དབྱར་འགོ་མའི་ཟླ་ལྔ་པར། དུས་ཚིགས་གཉིས་པའི་ཨར་ལས་དུས་སྐབས་ལེགས་པོ་འགོ་བརྩམས། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཚན་རིག་སྒོས་ཨར་ལས་རྩ་འཛུགས་ཀྱི་ཇུས་གཞི་ལེགས་སྒྱུར་བྱས་ཤིང་། ས་ཁོངས་དགར་བ་དང་། མཚོ་འཕགས་བར་ཁྱད་དགར་ནས་ཨར་ལས་འཛིན་སྡོམ་བྱས་ལ། སྤྱི་འདོམས་བྱས་ནས་འགྲིམ་འགྲུལ་ལས་གཞི་འཛུགས་སྐྲུན་སྐུལ་འདེད་བྱས། ཟླ5པའི་ཚེས22ཉིན་གྱི་བར། མཚོ་སྔོན་གྱི་གཙོ་གནད་གཞུང་ལམ་ལས་གཞི་མང་པོ་ཞིག་གིས་བཟོ་སྐྲུན་མྱུར་ཚད་བཟུང་ནས། སྤྱི་ཡོངས་ཀྱི་འཕེལ་རིམ་བདེ་བླག་རེད།
མུ་མཐུད་དུ་རྨ་ཆུའི་འགྲམ་རྒྱུད་ཀྱི་འགྲིམ་འགྲུལ་བཀོད་སྒྲིག་འཐུས་ཚང་དུ་གཏོང་ཆེད། ཞིང་ཆེན་བར་གྱི་ཕན་ཚུན་སྦྲེལ་མཐུད་ཀྱི་བརྒྱུད་ལམ་ཡངས་པོར་བྱས་ཤིང་། མཚོ་སྔོན་གྱིས་གཙོ་བོར་རྒྱལ་ལམ310ཏ་ཧི་ཅ(མཚོ་སྔོན་ནས་ཀན་སུའུ་བར)ནས་རག་ཤུལ་མཚམས་ཀྱི་གཞུང་ལམ་ལས་གཞི་འཛུགས་སྐྲུན་བྱེད་པ་དེ་གཙོ་གནད་དུ་བཟུང་ནས་སྐུལ་འདེད་གཏོང་རྒྱུ་རེད། མིག་སྔར། ལས་གཞི་འདིའི་ལམ་གཞི་དང་། ཚད་ལྡན་ཟམ་པ། ས་འོག་ཆུ་ལམ་བཟོ་སྐྲུན་དེ་ཕལ་ཆེར་ཡོངས་འགྲུབ་བྱས་ཚར་ལ། ལམ་ཧྲིལ་བོའི་ཕུག་ལམ་བདུན་བརྟོལ་ཚར་བ་དང་། གནད་འགག་གི་ས་མཚམས་ལས་གཞི་སྔོ་རྒྱ་འགག་རྨ་ཆུའི་ཟམ་ཆེན་གྱི་གཞུ་དབྱིབས་ཀ་བ་དང་གདུང་འགེབས་ལས་ཀ་ཕྱོགས་ཡོངས་ནས་འགྲུབ་ཡོད། དབྱི་སེ་རྨ་ཆུའི་ཟམ་ཆེན་བདེ་བླག་ངང་ཟམ་པ་ཡོངས་མཐུད་ཚར་ལ། ཚོད་འཛིན་རང་བཞིན་གྱི་ཟམ་པའི་ལས་གཞི་ཆེ་བ་དག་གོ་རིམ་ལྡན་པའི་ངང་ཐོད་བརྒལ་བྱས་ཡོད། མིག་སྔར། རྣམ་གྲངས་དེ་ལམ་ངོས་སྙོམ་འདིང་དང་། འགྲིམ་འགྲུལ་བདེ་འཇགས་སྒྲིག་བཀོད་སོགས་ཁོངས་གཏོགས་བཟོ་སྐྲུན་ལས་ཀ་གཙོ་གནད་སྐུལ་འདེད་བཏང་ནས། ཁྲོན་ཁུག་ནས་ཏ་ཧི་ཅ་བར་གྱི་མྱུར་ལམ་དང་། དེ་ནས་ཀ་ཅུ་བར་གྱི་མྱུར་ལམ་འགྲུབ་ནས་བཀོལ་བཞིན་ཡོད། ལམ་ཧྲིལ་བོ་འཆར་གཞི་ལྟར་ན2027ལོའི་ཟླ12པར་འགྲུབ་རྒྱུ་རེད།
མཚོ་སྔོན་གྱིས་དུས་མཉམ་དུ་ཞིང་ཆེན་ནང་ཁུལ་གྱི་གཞུང་ལམ་སྤུས་འདེགས་ལེགས་སྒྱུར་ཐད་སྐུལ་འདེད་བྱས་ཤིང་། རྒྱལ་ལམ་ལམ་ཐིག310སྟེ། གཅན་ཚ་ནས་གུང་ཧོ་བར་གྱི་གཞུང་ལམ་འཛུགས་སྐྲུན་བཟོ་སྐྲུན་གྱི་སྤྱིའི་ལས་ཀ་འགྲུབ་ཚད་ཕལ་ཆེར80%ལ་སླེབས་ཡོད། འཆར་གཞི་ལྟར་ན་ཟླ7པའི་ཟླ་མཇུག་སྔོན་ལ་གདུང་ལེབ་རྩིག་འདིང་བྱ་བ་ཡོངས་སུ་ལེགས་འགྲུབ་བྱ་རྒྱུ་ཡིན་པ་དང་། ཟླ8པའི་ཟླ་མཇུག་སྔོན་དུ་ལྷག་མའི་བཟོ་སྐྲུན་ཡོངས་འགྲུབ་དང་། ལས་སྤྲོད་ཞིབ་བཤེར་གྱི་ཚད་གཞིར་སླེབས་སུ་འཇུག་རྒྱུ་རེད། རྒྱལ་ལམ་ལམ་ཐིག310སྟེ། གཅན་ཚ་ནས་གུང་ཧོ་བར་མཚམས་དང་། ཡར་ཁ་ནས་ཨ་སྐོང་བར་མཚམས་ཀྱི་ཁྲི་ཀ་ནས་གད་པ་སུམ་མདོ་བར་གྱི་གཞུང་ལམ་མཐུད་ཚད་དེ། མིག་སྔར་ལམ་གྱི་རྨང་གཞིའི་བཟོ་སྐྲུན་འགྲུབ་ཚད95%ལ་སླེབས་ཡོད། ཟམ་པའི་འོག་གི་སྒྲིག་གཞིའི་བཟོ་སྐྲུན་ཡོངས་ལེགས་འགྲུབ་བྱས་ཚར་ལ། འཆར་གཞི་ལྟར་ན་ཟླ6པར་གདུང་ལེབ་རྩིག་འདིང་གི་ལས་ཀ་བསྒྲུབ་རྒྱུ་ཡིན་ལ། ཟླ7པར་ལམ་ངོས་བཟོ་སྐྲུན་ལས་རྒྱུ་རེད།
རྒྱལ་ལམ338དེ་ཧེ་ཞིན་ནས་ཐེམ་ཆེན་བར་གྱི་གཞུང་ལམ་ཆུ་ཁོལ་ནས་སྤྱང་ཚང་མཚམས་ཀྱི་བཟོ་སྐྲུན་ལེགས་བཅོས་ཀྱིས་སྐྱེ་ཁམས་མཐུན་འཕྲོད་རང་བཞིན་གྱི་འབྲོག་ཁུལ་གཞུང་ལམ་བསྐྲུན་བཞིན་ཡོད། མིག་སྔའི་བར་དུ། ལས་གཞིའི་ལམ་གཞི་དང་། ལམ་ངོས་གཏིང་རིམ། ཁང་སྐྲུན་བཟོ་སྐྲུན་ཚང་མ་ལེགས་འགྲུབ་བྱས་ཚར་ལ། ཟམ་འོག་ཆུ་ལམ་བཟོ་སྐྲུན་འགྲུབ་ཚད98%ལ་སླེབས་ཡོད། ཨར་ལས་སྤུས་ཚད་ཞིབ་བཤེར་ཡོངས་སུ་ཚད་ལྡན་དུ་ལོངས་ཡོད་ལ། ལམ་འགྲམ་གྱི་རྡོ་འདིང་བ་དང་། ལམ་ཁོངས་ཁོར་ཡུག་བཅོས་སྐྱོང་། འགྲམ་རྒྱུད་ལྗང་སྒྱུར་རྩྭ་འདེབས་སོགས་ཁོངས་གཏོགས་བཟོ་སྐྲུན་གོ་རིམ་ལྡན་པའི་ངང་སྐུལ་འདེད་བྱེད་བཞིན་ཡོད། དེ་ལས་གཞན། ལས་གཞི་འདིའི་ལམ་དུམ་གསུམ་གྱི་ལམ་ངོས་ཚོད་ལྟ་ཡོངས་སུ་བདེ་བླག་ངང་འགྲུབ་ཡོད་ལ། RJSG-1གི་ལམ་དུམ་ལམ་ངོས་རྨང་གཞིའི་རིམ་པ་འདིང་བའི་ལས་ཀ་དངོས་སུ་འགོ་བརྩམས་ཡོད་ལ། ལས་གཞི་འདི་ལམ་ངོས་ལས་ཀའི་གནད་འགག་གི་མཁྲེགས་གཏོར་དུས་རིམ་དུ་སླེབས་ཡོད།