རྨ་ཆུ་བཞུར་རྒྱུད་ཀྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ལེགས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་ཆེད་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

ཉེ་སྔོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ཞིང་ཆེན་ལན་ཁུལ་གྲོང་ཁྱེར་དུ་རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ལེགས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ནས་རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཁ་ཕྱོགས་གསལ་སྟོན་གནང་བ་རེད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ་དང་།ཚང་མས་གཅིག་རྗེས་གཉིས་མཐུད་ངང་མཚོ་སྔོན་ནི“གཙང་གསུམ་ཆུ་འགོ”དང“ཀྲུང་ཧྭའི་ཆུ་མཛོད”ཡིན་པའི་ངོས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རྩ་བའི་གཞི་འཛིན་སར་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ལེགས་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་འབེན་གཞིར་བཟུང་སྟེ་“ཆུ་འགོའི་འགན་འཁྲི”ཁུར་ནས“གཞུང་རྒྱུན་གྱི་འགན་འཁྲི”ཁུར་ཏེ་རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་ཆེད་མཚོ་སྔོན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།    

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་འབྱུང་རྩའི་རྒྱུགས་ལན་ལ་ལན་འདེབས་དགོས།

“རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་ཆེ་མོའི་མཐུན་སྦྱོར་རྣམ་པ་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་དགོས”།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུའི་ཐོག་སྣོད་བཅུད་མ་ལག་གལ་ཆེན་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ནས་འབབ་རྒྱུད་ཀྱི་སྣོད་བཅུད་མ་ལག་གི་བརྟན་པོའི་རང་བཞིན་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།མཚོ་སྔོན་ཞིང་ཆེན་སྣོད་བཅུད་ཁོར་ཡུག་ཐིང་རང་བྱུང་སྣོད་བཅུད་སྲུང་སྐྱོང་ཁྲུའི་ལས་བྱེད་པ་མིའོ་ཧུའེ་ཐེན་གྱིས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ད་རེས་ཀྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ལས་དོན་ཏན་ཏིག་ལ་བརྟེན་ནས་རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ་དང་རྨ་ཆུའི་ཆུ་རྒྱུན་སྲུང་སྐྱོང་བྱས་ཏེ་རྨ་ཆུ་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་མ་ཡུམ་ཆུ་བོར་གྱུར་པར་སྟོབས་ཤུགས་འདོན་དགོས།

མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་ཆུའི་ཐོན་ཁུངས་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཀྲང་ཡུང་ལིས་ང་ཚོས་བཞུགས་མོལ་ཚོགས་འདུའི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཆུའི་ཐོན་ཁུངས་ཀྱི་འགྱུར་མེད་གཅུན་སྡོམ་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་།རྒྱལ་ཁབ་ཀྱི་ཆུ་གྲོན་ཆུང་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ།སྣོད་བཅུད་རྒྱུག་ཚད་ལ་དོ་དམ་ནན་པོ་བྱེད་པ་བཅས་བྱེད་དགོས་ཞེས་བཤད་པ་རེད།“གཅིག་རྒྱུན་གཅིག་འཛིན་དང་།བརྙན་ཡོལ་གཉིས་སྲུང་སྐྱོང་།ཁུལ་གསུམ་གྱིས་སྣེ་ཁྲིད།འཕྲེད་ལྔ་གཞུང་ལྔའི”ཆུའི་དྲ་བའི་རྣམ་པ་མགྱོགས་མྱུར་བསྐྲུན་ནས་རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ལེགས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་སྐུལ་འདེད་གཏོང་ཆེད་མཚོ་སྔོན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

རྨ་ཆུ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་ཁོངས་སུ་སྤྱི་ལེ་206ཡོད་པ་དང་འབབ་རྒྱུད་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་4652ཟིན་ཡོད།རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་ཏང་མང་གིས་རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ལེགས་འཕེལ་རྒྱས་ཀྱི་རྒྱལ་ཁབ་འཐབ་ཇུས་ལ་དམ་འཛིན་བྱས་ཏེ་འབའ་རྫོང་གིས་རང་བྱུང་སྣོད་བཅུད་མ་ལག་སྲུང་སྐྱོང་དང་ཉམས་གསོ་མུ་མཐུད་མགྱོགས་སུ་བཏང་ནས་རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་ཀྱི་བྱེ་འཁྱགས་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་མཐོ་གྲང་སྤང་ལྗོངས་ཀྱི་སྣོད་བཅུད་ཞན་འགྱུར་ཕྱོགས་བསྡུས་བཅོས་སྐྱོང་བྱེད་སྟངས་གསར་པ་ཞིག་གཏོད་རྒྱུ་ཡིན་པའི་ངོས་འཛིན་བྱས་པ་རེད།

“ཕ་ཡུལ་གྱི་སྣོད་བཅུད་ཁོར་ཡུག་བཟང་པོ་དེ་འབྲོག་པ་མང་ཚོགས་ཀྱིས་གཅེས་སྐྱོང་ཞིབ་ཚགས་བྱས་པ་དང་ཁ་འབྲལ་ཐབས་མེད”མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་བྲག་ཆུ་ཤང་ཁུག་ཆེན་གྲོང་ཚོའི་སྣོད་བཅུད་དོ་དམ་སྲུང་སྐྱོང་བ་ནོར་བུ་བཀྲ་ཤིས་ཀྱིས“སླད་ཕྱིན་གྱི་ལས་དོན་ཁྲོད་ངས་འབད་བརྩོན་ལྡབ་འགྱུར་བྱས་ཏེ་སྣོད་བཅུད་སྲུང་སྐྱོང་གི་དང་བླངས་ལས་དོན་ཡག་པོ་བསྒྲུབས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལམ་བུའི་ཐོག་གི་འབྱུང་རྩའི་རྒྱུགས་ལན་ཡག་པོ་རྒྱག་རྒྱུ་ཡིན”ཞེས་བཤད།

ལྗང་མདོག་འཕེལ་རྒྱས་ཀྱི་ཚད་བརྒལ་གསར་པ་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱེད་པ།

“འཕེལ་རྒྱས་གཏོང་སྟངས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་ནས་ཁྱད་ལྡན་ལེགས་ཆའི་དེང་རབས་ཐོན་ལས་མ་ལག་བསྐྲུན་དགོས”།

“རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ལེགས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུས་ང་ཚོས་རྨ་ཆུའི་མཚོ་སྔོན་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་འབད་བརྩོན་གྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད”མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཁྲུའི་ལས་བྱེད་པ་མེ་ཤིའུ་ཀོན་གྱིས་ང་ཚོས་སི་ཁྲོན་དང་ཀན་སུའུ་སོགས་སྨད་རྒྱུད་ཞིང་ཆེན་དང་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་ས་ཁོངས་ལས་བརྒལ་བ་དང་འབབ་རྒྱུད་བརྒལ་བའི་གྲོས་མོལ་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ་སྣོད་བཅུད་ཁོར་ཡུག་མཉམ་འགོག་མཉམ་བཅོས་དང་།ལྗང་མདོག་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས།རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་སོགས་ཐད་ཆུ་ཚད་དེ་བས་མཐོ་བའི་མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ཉེ་བའི་ལོ་ཤས་རིང་།ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས“ཆུ་བེད་དངུལ་ཁང”གི་ཁྱད་ལྡན་སྤུས་རྟགས་ཟམ་མི་ཆད་པར་གསལ་པོ་ཕྱེ་ཡོད།ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་རྨང་གཞིའི་སྒྲིག་བཀོད་སྤྱོད་མཁན་ཁྲུའི་ཁྲུའུ་ཀྲང་ཧོ་ཡན་གྱིས“གོམ་སྟབས་རྗེས་མར་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་ཆུ་བེད་དངུལ་བུན་གྱི་གཞི་ཁྱོན་དང་།སྲིད་ཇུས་ཀྱི་རྣམ་པ།འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས།སྤུས་རྟགས་གཟུགས་བརྙན་སོགས་ཐད་ཚད་བརྒལ་གསར་པ་ཡོང་རྒྱུ་རེད”ཅེས་བཤད།

“ལྗང་མདོག་ཐཱན་ཉུང་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བཏོན་གནང་བའི་བླང་བྱ་ལས་ཟི་ལིང་གི(རྒྱལ་ཁབ་རིམ་པ)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཀྲུང་དབྱིའི་ཚོར་སྣང་ཟབ་མོ་བྱུང་སྟེ“ང་ཚོས་འབྱུང་འགྱུར་གྱི་ཐོན་ལས་བཀོད་སྒྲིག་བྱེད་མགྱོགས་སུ་བཏང་ནས་ཁེ་ལས་ཀྱི་གསར་གཏོད་ལས་སྟེགས་འཛུགས་སྐྲུན་ལ་ཁྲིད་སྟོན་དང་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་ཐཱན་ཚི་སྣའི་ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་།ཐོན་སྐྱེད་ནུས་ཤུགས་གསར་པ་སྐྱེད་སྲིང་དང་འཕེལ་རྒྱས་བཏང་ནས་ས་ཁོངས་དཔལ་འབྱོར་སྤུས་ལེགས་འཕེལ་རྒྱས་ལ་གསར་སྤེལ་ཁུལ་ལ་སྟོབས་ཤུགས་འདོན་དགོས།

མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་རུ་འོད་ཤུགས་གློག་གཏོང་པང་ལེབ་དེ་རྒྱ་མཚོ་སྔོན་པོ་ལྟར་རྒྱུན་མཐུད་བྱས་ཡོད།“འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ང་ཚོས་གནམ་གཤིས་གནམ་གཤིས་ལ་མ་བལྟོས་པར་བརྟན་པོའི་ངང་གློག་གཏོང་ཐུབ་ཡོད”མཚོ་སྔོན་ཀྲུང་གོ་ཚོད་འཛིན་ཉི་ནུས་གློག་གཏོང་ཚད་ཡོད་ཀུང་སིའི་འགན་འཁུར་བ་ལིའུ་ཝུན་ཁྲུང་གིས“ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མུ་མཐུད་རྒྱུན་འཛིན་བྱས་ཏེ་ནུས་རྒྱུ་གཙང་མའི་ཁྱབ་ཁོངས་སུ་མ་དངུལ་གཏོང་ཤུགས་དང་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་ནུས་རྒྱུའི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ཐཱན་རི་རྩེ་དང་ཐཱན་དང་དམིགས་ཚད་མངོན་འགྱུར་ཡོང་ཆེད་མཚོ་ནུབ་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་བཤད།

མཉམ་དུ་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད།

“གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་དར་རྒྱས་ལ་སྤྱི་འདོམས་བྱས་ནས་དམངས་འཚོའི་བདེ་སྐྱིད་བརྟན་པོའི་ངང་ཆེ་རུ་གཏོང་དགོས་པ”།

རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ལེགས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་སྐབས་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་ཀྲུའུ་ཧྥེང་ཅ་ཡིས“མཚོ་ཤར་གྲོང་ཁྱེར་གྱིས་སྲུང་སྐྱོང་གཙོ་བོར་བྱེད་པ་དང་བཅོས་སྐྱོང་གཙོ་བོར་བྱས་ཏེ་ཆུ་འགོ་གསོ་སྐྱོང་དང་སྣོད་བཅུད་ཐོན་རྫས་དེ་བས་མང་བ་གཏོད་རྒྱུ་གཙོ་གནད་དུ་བྱས་ནས་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་མ་ཡུམ་གཙང་པོའི་སྐྱེ་སྟོབས་དང་གསོན་ཤུགས་ནམ་ཡང་མི་ཉམས་པ་བྱ་རྒྱུ་དམིགས་ཚད་དུ་བྱས་ཏེ་རྨ་ཆུའི་མཚོ་ཤར་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ལེགས་འཕེལ་རྒྱས་ཀྱི་ལོ་གསུམ་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ།

ཉེ་བའི་ལོ་ཤས་རིང་།མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་གསེར་ཐང་ཤང་སྟོང་མདའ་གྲོང་ཚོའི་གསོ་ཚགས་དང་ཚབ་གཉེར་འདེབས་འཛུགས་སོགས་ཐོན་ལས་ཕྱོགས་ཡོངས་ནས་མེ་ཏོག་བཞད་པ་དང་།གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉིའུ་ཧྲེང་ཡིའུ་ཡིས་སྟོང་མདའ་གྲོང་ཚོས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དང་སྟོབས་ཆེར་བཏང་བ་བརྒྱུད་གོང་བུར་འགྲིལ་ཤུགས་ཆེ་རུ་གཏོང་བ་དང་།བདེ་སྡོད་ཁོར་ཡུག་གཏོད་པ།གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་དར་རྒྱས་ཐོན་ལས་འཕེལ་རྒྱས་གཏོང་བ།དམངས་ཕན་སྲིད་ཇུས་ཁག་དོན་འཁྱོལ་བཅས་བྱས་ནས་དམངས་འཚོར་འགན་ལེན་བྱེད་པ་དང་གསོན་ཤུགས་ལྡན་པའི་སྟོང་མདའ་གཏམ་རྒྱུད་ཡག་པོ་ཤོད་རྒྱུ་ཡིན་ཟེར།

མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་གྲོང་ཁྱེར་གྲ་མོ་ཤང་གྲ་མོ་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཧོང་ཐིང་ཧྥུང་གིས“ང་ཚོས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་སྣོད་བཅུད་ཡུལ་སྐོར་དང་ཁྱད་ལྡན་མི་རིགས་རིག་གནས་ཕན་ཚུན་མཉམ་སྐྱོད་དང་ཆར་པ་ཆུ་གྲོགས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་གསར་བརྗེའི་གཞི་རྒྱུ་གསོག་ནུས་དང་།སྣོད་བཅུད་དཔལ་འབྱོར་གཉིས་ཕན་མཉམ་གནས།གྲོང་གསེབ་འཛུགས་སྐྲུན་ཉིན་རེ་བཞིན་ལེགས་སུ་འགྲོ་བ།དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་འགྲོ་བ་བཅས་བྱ་རྒྱུ་ཡིན”ཞེས་བཤད།

མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དེ་ཉིད་མཚོ་བོད་ས་མཐོའི་ལྟེ་བ་དང་གཙང་གསུམ་ཆུ་འགོའི་ལྟེ་བའི་ཁུལ་དུ་གནས་པ་དང“ཀྲུང་ཧྭའི་ཆུ་མཛོད”གི་གྲུབ་ཆ་གལ་ཆེན་ཞིག་རེད།མགོ་ལོག་ཁུལ་དགའ་བདེ་རྫོང་ཕྱིང་སྒྲོན་ཤང་གི་འབྲོག་པ་བསོད་ནམས་མགོན་གྱིས“ཉེ་བའི་ལོ་ཤས་རིང་ཕ་ཡུལ་གྱི་སྣོད་བཅུད་ལེགས་སུ་ཕྱིན་པ་མ་ཟད།ད་དུང་གྲོང་གསེབ་དར་རྒྱས་ཀྱི་ཐོན་ལས་ཀྱང་གཅིག་རྗེས་གཉིས་མཐུད་ངང་བཙུགས་པས་ཚང་མའི་དངུལ་ཁུག་དེ་བས་མང་དུ་ཕྱིན་ཡོད།ངས་ཀྱང་འབད་བརྩོན་ལྡབ་འགྱུར་བྱས་ཏེ་ཕ་ཡུལ་དེ་བས་མཛེས་སྡུག་ལྡན་པ་ཞིག་བསྐྲུན་ནས་འཚོ་བ་དེ་བས་ལེགས་པ་ཞིག་སྐྱེལ་རྒྱུ་ཡིན”ཞེས་བཤད།

“སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུར་སྒུལ་ཤུགས་གསར་པ་བསྣན་ཡོད”མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གོར་མོ་གྲོང་ཁྱེར་གདང་ལའི་གྲོང་རྡལ་གྱི་ཀྲེན་ཀྲང་ཅང་ཡོན་གྲོང་ཚོའི་ཧྲུའུ་ཅི་དང་པོ་ལེའང་ལེང་གིས“གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་ཡིན་པའི་ངོས་ནས་ངས་གྲོང་མི་ཡོངས་ཀྱི་སྣེ་ཁྲིད་དེ་སྣོད་བཅུད་སྲུང་སྐྱོང་དང་སྤུས་ལེགས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་གྲོང་གསེབ་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་ཡིད་ཆེས་ཆེན་པོས་བཤད།

(སྨྱུག་འཛིན་པ།ཅ་ཧུང་། ཟུར་ཞུགས་པ།ཧོ་རྨིན།ཝང་ཧྥེ་ཧྥེ།ཝང་ཀྲེན།ཀྲང་ཧུའེ་ཧུའེ།ཁྲེན་ཅུན།སུའུ་ཧྥེང་།ཧུང་ཡུས་ཅེ།དབྱི་ཡའོ་ཙེང་།ལི་ཡུང་པོ།རེན་ལུང་ཞང་།ཝུའུ་ཀྲོའུ་ཆན། ཐན་ཧྲུན་ཀྲེན།)

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།