མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6པའི་ཚེས8ཉིན། "མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་ལེའུ་གསར་པ་འབྲི་བ་དང་། རླབས་རིས་འཕྱུར་བའི་ཡོ་ལང་གི་རྣམ་པ་གསར་པ་མངོན་པ" བརྗོད་དོན་གཙོ་བོ་ཡིན་པའི་ཟླ་གསུམ་རིང་གི་མཚོ་སྔོན་པོའི་སྐྱེ་ཁམས་རིག་གནས་དྲིལ་སྒྲོག་དུས་ཚིགས་དེ་མཚོ་སྔོན་པོའི་རྣུ་ལྕེ་ལྗོངས་ཁུལ་དུ་འགོ་བརྩམས་པ་རེད།
མཚོ་སྔོན་པོར་ཐུན་མོང་མ་ཡིན་པའི“ཆུ་དང་རྩྭ། ཉ། བྱ། གཅན་གཟན”བཅས་མཉམ་གནས་ཀྱི་སྐྱེ་ཁམས་མ་ལག་ཡོད་ལ། ཁྱད་དུ་འཕགས་པའི་རིག་གནས་ཀྱི་རྟགས་མཚན་ལྡན། “རྒྱལ་དོན་གྱི་ཆེ་ཕྱོགས”ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས།“དཔེ་སྟོན་ཁུལ་གཅིག་དང་ས་ཁུལ་གཅིག”གསར་འཛུགས་གཏིང་ཟབ་བྱས་ཏེ། མཚོ་སྔོན་པོའི་སྐྱེ་ཁམས་ཀྱི་སྤུས་ཚད་དང་མང་ཚོགས་ཀྱི་ཡོང་འབབབ། གྲོང་གསེབ་དར་སྤེལ་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་བཏང་བ་དང་། སྐྱེ་ཁམས་ཀྱི་མཛེས་སྡུག་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཉམས་འགྱུར། འཆམ་མཐུན་བཅོས་སྐྱོང་གི་མཉམ་འདྲེས་རྣམ་པ་ཆགས། སྐྱེ་ཁམས་རིག་གནས་དྲིལ་སྒྲོག་དུས་ཚིགས་ཀྱིས“འཚོ་བ་དང་ཐོན་སྐྱེད། སྐྱེ་ཁམས་བཅས་མཉམ་རྒྱལ”གྱི་འགྱུར་ལྡོག་གསར་པ་དང་གྲུབ་འབྲས་གསར་པར་དམིགས་ཏེ། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་ཀྱི་ཕན་འབྲས་གཅིག་སྡུད་བྱས་ནས།“ཆུ་དང་རྩྭ། ཉ། བྱ། གཅན་གཟན”བཅས་མཉམ་གནས་ཀྱི་མ་ལག་གིས་སྐྱེ་ཁམས་རིག་གནས་དང་ལོ་རྒྱུས་རིག་གནས། གསར་བརྗེའི་རིག་གནས། མི་རིགས་ཀྱི་རིག་གནས། མཐོ་སྒང་གི་རིག་གནས་བཅས་བརྒྱུད་རིམ་ལྡན་པའི་སྒོ་ནས་སྔོག་འདོན་བྱས།
སྐྱེ་ཁམས་རིག་གནས་དྲིལ་སྒྲོག་དུས་ཚིགས་ཀྱི་བྱ་འགུལ་དེ་མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་མཉམ་འབྲེལ་བྱས་ཏེ་གཙོ་སྒྲུབ་བྱས་པ་རེད། སྐྱེ་ཁམས་འགྲེམ་སྟོན་དང་མ་ལག་རིག་གནས་སྔོག་འདོན་མཉམ་འདྲེས་བྱས་ཏེ། བསྡོམས་པའི་བརྗོད་བྱ་གཙོ་བོའི་གྲུབ་འབྲས་འགྲེམས་སྟོན་དང་། མཚོ་སྔོན་པོའི་སྐྱེ་ཁམས་པར་རིས་འགྲེམས་སྟོན། སྐྱེ་ཁམས་རིག་གནས་ཡུལ་དངོས་རྩད་ཞིབ་དང་དེ་མིན་སློབ་རར་བསྐྱོད་པའི་བྱེད་སྒོ། མཚོ་སྔོན་པོའི་དཔེ་ཚོགས་དང་དེ་མིན་རང་བྱུང་སློབ་གསོའི་ཕྲེང་བསྟར་ཞིབ་འཇུག་སློབ་སྦྱོང་གི་ལག་དེབ་སྟེར་བ་སོགས་ཚན་པ་ཆེན་པོ་བདུན་བཀོད་སྒྲིག་བྱས་ཏེ། མཚོ་སྔོན་པོའི་སྐྱེ་ཁམས་རིག་གནས་མུ་འབྲེལ་ཐོན་རྫས་གཅིག་སྡུད་སྒོས་བཏོན་པ་དང་། མང་ཚོགས་ཀྱིས“མཛེས་ལྗོངས་ལ་ལྟ་བ”ནས“རིག་གནས་མྱོང་རོལ་དང་སྐྱེ་ཁམས་ཤེས་རྟོགས་བྱེད་པའི”ཕྱོགས་སུ་བསྒྱུར་བར་སྐུལ་ཁྲིད་བྱས་པ་དང་། སྤྱི་ཚོགས་སྟོབས་ཤུགས་སྔར་ལས་མང་པོ་གཅིག་ཏུ་བསྡུས་ཏེ་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་གི་གྲལ་དུ་ཞུགས་སུ་བཅུག་ནས། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། སྐྱེ་ཁམས་རིག་གནས་དྲིལ་སྒྲོག་དུས་ཚིགས་གོ་སྐབས་སུ་བྱས་ནས། མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ཀྱིས་མུ་མཐུད་དུ་མཚོ་སྔོན་པོའི་སྐྱེ་ཁམས་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་དང་། རང་བྱུང་སློབ་གསོའི་མ་ལག་འཐུས་ཚང་དུ་བཏང་སྟེ། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་རིག་གནས་སྤུས་རྟགས་རྒྱུན་མཐུད་ངང་སྐྱེད་སྲིང་བྱས།