མཚོ་བོད་ལྕགས་ལམ་བརྒྱུད་དེ“མཁའ་ལམ”གྱི་ངོ་མཚར་གཏམ་རྒྱུད་ལ་གཟིགས་པ།
ལོ་ངོ་བདུན་ཅུའི་བཤུལ་ལམ་རིང་མོ་ལས་ན་གོར་མོའི་འཕེལ་རྒྱས་ལ་གཟིགས་པ།

མཚོ་བོད་ལྕགས་ལམ་ནི་ཟི་ལིང་ནས་མགོ་བརྩམས་ཏེ་ན་གོར་མོ་བརྒྱུད་ཐད་ཀར་ལྷ་སར་ཐོན་ཐུབ།
ལམ་ཐག་ལ་སྤྱི་ལེ1956ཡོད་ཅིང་། ལམ་བར་དུ་ཁུ་ནུ་རི་རྒྱུད་དང་གངས་ལྗོངས་ཀྱི་མཐོ་སྒང་བརྒལ་ནས་བགྲོད་དགོས།
དེ་ནི་འགྲན་སློང་གིས་ཁེངས་པའི་ལམ་བུ་ཞིག་ཡིན་ལ། རང་བྱུང་གི་ངོ་མཚར་བའི་ལམ་བུ་ཞིག སྐྱེ་ཁམས་སྲུང་སྐྱོང་གི་ལམ་བུ་ཞིག འཕེལ་རྒྱས་ཡར་ཐོན་གྱི་ལམ་བུ་ཞིག མཐུན་སྒྲིལ་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཡིན།
དེ་མིན་དུས་རབས་ཀྱི་ལམ་བུ་ཞིག་སྟེ། འཛུགས་སྐྲུན་པས་ཆ་སྙོམས་མཚོ་འཕགས་སྨི4500ལྷག་ཡོད་པའི་མཐོ་སྒང་དུ། གྲང་ངར་དང་བུ་ཡུག་རྒོད་ཅིང་། གསོ་རླུང་མི་འདང་བའི་དཀའ་ཁག་ལ་གདོང་གཏད་དེ། དཀའ་སྤྱད་འབད་བརྩོན་གྱི་རྔུལ་ཆུ་དང་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་ཀྱིས་འཛམ་གླིང་སྟེང་མཚོ་འཕགས་ཆེས་མཐོ་བའི་ལྕགས་ལམ་བཏོད་དེ། ཕུགས་འདུན་དང་དངོས་ཡོད་གཉིས་མཐོ་སྒང་དུ་མངོན་འགྱུར་བྱས།
“ཚད་མཐོའི་འགྲན་སློང་། རྩེ་གྲའི་འཛུགས་སྐྲུན”ཞེས་པའི་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་ཀྱིས་དུས་རབས་ཀྱི་འོད་སྣང་ཕྱོགས་བཞིར་བསྩལ།
ད་ལོ་ནི་མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཡོངས་སུ་མེ་འཁོར་ཤར་གཏོང་བྱས་ནས་ལོ་འཁོར20ལོན་པའི་ལོ་ཡིན། ཟླ5ཚེས28ཉིན་ནས་བཟུང་། ཤིན་ཧྭ་གསར་འགྱུར་ཁང་གི་བཅར་འདྲི་ཚན་ཆུང“མཁའ་ལམ”བརྒྱུད་མཐོ་སྒང་གི་དབུས་ཁུལ་བརྒལ་ཏེ། ལོ་ངོ་ཉི་ཤུའི་འཕོ་འགྱུར་གྱི་བཤུལ་ལམ་རིང་མོ་དང་དུས་རབས་གསར་པའི་མཐོ་སྒང་གི་ངོ་མཚར་གཏམ་རྒྱུད་ཟིན་ཐོར་འགོད་ཞོར། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་ཉམས་སུ་མྱོང་བ་དང་ཀྲུང་གོའི“མཁའ་ལམ”གྱི་གཏམ་རྒྱུད་བཤད།
2006ལོའི་ཟླ7པའི་ཚེས1ཉིན།
“མཚོ་སྔོན1”རྟགས་ཅན་གྱི་མེ་འཁོར་ན་གོར་མོ་ནས་ལམ་ལ་ཆས་ཏེ།
དལ་བ་དལ་བུར་ལྷ་སའི་ཕྱོགས་སུ་བསྐྱོད།
མེ་འཁོར་གྱི་དུང་བརྡ།
གངས་ལྗོངས་ཀྱི་མཁའ་དབྱིངས་སུ་གྲགས།
དུས་དེ་ནས།
རི་བོ་མཐོ་ཡང་འཛེག་སླ་ཞིང་།
རྒྱང་ཐག་རིང་ཡང་མཇལ་སྐལ་ལྡན།

2006ལོའི་ཟླ7ཚེས1ཉིན། མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཡོངས་སུ་མེ་འཁོར་ཤར་གཏོང་བྱས་ནས། མཚོ་སྔོན་གྱི་ཁོངས་སུ་གནས་པའི་ཐའོ་ཐའོ་གཙང་པོའི་ཟམ་སྣེ་རུ་ས་གནས་མང་ཚོགས་ཀྱིས་དགའ་བསུ་བྱེད་བཞིན་པའི་ཚུལ།
མི་ཉུང་བ་ཞིག་གི་སྣང་ངོར།
ན་གོར་མོ་ནི།
ས་ཁྲའི་སྟེང་དུ་ཡོད་པའི།
རྒྱང་ཐག་རིང་བའི་མྱ་ངམ་ཐང་གི་གྲོང་ཁྱེར་ཆུང་ཆུང་ཞིག་ཡིན་པར་འདོད།
བོད་སྐྱོད་མེ་འཁོར་བརྒྱུད་ལམ་གྱི།
འགག་རྩའི་ས་ཚུགས་གལ་ཆེན་ཞིག
འོན་ཀྱང་།
ན་གོར་མོའི་ངོ་མཚར་གཏམ་རྒྱུད་ལ།
དེ་ཙམ་གྱིས་ག་ལ་ཚད།
དུས་རབས20པའི་ལོ་རབས50པའི་དུས་མགོར།
ན་གོར་མོ་དེ།
གྲོང་ཁྱེར་ངོ་མ་ཞིག་མིན་པར།
ཚྭ་འདམ་གཤོང་སའི་ས་ཆ་ཞིག་གི་མིང་ཡིན།
མི་ནི་ཕར་ཞོག་ནམ་མཁའི་བྱའང་གནས་དེར་འཕུར་དཀའ་བའི་མྱ་ངམ་ཐང་ཞིག་ཡིན།
1953ལོར།
དམག་དཔོན་ཆེན་མོ་མུའུ་ཧྲེང་ཀྲུང་གིས་སྣེ་ཁྲིད་པའི་ལམ་བཟོའི་དཔུང་ཆེན་གནས་དེར་འབྱོར་རྗེས།
ལག་ནང་གི་ལྕགས་ཁེམ་སར་བཙུགས་ནས་འདི་སྐད།
“ང་ཚོའི་སྦྲ་གུར་གང་དུ་དབུབ་ན་དེ་ནི་ན་ན་གོར་མོ་ཡིན”ཞེས་བཤད།

ན་གོར་མོ་གྲོང་ཁྱེར་དུ་ཀྲོང་ངེར་འགྱིང་བའི་མུའུ་ཧྲེང་ཀྲུང་གི་འཇིམ་སྐུ།
སྦྲ་གུར་ཐོག་མ་ཕུབ་པ་དང་བསྟུན།
ལམ་བཟོའི་དཔུང་ཆེན།
གནས་འདིའི་རབས་དང་པོའི་སྡོད་དམངས་སུ་གྱུར།
ཁང་པ་མེད་ན་རང་ཉིད་ཀྱིས་བསྐྲུན་ཆོག
ལྗོན་པ་མེད་ན་རང་ཉིད་ཀྱིས་གཟུག་ཆོག
ན་ན་གོར་མོ་འདི་ལྟར་བྱེ་རླུང་ཁྲོད་རིམ་གྱིས་ནར་སོན།

དུས་རབས20པའི་ལོ་རབས80པར། མི་རྣམས་ཀྱིས་ན་གོར་མོ་གྲོང་ཁྱེར་ཉེ་འགྲམ་གྱི་བྱེ་ཐང་དུ་ས་ཞིང་སྙོམས་བཞིན་སྔོ་ལྗང་ཅན་གྱི་ལས་ལ་གྲ་སྒྲིག་བྱེད་བཞིན་པའི་ཚུལ།
དམག་དཔོན་ཐོག་ཁང་དེ།
ན་གོར་མོ་གྲོང་ཁྱེར་གྱིས་བསྐྲུན་པའི་ཐོག་ཁང་ཐོག་མ་ཡིན།
ཐོག་ཁང་ཁ་གཏད་ཀྱི་ལྗོན་པ་ཆེ་ཞིང་ཧ་ཅང་སྦོམ་པོ་ཡིན།
དེའི་ནང་གི་ལྗོན་པ་གཅིག་ནི།
སྐབས་དེར་དམག་དཔོན་མུའུ་ཧྲེང་ཀྲུང་གིས་དངོས་སུ་བཙུགས་པ་ཡིན་པའི་བཤད་རྒྱུན་ཡོད།

ཡུལ་སྐོར་པ་དམག་དཔོན་ཐོག་ཁང་མདུན་དུ་བསྐྱོད་བཞིན་པའི་ཚུལ།

འདི་ནི་ན་གོར་མོ་གྲོང་ཁྱེར་གྱི་དམག་དཔོན་ཐོག་ཁང་སྤྱི་གླིང་དུ་ཡོད་པའི་དམག་དཔོན་གྱི་ལྗོན་པ་ཡིན།
ལོ་ངོ70ལྷག་འདས་རྗེས་ཀྱི།
ད་ལྟའི་ན་གོར་མོ།
སྒེའུ་ཁུང་ལས་ལྗང་མདོག་མཐོང་ཞིང་། འགྲོ་ལམ་དུ་བསིལ་གྲིབ་མཐོང་ཐུབ་པ་དང་།
གང་ས་གང་དུ་སྐྱེ་སྟོབས་ཀྱི་དཔལ་འབར་འདུག

པར་རིས་གོང་མ་ནི་དུས་རབས20པའི་ལོ་རབས80པར་པར་བསྐྱོན་པའི་ན་གོར་མོ་གྲོང་ཁྱེར་གྱི་ཁྲོམ་གཞུང་གི་མཛེས་ལྗོངས།
པར་རིས་ཞོལ་མ་ནི2026ལོའི་ཟླ6ཚེས6ཉིན་པར་བསྐྱོན་པའི་ན་གོར་མོ་གྲོང་ཁྱེར་གྱི་ཟུར་ཞིག

པར་རིས་གོང་མ་ནི་དུས་རབས20པའི་ལོ་རབས80པར་པར་བསྐྱོན་པའི་ན་གོར་མོ་གྲོང་ཁྱེར་གྱི་ཁྲོམ་གཞུང་གི་མཛེས་ལྗོངས།
པར་རིས་ཞོལ་མ་ནི2026ལོའི་ཟླ6ཚེས6ཉིན་པར་བསྐྱོན་པའི་ན་གོར་མོ་གྲོང་ཁྱེར་གྱི་ཟུར་ཞིག

2026ལོའི་ཟླ6ཚེས6ཉིན་པར་བསྐྱོན་པའི་ན་གོར་མོ་གྲོང་ཁྱེར་གྱི་མི་བགྲོད་ལམ་ཐིག་ཅིག

ན་གོར་མོ་གྲོང་ཁྱེར་གྱི་ལམ་མདོར་ཡོད་པའི་འཇིམ་བཟོའི་གཙོད་ཁྱུ།
མྱ་ངམ་ཐང་དུ།
ཡུག་གཅིག་ཏུ་འབྲེལ་བའི་འོད་ཤུགས་པང་ལེབ་ཉི་འོད་ལ་བརྟེན་ནས་འཁོར་སྐྱོད་བྱེད་བཞིན་མཆིས།
ཚྭ་ཁམས་ཚྭ་མཚོའི་འགྲམ་ངོགས་སུ།
ཚྭ་འདོན་གྲུ་གཟིངས་ཤིག་དལ་གྱིས་བསྐྱོད་བཞིན།
གྲོང་ཁྱེར་ཆུང་ཆུང་དེ་རུ།
རྒྱུན་མི་ཆད་པར་ལྗང་མདོག་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱས་བཞིན་ཡོད།

ན་གོར་མོའི་གྲོང་འཁྱེར་གྱི་འདབས་སུ་ཡོད་པའི་རྨ་ཆུ་ཆུ་གློག་ཀུང་སིའི་ན་གོར་མོའི་ཀྲའོ་ཝ200ཡི་དྲ་སྦྲེལ་འོད་ཤུགས་གློག་འདོན་ས་ཚུགས།

ན་གོར་མོ་གྲོང་ཁྱེར་དུ་པར་བསྐྱོན་པའི་འོད་དྲོད་གློག་འདོན་ས་ཚུགས།

ཚྭ་ཁམས་ཚྭ་མཚོའི་སྟེང་གི་ཚྭ་འདོན་གྲུ་གཟིངས།

ཚྭ་འདོན་གྲུ་གཟིངས་ཀྱིས་མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སིའི་ཅ་ལུད་ཡན་ལག་ཀུང་སིའི་ཚྭ་མཚོའི་ལས་གཉེར་བྱེད་བཞིན་པའི་ཚུལ།

ཚྭ་ཁམས་ཚྭ་མཚོའི་ཟུར་ཞིག
ན་གོར་མོ་གྲོང་ཁྱེར་གྱི་ལྷོ་ཕྱོགས་སུ།
གཙང་པོའི་མགོ་ཁུངས་སུ་མེད་ཀྱང་མགོ་ཁུངས་ཀྱི་མིང་བཏགས་པའི་སྡེ་བ་ཞིག་ཡོད།
དེར་འབྲི་ཆུའི་མགོ་ཁུངས་སྡེ་བ་ཟེར།
གནས་དེའི་སྡེ་མི་མང་ཆེ་བ་ལོ་ངོ20སྔོན་ལ།
གཙང་གསུམ་མགོ་ཁུངས་སྐྱེ་ཁམས་སྲུང་སྐྱོབ་སྲིད་ཇུས་ལག་ཏུ་བསྟར་ཆེད།
གནས་འདིར་གནས་སྤོ་མཛད།

ན་གོར་མོ་གྲོང་ཁྱེར་འབྲི་ཆུའི་མགོ་ཁུངས་སྡེ་བ།
ད་ལྟའི་སྡེ་བ་མཚོ་བོད་གཞུང་ལམ་དང་ཐག་ཉེ་སྟབས།
འགྲིམ་འགྲུལ་ཧ་ཅང་སྟབས་བདེ་ཡིན།
སྣུམ་ལམ་ཁྱིམ་ཚང་རེ་རེའི་སྒོ་ཁར་ཐོན་ཡོད།
བོད་བཟོའི་སོ་ཕག་གི་རྡོ་ཁང་།
སྲང་ལམ་གྱི་གཞོགས་གཉིས་སུ་གྲལ་འགྲིག་པོར་བསྒྲིགས་ཡོད།

ན་གོར་མོ་གྲོང་ཁྱེར་འབྲི་ཆུའི་མགོ་ཁུངས་སྡེ་བའི་ཟུར་ཞིག
ན་གོར་མོ།
ལམ་ལ་བརྟེན་ནས་འཕེལ་ཞིང་། ལམ་ལ་བརྟེན་ནས་དར།
དམག་དཔོན་ཐོག་ཁང་སྤྱི་གླིང་གི་སྒོ་ཁར།
“མཁའ་ལམ་གྱི་དྲན་གསོའི་མཆོད་རྟེན”ཞིག་ཀྲོང་ངེར་བསླངས་ཡོད།
མཆོད་རྟེན་དེ་གཞུང་ལམ་དང་ལྕགས་ལམ་གྱི་རྣམ་པ་གཞིར་བཟུང་ནས་འཛུགས་སྐྲུན་བྱས་པའི།
མཚོ་བོད་གཞུང་ལམ་དང་མཚོ་བོད་ལྕགས་ལམ་བཟོ་སྐྲུན།
རྗེས་དྲན་གྱི་ཆེད་དུ་བསྐྲུན་པ་ཡིན།

ན་གོར་མོ་གྲོང་ཁྱེར་དམག་དཔོན་ཐོག་ཁང་སྤྱི་གླིང་གི“མཁའ་ལམ་གྱི་དྲན་གསོའི་མཆོད་རྟེན”།
མཚོ་བོད་གཞུང་ལམ་ཤར་གཏོང་བྱས་པ་དང་བསྟུན།
ཕར་འགྲོ་ཚུར་འོང་གི་མི་ཚོགས་གནས་འདིར་འདུས་ནས་འགྲུལ་བཞུད་ཀྱི་ལམ་ཐིག་བརྗེ་བཞིན་ཡོད་པ་དང་།
ཕྱོགས་བཞི་མཚམས་བརྒྱད་ཀྱི་དངོས་ཟོག་གནས་འདིར་ཉོ་འཚོང་བྱེད་བཞིན་ཡོད།

མཚོ་བོད་གཞུང་ལམ་གྱི་མཚོ་སྔོན་ན་གོར་མོའི་རླངས་འཁོར་སྐྱེལ་འདྲེན་ས་ཚུགས།

མི་རྣམས་ཀྱིས་ན་གོར་མོའི་ཚོང་ར་ནས་སིལ་ཏོག་ཉོ་བཞིན་པའི་ཚུལ།(1995ལོར་པར་བསྐྱོན)
1984ལོར།
མཚོ་བོད་ལྕགས་ལམ་ཟི་ལིང་ནས་ན་གོར་མོ་བར་དུ་ཤར་གཏོང་བྱས།
2006ལོར།
མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཡོངས་སུ་མེ་འཁོར་ཤར་གཏོང་བྱས།
2023ལོར།
ཟི་ལིང་ནས་ན་གོར་མོ་བར་ལ“མྱུར་བགྲོད་མེ་འཁོར་གྱི་དུས་རབས”སུ་སླེབས།
……
མེ་འཁོར་སྔར་ལས་སྔོན་ཐོན་ཏུ་གྱུར་ཞིང་།
ན་གོར་མོར་འགྲོ་འོང་བྱེད་པའི་མེ་འཁོར་ཇེ་མང་ནས་ཇེ་མང་རེད།

དུས་རབས20པའི་ལོ་རབས70པར། མཚོ་བོད་ལྕགས་ལམ་ན་གོར་མོའི་བར་དུ་བསྐྲུན་ཞིང་། འཛུགས་སྐྲུན་པ་ཚོས་ན་གོར་མོའི་མེ་འཁོར་ས་ཚུགས་སྐྲུན་བཞིན་པའི་ཚུལ།

2006ལོའི་ཟླ7ཚེས1ཉིན། མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཡོངས་སུ་མེ་འཁོར་ཤར་གཏོང་བྱས། ན་གོར་མོ་ནས་ལམ་ལ་ཆས་པའི“མཚོ་སྔོན1”རྟགས་ཅན་གྱི་མེ་འཁོར་མཚོ་འཕགས་སྨི4767ཡོད་པའི་ཁུ་ནུ་རི་བོ་བརྒྱུད་བཞིན་པའི་ཚུལ།

2023ལོའི་ཟླ7ཚེས1ཉིན། ཟི་ལིང་ནས་ན་གོར་མོ་བར་གྱིC891རྟགས་ཅན་གྱི་མྱུར་བགྲོད་མེ་འཁོར་ལམ་ལ་ཆས་བཞིན་པའི་ཚུལ།
གཞུང་ལམ་སྔོན་ལ་བསྐྲུན་པ་དང་།
ལྕགས་ལམ་དང་མཁའ་ལམ་རིམ་བཞིན་བསྐྲུན་ཏེ།
དེང་རབས་ཀྱི་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་བ་ཞིག
གནས་འདི་རུ་མགྱོགས་མྱུར་ངང་གྲུབ།

པར་རིས་གོང་མ་ནི་དུས་རབས20པའི་ལོ་རབས80པར་པར་བསྐྱོན་པའི་ན་གོར་མོའི་མེ་འཁོར་ས་ཚུགས་ཀྱི་ཟུར་ཞིག
པར་རིས་ཞོལ་མ་ནི2026ལོའི་ཟླ6ཚེས6ཉིན་པར་བསྐྱོན་པའི་ན་གོར་མོའི་མེ་འཁོར་ས་ཚུགས་ཀྱི་ཟུར་ཞིག

པར་རིས་གོང་མ་ནི་དུས་རབས20པའི་ལོ་རབས80པར་པར་བསྐྱོན་པའི་ན་གོར་མོའི་མེ་འཁོར་ས་ཚུགས་ཀྱི་ཟུར་ཞིག
པར་རིས་ཞོལ་མ་ནི2026ལོའི་ཟླ6ཚེས6ཉིན་པར་བསྐྱོན་པའི་ན་གོར་མོའི་མེ་འཁོར་ས་ཚུགས་ཀྱི་ཟུར་ཞིག

པར་རིས་གོང་མ་ནི2006ལོའི་ཟླ6ཚེས6ཉིན་པར་བསྐྱོན་པའི་ན་གོར་མོའི་མེ་འཁོར་ས་ཚུགས།
པར་རིས་ཞོལ་མ་ནི2026ལོའི་ཟླ6ཚེས5ཉིན་པར་བསྐྱོན་པའི་ན་གོར་མོའི་མེ་འཁོར་ས་ཚུགས།

པར་རིས་གོང་མ་ནི་དུས་རབས20པའི་ལོ་རབས70པར་པར་བསྐྱོན་པའི་ན་གོར་མོའི་གནམ་ཐང་།
པར་རིས་ཞོལ་མ་ནི2026ལོའི་ཟླ6ཚེས5ཉིན་པར་བསྐྱོན་པའི་ན་གོར་མོའི་གནམ་ཐང་།
ལྗོན་པ་གཅིག་ནས་སྔོ་ཐིང་ངེར་ཆགས་པའི་གནས་མཆོག་ཅིག་ཏུ་གྱུར་ཞིང་།
ལྕགས་ཁེམ་གྱིས་བསྐྲུན་པའི“སྒར་གྲོང”ནས།
ཤིན་ཅང་དང་བོད་ལྗོངས་སུ་བགྲོད་ཐུབ་པའི་མཐོ་སྒང་གི་འགྲིམ་འགྲུལ་ལྟེ་བ་རུ་གྱུར།
ད་ལྟའི་ན་གོར་མོ་ནི།
འོད་ལམ་ལམ་གྱི་མུ་ཏིག་གི་སྙན་ཤལ་བཞིན
འབྱམས་ཀླས་པའི་མྱ་ངམ་ཐང་དུ་འོད་ལམ་ལམ་ངང་འཚེར་བཞིན་ཡོད།