[མེས་རྒྱལ་ལེགས་ཤིང་ཕ་ཡུལ་མཛེས་པ།] སྟོན་གྱི་འབྲས་བཟང་གིས་དམངས་ཀྱི་ཡོང་འབབ་འཕར་སྣོན་ཇེ་ལེགས་སུ་བཏང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

ཉེ་སྔོན། ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་དང་ཕིང་ཤང་སོག་ལམ་གྲོང་ཚོའི་རི་རྩེར་སླེབས་སྐབས་མིག་ལམ་དུ་བལྟས་ཚེ།ཡུག་འབྲེལ་གྱི་གླ་ཚེར་ནགས་ཚལ་དེ་སྟོན་དུས་ཀྱི་མཛེས་ལྗོངས་ཤིག་ཏུ་གྱུར་ནས་ཉེ་སར་བཅར་ནས་བལྟས་ཚེ།གླ་ཚེར་གྱི་འབྲས་བུས་ཡལ་ག་བཏགས་པ་དང་འབྲུ་རྡོག་གིས་ཁེངས།

འཐུ་མཁན་ཉི་ཤུ་ལྷག་ཙམ་གྱིས་དེའི་ཁྲོད་དུ་ལག་པས་ཁེ་གྲི་བཟུང་ནས་ཡལ་ག་དང་འབྲས་བུ་ཐོགས་ནས་བྲེགས་པ་དང་།བཏོག་པའི་བྱེ་ཚེར་གྱི་ཡལ་ག་དལ་བུར་ས་ཐོག་གི་སླེལ་པོའི་ནང་བླུགས་པ་དང་།དེ་ནས་དབོར་འདྲེན་བཟོ་པས་བྱེ་ཚེར་སླེ་པོ་གང་རི་འདབས་ཀྱི་བཟོ་གྲྭར་དབོར་བ་རེད།

འདི་ལོ་ལོ་41ལ་སླེབས་པའི་ཚའོ་ཡན་ཧྥང་ནི་སྟོང་སྐོར་རྫོང་དང་ཕིང་ཤང་ཏ་ཀའོ་ལིང་གྲོང་ཚོའི་གྲོང་མི་ཡིན་ཞིང་།“དེ་གོང་ཁྱིམ་གྱི་ཞིང་ལས་ལས་ཀ་བྱས་ཚར་རྗེས་དེ་གར་གླ་ཚེར་འཐུ་བར་ཡོང་བ་ཡིན།ངས་ཉིན་གཅིག་ལ་སླེ་པོ་8ནས་10བར་འཐུ་ཐུབ་ཀྱི་ཡོད།ཉིན་གཅིག་ལ་ཡོང་འབབ་ཡག་ཤོས་ལ་སྒོར་200རག་གི་ཡོད།སྒོ་འགྲམ་དུ་ལས་ཀ་བྱེད་པར་ཡོང་བ་མ་ཟད།ད་དུང་ཁྱིམ་ལ་ལྟ་རྟོག་བྱེད་ཐུབ་ཀྱི་ཡོད།ངས་འབྲུ་རིགས་འཐུ་བའི་དུས་ཚོད་མཇུག་འགྲིལ་བའི་ལས་ཀ་བྱེད་རྩིས་ཡོད”ཅེས་ཚའོ་ཡན་ཧྥང་གིས་བཤད།

མཚོ་སྔོན་དབྱི་ཅན་བྱེ་ཚེར་ཐོན་ལས་ཅན་གསར་སྤེལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་མཱ་ཤན་ཏེས“ཉིན་ལྟར་འཐུ་མཁན་ཚང་མས་བྱེ་ཚེར་ཏུན་1ཙམ་འཐུ་ཐུབ་ཀྱི་ཡོད།དེ་གར་ས་བབ་མཐོ་བ་དང་།སྨུག་ཕྱིའི་འོད་ཤུགས་ཆེ་བ།ཁོར་ཡུག་ལ་སྦགས་བཙོག་མེད་པ་སོགས་རང་བྱུང་ཆ་རྐྱེན་གྱིས་བྱེ་ཚེར་ཤིང་འབྲས་ཀྱི་གྲུབ་ཆ་འདུས་ཚད་མཐོ་བ་དང་།གསོན་ཤུགས་ཆེ་བ།ལྗང་མདོག་བཅས་ཀྱི་ཁྱད་ཆོས་ལྡན་ཡོད”ཅེས་བཤད།མིག་སྔར་ཁོང་གི་ཀུང་སིས་མཚོ་སྔོན་ཁང་ཕུའུ་སྐྱེ་དངོས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སི་དང་ཤིས་ཉིང་དབྱི་ན་ཝུའེ་ཁང་སྐྱེ་དངོས་ཚན་རྩལ་ཀུང་སི་དང་གན་རྒྱ་བཞག་ནས་ཤིང་ཏོག་ཡག་པོ་འཐུ་རྗེས་ཐོག་མའི་ལས་སྣོན་བྱས་རྗེས་ཀུང་སི་དེ་གཉིས་ལ་བསྐྱལ་ནས་ཁོང་ཚོས་ཁྲོམ་ར་ཆེ་གྲས་ཁག་ཏུ་འཚོང་གི་ཡོད།

སྟོང་སྐོར་རྫོང་གི་གླ་ཚེར་ཐོན་ཁུངས་བསྡོམས་འབོར་མུའུ་68927.6ཟིན་པ་དང་སྟོང་སྐོར་རྫོང་གི་ཤང་7དང་གྲོང་རྡལ་2ཀྱི་སྲིད་འཛིན་གྲོང་ཚོ་146དང་ཤར་འགག་གི་གཞུང་ཁོངས་ནགས་ར་ཚང་མར་ཁྱབ་ཡོད།བྱེ་ཚེར་སྐྱེས་པ་དེས་སྔོ་ཁེབས་མགྱོགས་མྱུར་སླར་གསོ་ཐུབ་པ་དང་།བྱེ་འདམ་ཉུང་དུ་གཏོང་ཐུབ་པ།སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ།སྐྱེ་དངོས་ཀྱི་འབྲེལ་ཐག་སླར་གསོ་ཐུབ་པ་བཅས་ཡོང་གི་ཡོད།གླ་ཚེར་བཏབ་ན་རི་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པ་དང་ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བར་རོགས་རམ་བྱེད་ཐུབ།གླ་ཚེར་ཐོན་ལས་འཕེལ་རྒྱས་གཏོང་བར་དཔལ་འབྱོར་དང་།སྣོད་བཅུད།སྤྱི་ཚོགས་བཅས་ཀྱི་ཕན་འབྲས་ཆེན་པོ་གསུམ་ལྡན་ཡོད་པས་སྣོད་བཅུད་སྲུང་སྐྱོང་དང་།ཐོན་རྫས་མཁོ་སྤྲོད།རིག་གནས་རྒྱུན་འཛིན།ལས་ཞུགས་འབབ་འཕར།སྤྲོ་གསེང་ལུས་གསོ་བཅས་ཀྱི་ནུས་པ་ཆེན་པོ་ལྔ་འདོན་སྤེལ་ཐུབ་རྒྱུ་རེད།

འདི་ལོའི་ཟླ་5པར་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་ཀྱིས་ཙོང་ཆུ་རྫོང་ལ“ཞིང་ཆེན་དེ་ཡོངས་ཀྱི་གླ་ཚེར་ཐོན་ལས་འཛུགས་སྐྲུན་གྱི་དཔེ་སྟོན་རྫོང་གཏོད་རྒྱུའི”ཆོག་མཆན་ཐོབ་པ་རེད།《མཚོ་སྔོན་ཞིང་ཆེན་གྱི་གླ་ཚེར་ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད་ཀྱི་ལོ་གསུམ་འགག་སྒྲོལ་ཇུས་གཞི》(2024—2026)《ཟི་ལིང་གྲོང་ཁྱེར་གྱི་གླ་ཚེར་ཐོན་ལས་འཕེལ་རྒྱས་འཆར་འགོད》(2023—2035)《སྟོང་སྐོར་རྫོང་གི་གླ་ཚེར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལོ་གསུམ་བྱ་སྤྱོད་ཇུས་གཞི》(2024—2026)སོགས་གླ་ཚེར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་འཆར་འགོད་རང་བཞིན་གྱི་ཡིག་ཆ་བཏོན་པ་དང་པར་འགྲེམས་བྱས་ཏེ་སྟོང་སྐོར་རྫོང་གི་བྱེ་ཚེར་བདེ་ཐང་དང་།གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱ་རྒྱུ་རེད།

སྟོང་སྐོར་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ནགས་ཚལ་སྒྱུར་བཅོས་གཞུང་དོན་ཁང་གི་ཀྲུའུ་རེན་ལི་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།སྟོང་སྐོར་རྫོང་ནགས་ལས་དང་རྩྭ་ཐང་ཅུས་དང་ཟི་ལིང་གྲོང་ཁྱེར་ནགས་ལས་ཚན་རིག་ཞིབ་འཇུག་སུའོ་ཡིས་གླ་ཚེར་ཐོན་ལས་འཕེལ་རྒྱས་ཐད་མཉམ་ལས་གྲོས་མཐུན་བཞག་པ་རེད།སྟོང་སྐོར་རྫོང་མི་དམངས་སྲིད་གཞུང་དང་ཀྲུང་གོ་ཚན་རིག་ཁང་ཅང་སུའུ་ཞིང་ཆེན་རྩི་ཤིང་ཞིབ་འཇུག་སུའོ་དབར“སྟོང་སྐོར་རྫོང་གི་ཀྲུང་གོའི་གླ་ཚེར་ཁྱད་ལྡན་སྔོག་འདོན་རིན་ཐང་མཐོ་བ་བེད་སྤྱོད་ཐོན་ལས་ཅན་གསར་སྤེལ་བྱེད་པའི”སྒྲོམ་གཞིའི་གྲོས་མཐུན་བཞག་པ་རེད།མིག་སྔའི་བར་སྟོང་སྐོར་རྫོང་གིས་གླ་ཚེར་ཐོན་ལས་རྣམ་གྲངས་4དོན་འཁྱོལ་བྱས་ནས་རྣམ་གྲངས་འཛུགས་སྐྲུན་གྱི་མ་དངུལ་སྒོར་ཁྲི་2060དོན་འཁྱོལ་བྱས་ཡོད།བྱེ་ཚེར་སོན་བཟང་གསོ་སྐྱོང་ཁྱབ་གདལ་རྣམ་གྲངས་ལ་རྣམ་གྲངས་མ་དངུལ་སྒོར་ཁྲི་360དོན་འཁྱོལ་བྱས་པ།བྱེ་ཚེར་དཔལ་འབྱོར་ནགས་ཚལ་སྒྱུར་བཀོད་རྣམ་གྲངས་ལ་རྣམ་གྲངས་མ་དངུལ་སྒོར་ཁྲི་660དོན་འཁྱོལ་བྱས་པ།བྱེ་ཚེར་ཤིང་འབྲས་འཁྱག་གཏོང་གསོག་ཉར་སྐྱེལ་འདྲེན་གཞི་གཅིག་ཅན་གྱི་འཛུགས་སྐྲུན་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་240དོན་འཁྱོལ་བྱས་པ།ཀྲུང་གོའི་གླ་ཚེར་ཁྱད་ལྡན་ཅན་གྱི་རིན་ཐང་མཐོ་བའི་བེད་སྤྱོད་ཐོན་ལས་ཅན་གྱི་གསར་སྤེལ་རྣམ་གྲངས་སྔོག་འདོན་བྱས་པར་མ་དངུལ་སྒོར་ཁྲི་800དོན་འཁྱོལ་བྱས་ཡོད།

ཐེན་ཅུན་གྱིས་ནོར་ལུག་སྤུས་ལེགས་ཁག་དང་པོ་ལྷོ་སྣེའི་ཚན་རིག་རྟོག་ཞིབ་གྲུ་གཟིངས་སུ་བསྐྱོད་པ།

ཉེ་ཆར།ཐེམ་ཆེན་གྱི་སྤུས་ལེགས་ནོར་ལུག་གི་ཤ་ཁག་དང་པོ“གངས་འབྲུག་ཨང་2པའི”གླིང་སྣེའི་ཚན་རིག་རྟོག་ཞིབ་གྲུ་གཟིངས་སུ་བསྐྱལ་བ་དང་།ཐེམ་ཆེན་བོད་ལུག་ཤ་དང་ཚགས་ཤ་དང་ནོར་ནག་གིས་ལྷོ་སྣེར་རྟོག་ཞིབ་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་དངོས་སུ་བཏོད་ཡོད།

ད་ཐེངས་ཀྱི་བྱེད་སྒོར་རང་བྱུང་ཐོན་ཁུངས་པུའི་འབྲེལ་ཡོད་སི་ཅུས་དང་ཀྲུང་གོ་གླིང་སྣེའི་ཞིབ་འཇུག་ལྟེ་གནས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ནས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་གི་འབྲོག་ལས་ཐོན་རྫས་ཁྱབ་ཁོངས་ཀྱི་ཕུལ་བྱུང་སྤུས་ཚད་དང་ཤུགས་རྐྱེན་ཟབ་མོ་མངོན་པར་བྱས་ཡོད།ཐེམ་ཆེན་རྫོང་ནི་མཚོ་སྔོན་གྱི་སྤུས་ལེགས་ནོར་ལུག་གི་ཤ་ཐོན་ཡུལ་ཡིན་པ་དང་དེའི་འབྲོག་ལས་ཐོན་རྫས་ལྷོ་སྣེར་རྟོག་ཞིབ་བྱེད་པའི་མཁོ་སྤྲོད་མིང་ཐོའི་ནང་ཚུད་པ་དེ་ཐོན་རྫས་ཀྱི་སྤུས་ཚད་དང་བཟའ་བཅའི་བདེ་འཇགས་ཚད་གཞིར་ཚད་མཐོའི་ཁས་ལེན་བྱས་པ་ཞིག་ཡིན་པ་སྨོས་མེད་རེད།

“གངས་འབྲུག་ཨང་2པ”དེ་ཀྲུང་གོའི་གླིང་སྣེའི་ཚན་རིག་རྟོག་ཞིབ་ཀྱི་གཞི་རྟེན་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཚན་ཞིབ་མི་སྣས་ཤེས་རྟོགས་དང་མཐར་ཐུག་གི་འགྲན་སློང་བྱེད་པའི་འགན་འཁྲི་འཁུར་ཡོད་པ་རེད།ཐེན་ཅུན་གྱི་སྤུས་ལེགས་ནོར་ལུག་གི་ཤ་ཞུགས་པ་དེས་ཚན་རིག་རྟོག་ཞིབ་རུ་མིར་འཚོ་བཅུད་ཕུན་སུམ་ཚོགས་པ་དང་ཁ་བའི་ནང་གི་ཟས་རིགས་ཡོང་ཁུངས་མཁོ་འདོན་བྱས་པ་མ་ཟད།ཚན་རིག་རྟོག་ཞིབ་རུ་མིར་ཕྱོགས་ཡོངས་དང་དོ་སྙོམས་ཀྱི་འཚོ་བཅུད་རྒྱབ་སྐྱོར་བྱས་པས་ཁོང་ཚོས་ཐལ་སྐྱོད་ཁོར་ཡུག་འོག་གཟུགས་པོའི་རྣམ་པ་དང་བསམ་པའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་རྒྱུར་ཕན་ཐོགས་ཡོད།

ཐེམ་ཆེན་ནོར་ལུག་གི་ཤ་ལྷོ་སྣེའི་ཚན་རིག་རྟོག་ཞིབ་གྲུ་གཟིངས་ཐོག་འཛེགས་པ་དེ་ནི་ཐེམ་ཆེན་རྫོང་གི་འབྲོག་ལས་ཐོན་རྫས་སྤུས་རྟགས་ཁྱབ་གདལ་ནུས་ལྡན་བཏང་བ་ཞིག་ཡིན་པ་མ་ཟད།ཐེམ་ཆེན་རྫོང་རྒྱལ་ཁབ་ཀྱི་འཐབ་ཇུས་ལས་འགན་གལ་ཆེན་ནང་ཞུགས་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཀྱང་རེད།ཐེམ་ཆེན་རྫོང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་འབྲོག་ལས་ཐོན་རྫས་ཀྱི་སྤུས་ཚད་དང་འགྲན་རྩོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཚན་རིག་རྟོག་ཞིབ་རུ་མིར་སྤུས་ལེགས་དང་།བདེ་འཇགས།སྐྱོན་བྲལ་བཅས་ཀྱི་འབྲོག་ལས་ཐོན་རྫས་དེ་བས་མང་བ་མཁོ་འདོན་བྱ་རྒྱུ་རེད།

ཏུའུ་ལན་དུ་ལི་གྲོ་མུའུ་ཁྲི་ཡི་དྲི་ཞིམ་འཐུལ་བ།

ཟླ་10པའི་ཟླ་དཀྱིལ་དང་ཟླ་སྨད་དུ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་གི་ལི་གྲོ་ལ་ལོ་ལེགས་བྱུང་ཡོད།

གཏེར་ལམ་རྫོང་གིས་འདི་ལོ་རྒྱ་བྲ་འདེབས་ཁྱོན་མུའུ་ཁྲི་3.7ཟིན་པ་དང་སྔོན་དཔག་བྱས་ན་ཐོན་འབབ་ཏུན་ཁྲི་0.57ཟིན་ནས“ཁེ་ལས་དང་།རྟེན་གཞི།ཞིང་དུད”བཅས་ཟུང་དུ་འབྲེལ་ཞིང་དང་ཁེ་ལས་ཀྱིས་ས་ཞིང་བརྒྱུད་བཤུག་སོགས་ཀྱི་བྱ་ཐབས་བརྒྱུད་ལི་གྲོའི་ཐོན་སྐྱེད་རྟེན་གཞི་རང་བདག་ངང་བཙུགས་པའི་འཕེལ་རྒྱས་གཏོང་སྟངས་ཤིག་རགས་ཙམ་ཆགས་ནས་ཁེ་ལས་ལ་མཁོ་བའི་མ་བཅོས་རྒྱུ་ཆ་མཁོ་སྤྲོད་བརྟན་པོ་དང་སྤུས་ཚད་འགན་ལེན་ཐུབ་པ་དང་།ཞིང་དུད་ཀྱི་ཡོང་འབབ་དང་ཧུར་བརྩོན་རང་བཞིན་ཆེ་རུ་ཕྱིན་ནས་རྒྱ་བྲ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་ཡོད་པ་རེད།དུར་ལམ་རྫོང་གིས་ཐབས་ལམ་མང་པོའི་ཐོག་ནས་ཞིང་འབྲེལ་དང་ཞིང་ལས་སྣེ་ཁྲིད་ཀྱི་ལམ་སྲོལ་འཚོལ་ཞིབ་བྱས་པ་དང་།གཉེར་སྐྱོང་བྱེད་པོ་གསར་པ་སྣ་ཚོགས་ཀྱིས་ས་ཞིང་ཚབ་གཉེར་དོ་དམ་དང་།ཚབ་རྨོ་ཚབ་ལེན།མ་རྐང་མཉམ་ལས་སོགས་ཀྱི་བྱེད་ཐབས་བརྒྱུད་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མ་རྣམས་ས་ཆ་དེ་རང་དང་ཐག་ཉེ་སར་གནས་སྤོ་བྱས་པ་དང་།སྲོལ་རྒྱུན་གྱི་རྨོ་འདེབས་བྱེད་སྟངས་ལ་འགྱུར་ལྡོག་བཏང་བ།གྲོང་མིའི་ཞོར་ལས་ཡོང་འབབ་མང་དུ་བཏང་བ་བཅས་ཀྱིས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།དུར་ལམ་རྫོང་གི་ལི་གྲོའི་ཐོན་རྫས་ཀྱི་སྤུས་རྟགས་གཙོ་བོ་ནི་ས་མཐོའི་ཅིན་ཧོ་དང་།ཁུན་ནུའོ།ལི་གྲོ་སོགས་ཡིན་པ་དང་།ལི་གྲོ་སྤུས་ཀ་ལེགས་པ་དང་།འབྲུ་རྡོག་ཆེ་ལ་རྒྱས་པ།འོད་ཆེ་བ་བཅས་ཡིན་པ།སྤྲི་དཀར་འདུས་ཚད་16.72%ཟིན་པ།ལའེ་ཨན་སྐྱུར་འདུས་ཚད་མཐོ་བ་1.085%ཟིན་པ།མྱུ་གུ་འདེབས་ཚད་959%ཡན་ཟིན་པ་བཅས་ནི་ས་བོན་གསོ་སྤེལ་བྱ་ཡུལ་ཡག་ཤོས་ཡིན་པ་དང་ས་གནས་དེ་གའི་ལི་གྲོ་ལས་སྣོན་ཞིབ་ཚགས་ཁེ་ལས་ཀྱིས་ད་དུང་ཐོན་འབབ་བྱས་ཡོད་པ་རེད།

སྟོང་སྐོར་གྲོང་ཚོའི་ནང་སྔོ་ལྗང་གི་རྣམ་པས་ཁེངས།

སྟོན་དུས་སུ་ཟི་ལིང་གྲོང་ཁྱེར་ཙོང་ཁ་ཆུས་མདོ་པ་གྲོང་རྡལ་ཡུལ་ལྷ་གྲོང་ཚོའི་དྲོད་ཁང་ཆེ་མོའི་ནང་སྔོ་ཚལ་འདེབས་མཁན་ཞིང་པ་ཚོས་སྔོ་ཚལ་འཐུ་བཞིན་ཡོད།

ཉེ་བའི་ལོ་ཤས་རིང་།ཙོང་ཆུ་ཆུས་ཀྱིས་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་གཡུ་ལྷ་གྲོང་ཚོས་གོམ་སྟབས་དམ་འཛིན་གྱིས་སྔོ་ཚལ་ཐོན་སྐྱེད་ཀྱི་རྨང་གཞི་འཐུས་སྒོ་ཚང་དུ་བཏང་བ་དང་།ཐོན་ལས་འབྲེལ་ཐག་ཧྲིལ་པོ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་བཏང་བ་བཅས་བྱས་ནས་ཟི་ལིང་གྲོང་མིའི“ཤ་ཚལ་སྒོང་གསུམ”ཕུན་སུམ་ཚོགས་སུ་བཏང་ཡོད།

“ད་ཆ་དྲོད་ཁང་ཆེ་མོའི་ནང་གི་སྔོ་ཚལ་བསྡུ་གྲབས་ཡོད་པས་ང་ཚོས་སྔོ་ཚལ་འདེབས་འགོ་བཙུགས་ཏེ་ཀྲོ་མ་ཀྲུ་དང་།སུར་པན།སྔོ་ཚལ་སོགས་འདེབས་ཀྱི་ཡོད”ཡུས་ལ་གྲོང་ཚོ་ལུའུ་ཡོན་ཞིང་ལས་རྟེན་གཞིའི་ལག་རྩལ་སྤྱི་ཁྱབ་ལྟ་ཞིབ་པ་ལི་ཅུན་གྱིས“ང་ཚོས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྨང་གཞིར་བྱས་ནས་འཐུ་བ་དང་།ལས་སྣོན།མཛོད་ཉར།ཕྱིར་ཚོང་བཅས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་ཞིག་ཆགས་ནས་སྔོ་ཚལ་ཧུའུ་པེའི་ཝུའུ་ཧན་དང་ཕུའུ་ཅན་ཞ་མོན་སོགས་སུ་ཕྱིར་ཚོང་བྱེད་ཀྱི་ཡོད”ཅེས་བཤད།

གཡུ་ལྷ་གྲོང་ཚོའི་ཏང་ཀྲི་པུས་གཡུ་ལྷ་དེང་རབས་ཞིང་ལས་ཚན་རྩལ་ཐོན་ལས་གླིང་ལྟེ་བར་བྱས་ནས་མཐའ་འཁོར་གྱི་དེང་རབས་ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ་དང་།དེང་རབས་ཞིང་ལས་ལག་རྩལ་མཁོ་འདོན་བྱེད་པ།མཐའ་འཁོར་གྱི་ཞིང་ལས་ཐོན་རྫས་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་གཏོང་བ།ཉེ་འཁོར་གྱི་བདེ་སྐྱིད་གྲོང་ཚོ་དང་ཁྲུའུ་ཝ་གྲོང་ཚོའི་སྒྲིག་བཀོད་སྔོ་ཚལ་ཐོན་སྐྱེད་ལ་སྐུལ་ཁྲིད་བྱེད་པ།ཞིང་ལས་ཐོན་རྫས་མཁོ་སྤྲོད་ནུས་ལྡན་བྱེད་མང་དུ་གཏོང་བ།གྲོང་ཚོ་ཡོངས་ཀྱི་གྲོང་མི70%སྔོ་ཚལ་འདེབས་འཛུགས་ཀྱི་འབྲེལ་ཡོད་ཐོན་ལས་ཁྲོད་ཞུགས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།