ་ཡིན་ཏེ།  ནང་རྐྱེན་གྱི་སྒུལ་ཤུགས་མེད་ན། ཕྱི་རྐྱེན་ཙམ་གྱི་རམ་འདེགས་ཁོ་ན་བརྟེན་ན།  རོགས་རམ་ཆེན་པོ་ག་འདྲ་བྱས་ཀྱང་། གལ་ཏེ་རང་ཉིད“འཕུར་མ་འདོད”ན།  རྩ་བའི་ཆ་ནས་གནད་དོན་ཐག་གཅོད་མི་ཐུབ།   ད་ལྟ་རང་རེའི་ཞིང་ཆེན་ལ་མཚོན་ན་ཡང་སྒུག་ནས་སྡོད་པ་དང་།   གཞན་ལ་བརྟེན་པ།    ཆ་རྐྱེན་དགོས་པའི་ལས་བྱེད་དང་། ཐེ་ཚོམ་དང་མིག་བལྟས། གཡོ་འགུལ་ཅན་གྱི་ལས་བྱེད།  ཡར་བརྩོན་གྱི་སེམས་ཤུགས་གཉོམ་པ།  འགྲོ་ཐུབ་འདུག་ཐུབ་བྱེད་མཁན་གྱི་ལས་བྱེད་སོགས་ཡོད་པས།  ལས་བྱེད་དེ་དག་ངེས་པར་སད་དུ་བཅུག་སྟེ། “མ་སྐུལ་ན་མི་སྒྲུབ་པ”ནས“རང་རྟོགས་རང་སྒྲུབ”ལ་བསྒྱུར་དགོས།    “སྔོན་ལ་འཕུར་བའི”འདུ་ཤེས་བསྐྱེད་དགོས་ན།  འཕེལ་རྒྱས་ཀྱི་གནས་སྟངས་དང་རང་ཉིད་ཀྱི་ཕྲག་ཏུ་འཁུར་བའི་འགན་འཁྲི་ལ་ངོས་ཟིན་གསལ་བོ་ཡོད་དགོས་པ་དང་། རང་ཉིད་ཀྱི་དགེ་སྐྱོན་ལ་དབྱེ་ཞིབ་གསལ་བོ་ཐོག་ཆད་པ་ཁ་གསབ་བྱས་ནས་ནུས་པ་ཆེར་བསྐྱེད་དེ། རང་ཉིད་ཀྱི་ལས་འགན་དང་ལས་རྐང་ལ་བྱས་རྗེས་ཡོད་པ་ཞིག་བྱེད་དགོས།  རང་ཞིང་ནི་ཕྱིས་སུ་འཕེལ་རྒྱས་བྱུང་བའི་ས་ཁུལ་ཡིན་པས་དེའི་ཕྱོགས་ལ་དཀའ་ངལ་དང་འགྲན་རྩོད་མང་པོ་ཞིག་ལ་འཕྲད་མྱོང་མོད། ང་ཚོས་རང་གི་དགེ་མཚན་དང་འཐབ་ཇུས་ཀྱི་གོ་སྐབས་མང་པོ་མ་བརླག་པར་ཕྱོགས་ཡོངས་དང་། རྩད་བརྡར། ཕུགས་རྒྱང་རིང་བའི་སྒོ་ནས་གནད་དོན་ཐག་གཅོད་རྒྱུ་ནི་གནད་འགག་ཡིན།  གདེང་ཚོད་དང་སྤོབས་པ་ཆེ་རུ་བསྐྱེད་དེ“མདུན་སྐྱོད་ལམ་ཁ”ཡང་དག་འདེམས་ནས་ཤུགས་ཀྱིས་རྒྱུག་སྟེ།  མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ལེགས་འཕེལ་རྒྱས་ཀྱི་ལམ་བུ་བཏོད་དགོས་ཞེས་བསྟན།

ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྟེང་དུ།  “སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་འཁྲུལ་མེད་པ་བྱས་ན་བྱས་རྗེས་ཡིན་ལ། སྤུས་ལེགས་འཕེལ་རྒྱས་གོམ་ཁ་ཇེ་མགྱོགས་སུ་གཏང་བར་བྱས་རྗེས་མེད་ན་ནི་སྐྱོན་ཡིན”“སྐྱེ་ཁམས་སྲུང་སྐྱོབ་ནི་འཕེལ་རྒྱས་མི་དགོས་པ་ག་ལ་ཡིན”“མཚོ་སྔོན་གྱི་སྤུས་ལེགས་གོང་སྤེལ་གྱི་དོན་དག་འདིཁ་བཤད་ཙམ་གྱིས་མི་ཆོག་པར་ངེས་དོན་གྱིས་བསྒྲུབ་དགོས་པ་ཞིག་རེད། ”  ཚོས་གཞི་ལྗང་མདོག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏང་ཐུབ་མིན་དེས་ཏང་ཡོན་ལས་བྱེད་པའི་ནུས་པར་ཚོད་བགམ་ཅིག་ཡིན་ལ།  ཏང་ཡོན་ལས་བྱེད་པའི་ནུས་པ་སྦྱོང་བརྡར་བྱེད་ཐབས་མཆོག་ཏུ་གྱུར་བ་ཞིག་ཀྱང་ཡིན་པས་ད་དུང་ལག་ལེན་བྱེད་དགོས།   ལག་ལེན་ཁྲོད་ནས་རྣོ་ལྕགས་གྲུབ་ལ། ཇི་ལྟར་བསྒྲུབས་ན་དེ་ལྟར་སྒྲུབ་ཤེས་པ་དང་། ཇི་ལྟར་སྒྲུབ་ཤེས་ན་དེ་ལྟར་སྒྲུབ་ཕོད་ལ། ཇི་ལྟར་བསྒྲུབས་ཕོད་ན་དེ་ལྟར་བསྒྲུབ་འདོད་པ་ཡིན།

མཚོ་སྔོན་གྱི་འཕེལ་རྒྱས་སྟོབས་འབྱོར་ས་ཁུལ་དང་བསྡུར་ན་བར་ཁྱད་ཅུང་ཆེ་ལ། གོ་སྐབས་ཀྱང་ཐོབ་སླ་ལ་ཤོར་ཡང་སླ་བས། ང་ཚོས“མི་གཞན་ལམ་དུ་འགྲོ་ན་ང་ཚོ་ལམ་དུ་རྒྱུག་དགོས་པའི”གཅིག་རྗེས་གཅིག་ཆོད་ཀྱི་འདུ་ཤེས་དང་། “གཞན་གྱིས་བརྩོན་པ་ལན་ཅིག་བྱེད་ན། ང་ཚོས་བརྩོན་པ་ལན་བཅུ་དགོས་པའི”འབད་སེམས་ཆེར་བསྐྱེད་ན། ད་གཟོད་དུས་རབས་ཀྱི་རྗེས་ཆོད་ཐུབ་ལ། འཐོབ་དཀའ་པའི་འཕེལ་རྒྱས་ཀྱི་གོ་སྐབས་ཀྱང་དམ་འཛིན་བྱེད་ཐུབ། དེ་མ་བྱས་ན་དུས་རབས་འདིའི་གོ་སྐབས་ཡོངས་སུ་ཤོར་སྲིད།  འཇིག་རྟེན་གྱི་དོན་དག་ཡོད་ཚད་དཀའ་སྡུག་ལས་བྱུང་བ་ཡིན། འགྲན་རྩོད་ལ་མི་ཞུམ་ཞིང་། དཀའ་ངལ་ལ་མི་སྐྲག་པ། འཚོལ་ཞིབ་ཀྱི་སྙིང་སྟོབས་ལྡན་པའི་སྒོ་ནས་མདུན་དུ་བསྐྱོད་ན། དེ་ནི་དུས་རབས་གསར་པའི་ཏང་གི་ལས་བྱེད་ཀྱི་ཚོས་གཞི་དཀྲག་མདངས་ཅན་དེ་ཡིན།  ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཟབ་མོ་ཡིད་ལ་བཅངས་ཏེ།  ཏང་དང་མི་དམངས་ཀྱི་འགན་འཁྲི་ཁུར་དུ་བླངས་ནས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་། མཚོ་སྔོན་གྱི་སྤུས་ལེགས་གོང་སྤེལ་ལ་སྐུལ་འདེད་གཏང་བའི་ཕྱོགས་ནས་ཁག་ཁུར་དངོས་སྒྲུབ་དང་། བྱས་རྗེས་ལག་འབུལ།  དུས་རབས་ལ་ཡིད་གནོངས་མི་དགོས་པའི་གྲུབ་འབྲས་དངོས་ལེན་དགོས་ཞེས་བསྟན། 

ལོ་ཙཱ་བ། ཁོན་ཐར་འཚོ།